དབུ་མཛད་ལ་སྒྲ་སྙན་དབྱངས་ནང་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༤
ང་ཡི་དྲང་བ་ཉིད་ཀྱི་ཀྱེ་དཀོན་མཆོག བདག་གིས་འབོད་དུས་བཀའ་ལན་གནང་བར་མཛོད། ང་འུ་ཐུག་དུས་ཡངས་པོར་བཞག་མཁན་ཁྱེད། ཐུགས་རྗེས་གཟིགས་ཤིང་ང་ཡི་སྨོན་ལམ་གསོན།༢ ནམ་ཐུག་མིས་ངའི་ཞེ་ས་སྨད་སྒྲར་བྱ། འཆོལ་བར་ཆགས་ཤིང་བརྫུན་གཏམ་འཚོལ་བར་བྱ།
༣ ཡཱ་ཝཱེས་ཆོས་སེམས་ཅན་དེ་ཁོང་ཉིད་ཕྱིར། སོ་སོར་ཕྱེས་ནས་ཡོད་པ་རྟོགས་པར་བྱོས། བདག་གིས་འབོད་དུས་ཡཱ་ཝཱེས་གསན་པར་འགྱུར།
༤ ཚང་ཚང་འདར་ཞིང་སྡིག་པ་མ་བྱེད་ཅིག ཉལ་ཁྲིར་ཁ་རོག་སྙིང་ནང་བསམ་བློ་ཐོང་། [སེ་ལཱ།]
༥ དྲང་བ་ཉིད་ཀྱི་མཆོད་པ་རྣམས་ཕུལ་ཞིག ཡ་ཧོ་ཝཱ་ལ་ཁྱོད་ཀྱིས་བློ་གདེང་བྱོས།
༦ བཟང་པོ་སུས་ནི་བསྟན་འོང་མང་པོས་ཟེར། ཡཱ་ཝཱེ་ཁྱེད་ཀྱི་ཞལ་རས་འོད་དེ་ནི། ངེད་ཀྱི་སྟེང་དུ་འདེགས་པར་མཛད་དུ་གསོལ།
༧ འབྲུ་དང་རྒུན་ཆང་མང་པོ་འཕེལ་བ་ན། མི་རྣམས་དགའ་བ་བས་ཀྱང་ལྷག་པ་ཡི། དགའ་སྤྲོ་ཁྱེད་ཀྱིས་ང་ཡི་སྙིང་ནང་བསྩལ།
༨ ང་ནི་ཡཱ་ཝཱེ་ཁྱེད་གཅིག་འབའ་ཞིག་གིས། ཉེ་ཞོ་མེད་སར་གནས་པར་མཛད་པས་ན། ངའི་བློ་བདེ་ཞིང་ཉལ་ཏེ་གཉིད་ལོག་འོང་༎