དཱ་བིད་རང་གི་སྲས་ཨབ་ཤ་ལོམ་ལས་བྲོས་དུས་ཀྱི་གསུང་མགུར་ཞིག་ནི།
༣
ཡཱ་ཝཱེ་ངའི་དགྲ་ག་ཙམ་འཕེལ་ནས་སོང་། ང་ལ་སྡང་བའི་མི་ནི་མང་པོ་འདུག༢ དཀོན་མཆོག་ཕྱོགས་ནས་ཁོ་ལ་སྐྱབས་མི་འབྱུང་། ཞེས་ངའི་སྲོག་ཕྱིར་ཟེར་མཁན་མི་རྣམས་མང་། [སེ་ལཱ།]
༣ འོན་ཀྱང་ཡཱ་ཝཱེ་ཁྱེད་ངའི་ཕུབ་དང་ནི། ང་ཡི་དཔལ་དང་གོ་ས་སྤར་མཁན་ལགས།
༤ སྐད་ནི་ཆེན་པོས་ཡཱ་ཝཱེར་ངས་འབོད་པས། ཁོང་གིས་དམ་པའི་རི་ནས་བཀའ་ལན་གནང་། [སེ་ལཱ།]
༥ ང་རང་ཉལ་ནས་གཉིད་ལ་སོང་བ་ཡིན། ཡཱ་ཝཱེས་སྐྱོབ་ཅིང་གཉིད་ནས་ང་བསླངས་སོ༎
༦ བདག་གི་མཐའ་འཁོར་དམག་གྲལ་བསྒྲིགས་པ་ཡི། སྐྱེས་པ་སྟོང་ཕྲག་དེ་ལ་ང་མི་འཇིགས།
༧ ཡཱ་ཝཱེ་བཞེངས་ཤིག་སྐྱོབས་ཤིག་ངའི་དཀོན་མཆོག ཁྱེད་ཀྱིས་ངའི་དགྲ་ཀུན་གྱི་འགྲམ་རུས་བཅག མི་ངན་དག་གི་སོ་རྣམས་ཁྱེད་ཀྱིས་བཅག
༨ ཡ་ཧོ་ཝཱ་ལས་ཐར་པ་འབྱུང་བས་ན། ཁྱེད་ཀྱི་མི་སྡེར་བྱིན་གྱིས་རློབས་པར་མཛོད༎ [སེ་ལཱ།]