༤༡
ལྕགས་ཀྱུས་ལེ་ཝི་ཡཱ་ཐན་འཐེན་ནུས་སམ། ཐགས་པས་དེའི་ལྕེ་ཐུར་དུ་མནན་ནུས་སམ།  དེ་ཡི་སྣ་ལ་སྣ་ལོ་འདོགས་ནུས་སམ། དེའི་འགྲམ་ཚལ་ལྕགས་ཀྱུ་མཉམ་རྟོལ་ནུས་སམ།  དེ་ཡི་ཁྱོད་ལ་རབ་ཏུ་བཅོལ་འགྱུར་རམ། ཡང་ན་ཁྱོད་ལ་ངོ་གསོའི་གཏམ་བྱའམ།  ཁྱོད་ཀྱིས་དེ་ནི་ཚེ་གཡོག་འཇོག་རྒྱུ་ལ། དེ་ཡིས་ཁྱོད་མཉམ་འཆིང་ཡིག་བྱེད་འགྱུར་རམ།  བྱ་མཉམ་རྩེད་འདྲར་དེ་མཉམ་རྩེད་འོང་ངམ། ཡང་ན་གཡོག་མོའི་ཕྱིར་བཀྱིག་པར་ནུས་སམ།  ཉ་དོལ་པ་རྣམས་ཀྱིས་དེ་ནི་བཙོང་ནས། ཚོང་པས་ལྷུར་བཏུབ་ནས་དེ་སྦྱིན་ནུས་སམ།  ལྕགས་ཀྱི་ཟེ་མས་དེའི་པགས་པ་བཀང་ནས། ཉ་པའི་མདུང་གིས་ཁོའི་མགོ་འགེངས་ནུས་སམ།  དེའི་ཐོག་རང་གི་ལག་པ་འཇོག་ཅིག་དང་། དམག་འདི་དྲན་ནས་སླར་དེ་འདྲ་མ་བྱེད།  ཀྱེ་ཧོ་ཁོའི་ཕྱིར་རེ་བ་དོན་རེ་ཆུང་། སུ་དེ་མཐོང་བ་ཙམ་གྱིས་མི་འགྱེལ་ལམ། ༡༠ ཁོ་དཀྲོག་སྤོབས་པའི་ངར་ཅན་གར་ཡང་མེད། དེས་ན་བདག་དྲུང་འགྲེང་ནུས་པ་དེ་སུ། ༡༡ ངས་ཚབ་འཇལ་རྒྱུར་སུས་སྔར་བདག་ལ་བྱིན། གནམ་ཧྲིལ་འོག་ན་ཡོད་པ་ངའི་མིན་ནམ།
༡༢ ཁོ་བོས་དེ་ཡི་ཡན་ལག་སྟོབས་དང་བྱད། འཛོམས་པའི་སྐོར་དུ་ཞལ་རོག་པར་མི་བྱ། ༡༣ དེ་ཡི་བླ་གོས་སུ་ཡིས་ཤུ་བར་ནུས། དེའི་སོའི་གྲལ་གཉིས་བར་སུ་འཛུལ་བར་ནུས། ༡༤ དེའི་གདོང་གི་སྒོ་རྣམས་སུས་འབྱེད་པར་ནུས། འཁོར་ནས་ཡོད་པའི་སོ་རྣམས་འཇིགས་སུ་རུང་། ༡༥ དེ་རང་ཉ་སག་ཕྱིར་དུ་རང་མཐོང་སྐྱེ། དེ་ནི་བརྩེགས་ནས་ཐེ་མོས་བསྡམས་པ་འདྲ། ༡༦ དེ་དག་པར་དུ་རླུང་རྒྱུ་མི་ནུས་ཙམ། དེ་དག་གཅིག་དང་གཅིག་ཚགས་དམ་སྟེ། ༡༧ དེ་དག་སོ་སོར་འཕྲལ་བར་མི་ནུས་ཙམ། དེ་དག་གཅིག་དང་གཅིག་ནི་བྱར་ནས་འབྲེལ། ༡༨ དེ་ལ་སྦྲིད་འོང་དུས་སུ་མེ་ལྕེ་འཁྱུག དེ་ཡི་མིག་གཉིས་ཐོ་རངས་མིག་ལྤགས་འདྲ། ༡༩ ཁ་ལས་འབར་བའི་སྤ་འབར་རྣམས་འཐོན་ཞིང་། མེ་ཡི་མེ་སྟག་རྣམས་ནི་རྒྱང་རྒྱང་འཕར། ༢༠ འཁོལ་བའི་བཟངས་སམ་གདུག་པའི་སོག་མ་འདྲར། དེ་ཡི་སྣ་ལས་དུ་བ་འཐུ་ལུ་ལུ། ༢༡ དེ་ཡི་ཧ་ཡིས་སོལ་བར་མེ་མཆེད་ཅིང་། དེ་ཡི་ཁ་ལས་མེ་ལྕེ་ཧར་ཧར་འཐོན། ༢༢ དེ་ཡི་མཇིང་པའི་ནང་དུ་སྟོབས་གནས་ཤིང་། དེ་ཡི་མདུན་ན་འཇིགས་པས་གར་ཞིག་རོལ། ༢༣ དེ་ཡི་ཤ་སྲུབ་གཅིག་དང་གཅིག་སྦྲེལ་ཏེ། དེ་རྣམས་དེའི་ཐོག་བྱར་བས་སྒུལ་མི་ནུས། ༢༤ དེ་ཡི་སྙིང་ནི་རྡོ་བ་ལྟར་སྲ་ཞིང་། འོ་ན་རང་འཐག་འོག་རྡོ་འདྲ་བར་ལས། ༢༥ ཁོ་ལངས་དུས་དཔའ་བོ་ཡང་འཇིགས་སྐྲག་ཅིང་། འཇིགས་པའི་དབང་གིས་དེ་ཚོའི་དྲན་པ་སྟོར། ༢༦ སུས་རལ་གྲི་ཕྱར་ན་དེ་ལ་མི་འཕོག མདུང་ངམ་འཁོར་ལོ་མཚོན་གྱིས་དེ་མི་ཐུབ། ༢༧ ལྕགས་ནི་དེ་ཡིས་སོག་མ་བཞིན་དུ་དང་། ཟངས་ཤིང་རུལ་པ་དང་འདྲ་བར་རྩིར། ༢༨ མདའ་མོས་ཀྱང་ཁོ་འབྲོས་དུ་འཇུག་མི་ནུས། དབྱུག་རྡོའི་རྡོ་བ་སོག་རོ་འདྲ་བར་ཡིན། ༢༩ དེས་རྡོ་བ་རྣམས་སོག་རོ་ལྟ་བུར་རྩི། མདུང་སྐོར་བ་ལ་དེ་ནི་དགོད་ཅིག་འཆོར། ༣༠ དེ་ཡི་ཁོག་སྨད་རྡོ་ཙེབ་ཙེབ་འདྲ། གཡུལ་ཐང་འཁོར་ལོ་བཞིན་དུ་འདམ་རྫབས་སྙོམས། ༣༡ ཁོག་མ་འདྲ་བར་གཏིང་ཟབ་འཁོལ་དུ་འཇུག སྤོས་ཆུའི་བུམ་པར་བྱེད་འདྲར་མཚོ་ལ་བྱེད། ༣༢ ཕྱི་བཞིན་རྒྱ་ལམ་འོད་དུ་འཕྲོ་བར་བྱེད། གཏིང་ཟབ་པ་ནི་སྐྲ་དཀར་རྣམས་འདྲར་སྣང་། ༣༣ བཀོད་པར་གྱུར་པ་འཇིགས་མེད་དེ་འདྲ་བ། ས་གཞིའི་སྟེང་ན་མཚུངས་ཟླ་གང་ཡང་མེད། ༣༤ མཐོ་མཐོ་ཡིན་ཚད་ལ་དེ་ཡིས་ལྟ་བས། ང་རྒྱལ་གྱི་བུ་རྣམས་ཀྱི་རྒྱལ་པོ་ལགས༎