༣༧
དེ་ཡི་རྐྱེན་གྱིས་བདག་གི་སྙིང་འདར་ཞིང་། རང་རང་མལ་ལ་མ་ལུས་པར་འཁྱོར་ལ་སོང་།  ཁོང་གི་གསུང་གི་སྐད་ཀྱི་ང་རོ་དང་། ཞལ་ལས་འཐོན་པའི་སྐད་ལ་རྣ་བས་ཉོན།  དེ་ནི་གནམ་ཧྲིལ་པོའི་འོག་ཏུ་རྫོང་ཞིང་། ས་མཐའ་རྣམས་ཀྱི་བར་དུ་གློག་འཁྱུག་འཇུག  དེའི་རྗེས་སུ་འུར་སྒྲའི་སྐད་ཅིག་བྱུང་། ཁོང་ཉིད་ཆེ་བའི་སྐད་ཀྱིས་ལྡིར་སྒྲ་སྒྲོག གསུང་སྒྲ་སྒྲོག་དུས་དེ་དག་ཕྱིར་མི་སྒུག  དཀོན་མཆོག་སྐད་ཀྱིས་ལྡིར་སྒྲ་ཧ་ལས་བྱིན། ངེད་ཀྱིས་རྟོགས་མི་ནུས་པའི་ལས་ཆེན་མཛད།  ཁ་བ་ཁྱོད་རང་ས་གཞིར་བོབས་ཤིག་གསུང་། དེ་དང་འདྲ་བར་དྲག་ཆར་དང་ཉིད་ཀྱི། སྟོབས་ཀྱི་དྲག་ཆར་ལ་ཡང་སྒོ་བར་མཛད།  ཁོང་གིས་བཀོད་པའི་མི་ཡིས་རྟོགས་པའི་ཆེད། མི་ཡི་ལག་པར་ཕྱག་རྒྱ་འདེབས་པར་མཛད།  དེ་རྣམས་དུད་འགྲོ་ཕུག་པའི་ནང་འཛུལ་ཞིང་། དེ་ཚང་གི་ནང་དུ་སྡོད་པར་བྱེད།  ལྷོ་ཡིས་ཁྱིམ་ལས་སྐོར་རླུང་ལྡང་བར་མཛད། བྱང་གི་ཕྱོགས་ལས་གྲང་བ་ལྡང་བར་མཛད། ༡༠ དཀོན་མཆོག་དབུགས་ཀྱིས་ཁྱགས་པ་ཆགས་འཇུག་པས། ཆུ་བོ་རྣམས་ཀྱི་ཞེང་ནི་འཁུམ་ནས་འགྲོ། ༡༡ སྤྲིན་འཐུག་པོར་རླན་གཤེར་འགེལ་བར་མཛད། ཉིད་ཀྱི་འོད་ཀྱི་སྤྲིན་རྣམས་རྒྱང་དུ་གཏོར། ༡༢ དེ་ཚོས་ཁོང་གིས་ཅི་གསུང་འཇིག་རྟེན་གྱི། ས་སྟེང་སྒྲུབ་ཏུ་ཁོང་གིས་ཇུས་ཀྱིས་འགུག ༡༣ བསྡམ་བཞག་ཕྱིར་རམ་ཁོང་ཉིད་ཡུལ་ཕྱིར་རམ། ཐུགས་རྗེའི་དོན་དུ་དེ་ཡང་འབེབས་པར་མཛད།
༡༤ ཀྱེ་ཡོབ་འདི་ནི་ཉན་ཅིང་ཁ་རོག་སྡོད། དཀོན་མཆོག་འཕྲིན་ལས་ངོ་མཚར་ཆེ་རྣམས་སྒོམ། ༡༥ དཀོན་མཆོག་གིས་དེ་དག་ལས་སུ་སྐོ་ཞིང་། ཁོང་སྤྲིན་གྱི་གློག་ནམ་འཕོ་ཁྱེད་ཤེས་སམ། ༡༦ སྲང་ནང་སྤྲིན་འདེགས་མཛད་ཕུན་སུམ་ཚོགས་པའི། མཁྱེན་རབ་ཀྱི་མཛད་པ་རྣམས་ཁྱེད་ཤེས་སམ། ༡༧ ལྷོ་རླུང་གིས་ས་གཞི་ཞི་བར་བྱེད་དུས། ཅིའི་ཕྱིར་ཁྱེད་ཀྱི་གོས་རྣམས་དྲོན་པོར་འགྲོ། ༡༨ བླུགས་མའི་མེ་ལོང་ལྟར་བརྟན་པའི་གནམ་དེ། ཁྱེད་ཀྱིས་ཁོང་མཉམ་རྐྱོང་བར་བྱེད་ཐུབ་བམ།
༡༩ གཏི་མུག་དབང་གིས་ངེད་ཀྱི་སྨྲ་མི་ནུས། དེའི་ཕྱིར་ཁོང་ལ་ཞུ་བྱ་ངེད་ཚོར་སྟོན། ༢༠ ངས་སྨྲ་བ་འདི་ཁོང་ལ་འཆད་རུང་ངམ། མི་ཞིག་རང་མེད་པར་འགྱུར་བར་འདོད་དམ། ༢༡ མིས་ད་གནམ་ལ་གསལ་བའི་འོད་མི་མཐོང་། འོན་ཀྱང་རླུང་རྣམས་རྒྱུ་ཞིང་དེ་རྣམས་སེལ། ༢༢ བྱང་ཕྱོགས་ལས་འབྱུང་བའི་གསེར་གྱི་མདངས་དེ། འཇིགས་སུ་རུང་བའི་དཀོན་མཆོག་གི་དཔལ་ལགས། ༢༣ ངེད་ཀྱིས་ཀུན་དབང་ཁོང་ནི་རྟོག་མི་ནུས། མཐུ་སྟོབས་ཞལ་ཆེ་གཅོད་པར་ཁྱད་འཕགས་ཤིང་། ཐུགས་དྲང་མང་ཞིང་སྡུག་བསྔལ་སྟེར་མི་མཛད། ༢༤ དེའི་ཕྱིར་མི་རྣམས་ཁོང་ལ་འཇིགས་ཤིང་སྐྲག སྙིང་ནང་མཁས་གང་ལའང་མི་གཟིགས་སོ༎