༣༠
ད་ལྟ་བདག་ལས་གཞོན་པས་བདག་ལ་འཕྱ། དེ་ཚོའི་ཕ་རྣམས་ངའི་ལུག་ཁྱུའི་ཁྱི་མཉམ། འཇོག་པ་ལ་ཡང་བདག་ཁམས་ལོག་པ་ཡིན། ༢ ཉམས་སྟོབས་ཟད་པར་གྱུར་པའི་མི་དེ་ཡི། ལག་པའི་སྟོབས་ཀྱིས་བདག་ལ་ཕན་ཅི་ལགས། ༣ དེ་དག་རྒྱགས་ཆད་དང་ཟན་དཀོན་གྱིས་སྐམ། མདང་མཚན་འབྲོག་སྟོང་དང་སྔ་མ་ནས། སྟོངས་པའི་ཐང་སྟོང་ནང་དུ་བྱེ་མ་མུར། ༤ ཟ་བའི་ཕྱིར་ཚེར་མའི་ཚེར་སྟར་དང་ནི། གསེད་ཀྱི་རྩ་བ་དེ་དག་གིས་བསྒྲུགས་སོ། ༥ དེ་དག་མི་ཁྲོད་ལས་བཏོན་རྐུན་མའི་རྗེས། སྐུ་སྒྲ་རྒྱབ་འདྲར་དེ་དག་ལ་སྒྲ་བརྒྱབ། ༦ དེ་དག་ལུང་པ་རྣམས་ཀྱི་ཕུག་པ་དང་། སའི་ཁུང་རྣམས་དང་བྲག་གི་ནང་དུ་བསྡད། ༧ དེ་ཚོས་ཚེར་གསེབ་ནང་ནས་ངག་སྒྲ་བཏང་། ལྗང་ཚེར་ལྐོག་ཏུ་དེ་དག་ཚོགས་པ་ཡིན། ༨ གླེན་པའི་བུ་དང་རིགས་ངན་བུ་ཡིན་པས། དེ་དག་ཡུལ་གྱི་ནང་ནས་སྤྱུགས་པ་ལགས།༩ ད་ནི་བདག་རང་དེ་དག་གི་གླུར་གྱུར། མ་ཟད་བདག་དེ་དག་གི་གཏམ་དཔེར་གྱུར། ༡༠ བདག་ལ་ཁམས་ལོག་ཅིང་རྒྱང་རིང་དུ་སྡོད། དེ་ཚོས་བདག་གི་གདོང་པར་མཆིལ་འདོར་རྒྱབ། ༡༡ ཁོང་གིས་ཆོམ་ཐག་བཀྲོལ་ནས་བདག་ལ་བཙེས། དེ་ཚོས་བདག་གི་མདུན་དུ་སྲབ་ཀྱང་ཕུད། ༡༢ ངའི་གཡས་ཁྱེའུ་ལངས་ནས་ངའི་རྐང་པ་འཕུལ། དེ་དག་གི་འཇིག་པའི་ལམ་བདག་ཕྱོགས་འདོན། ༡༣ ངའི་ལམ་འཇིག་ཅིང་ངའི་ཉོན་མོངས་འཕེལ་འཇུག དེ་དག་རང་ལའང་མགོན་སྐྱབས་བྱེད་པ་མེད། ༡༤ ཆུ་རུད་རྒྱ་ཆེ་བ་ལྟར་ཚུར་འོང་ཞིང་། འཕུང་དུས་དེ་དག་བདག་སྟེང་རྦབ་ཏུ་སྒྲིལ། ༡༥ འཇིགས་པ་རྣམས་ནི་བདག་གི་ཐོག་ཏུ་ལོག ཁོ་ཚོས་ངའི་ཞེ་སར་རླུང་འདྲར་བདའ་བས། བདག་གི་བདེ་བ་སྤྲིན་ལྟར་ཕར་བཞུད་སོང་།
༡༦ ད་ངའི་ཁོག་ནང་རང་གི་སེམས་འབོས་སོང་། སྡུག་བསྔལ་ཉིན་མོས་བདག་ལ་མཐའ་ནས་བསྐོར། ༡༧ ངའི་རུས་པ་རྣམས་མཚན་དུས་བདག་ནང་ཟུག བདག་ལ་རྨུག་པའི་གཟེར་གྱི་ཁ་མི་དལ། ༡༨ ངའི་ནད་སྟོབས་ཆེ་སྟབས་ངའི་ཆ་ལུགས་གྱུར། གོས་ཀྱི་གོང་བ་ལྟར་དུ་དེས་ང་སྡོམ། ༡༩ ཁོང་གིས་འདམ་རྫབ་ནང་དུ་བདག་དབྱུགས་པས། ས་དང་གོག་ཐལ་ལྟ་བུར་བདག་གྱུར་བྱུང་། ༢༠ ངས་ཁྱེད་ལ་འབོད་ཀྱང་ཁྱེད་ཀྱིས་མི་གསན། བདག་ཀྱེར་ལང་ཡང་ཁྱེད་ཀྱིས་གཟིགས་མི་མཛད། ༢༡ བདག་ལ་ཁྱེད་ཀྱིས་ཐུགས་གྱོང་སྟོན་པར་མཛད། ཕྱག་སྟོབས་ངང་ནས་བདག་ལ་འཚེ་བར་མཛད། ༢༢ རླུང་དྲག་ནང་དུ་བདག་ནི་འཇིག་འཇུག་ཕྱིར། ཁྱེད་ཀྱི་བདག་ནི་རླུང་ནང་འདེགས་ཤིང་འཁྱེར། བདག་ནི་དེ་ཡི་སྟེང་དུ་བཞོན་དུ་བཅུག ༢༣ བདག་འཆི་བའི་དྲུང་དང་གསོན་པོ་ཀུན་ཕྱིར། བསྐོས་པའི་ཚོགས་ཁང་དུ་ང་འདྲེན་པར་རྟོགས།
༢༤ འོན་འཇིག་པའི་ཕུང་པོའི་ཕྱོགས་ཕྱག་མི་བརྐྱང་། ཁོང་གིས་འཇོམས་དུས་བཅོལ་བ་དོན་རེ་ཆུང་། ༢༥ སྡུག་བསྔལ་གདུངས་དོན་བདག་ནི་མ་ངུས་སམ། དབུལ་ཕོངས་དོན་དུ་བདག་ནི་མ་འཚེར་རམ། ༢༦ བདེ་ལེགས་དོན་དུ་སྒུག་མཚམས་རྐྱེན་ངན་བྱུང་། བདག་གིས་འོད་ལ་རེ་མཚམས་སྨག་རུམ་བྱུང་། ༢༧ བདག་གི་རྒྱུ་མ་འཁོལ་ཞིང་ངལ་མི་གསོ། སྡུག་བསྔལ་ཞག་རྣམས་བདག་གི་ཐོག་ཏུ་བབས། ༢༨ ཉི་མ་མེད་པར་ངའི་གདོང་ནག་པོ་སོང་། ཚོགས་སར་ལངས་ནས་བདག་གིས་སྐྱབས་ཕྱིར་འབོད། ༢༩ ཅེ་སྤྱང་དག་གི་སྤུན་དུ་བདག་གྱུར་ཏེ། བྱ་རྔ་མོང་གི་གྲོགས་པོར་བདག་གྱུར་བྱུང་། ༣༠ བདག་གི་པགས་པ་གནག་ཅིང་འགོག་ནས་འབུད། ཚད་པས་བདག་གི་རུས་པ་རྣམས་ཀྱང་བསྲེགས། ༣༡ དེའི་ཕྱིར་ངའི་པི་ཝང་གིས་མྱ་ངན་བྱེད། གླེང་བུས་ངུ་མཁན་དག་གི་སྒྲ་འབྱིན་ནོ༎