༢༩
ཡོབ་ཀྱིས་ལྷག་པར་རང་གི་དཔེར་འཐུད་དེ་སྨྲས་པ། ༢ དཀོན་མཆོག་གིས་བདག་བསྲུངས་བའི་ཞག་རྣམས་དང་། སྔོན་ཟླ་རྣམས་ལྟར་ཡོད་ན་ཅི་མ་རུང་། ༣ ཁོང་གི་སྒྲོན་མེ་ངའི་མགོ་ཐོག་སྣང་ཞིང་། ཁོང་འོད་མཉམ་བདག་མུན་པའི་ནང་རྒྱུ་དུས། ༤ བདག་ནི་དར་ལ་བབ་དུས་ཡོད་པ་བཞིན་དང་། དཀོན་མཆོག་གསང་ཚིག་ངའི་མགུར་ནང་མཆིས་དུས། ༥ བདག་དང་ལྷན་ཅིག་ཀུན་དབང་བཞུགས་པ་དང་། བདག་གི་མདུན་འཁོར་ཕྲུ་གུ་རྣམས་འཛོམས་དུས། ༦ བདག་གི་རྐང་རྗེས་མར་གྱིས་བཀྲུས་པ་དང་། བྲག་རིས་འབྲུ་མར་ཀླུང་རྣམས་བདག་ཐོག་ཕོས། ༧ གྲོང་ཁྱེར་ལ་བདག་རྒྱལ་སྒོར་ཕྱིན་པ་དང་། སྲང་འགག་ནང་རང་གི་སྡོད་གནས་བཤམས་དུས། ༨ གཞོན་ནུ་ཚོས་བདག་མཐོང་བར་ཙམ་གྱིས་ཡིབ། རྒན་པོ་རྣམས་ལངས་ནས་ཀྱེ་རེ་བ་བསྡད། ༩ སྐུ་དྲག་རྣམས་འཛེམས་ནས་གཏམ་མ་གླེང་བར། རང་གི་ཁ་ལ་ལག་པ་བཀབ་ནས་བསྡད། ༡༠ ཡ་རབས་རྣམས་ནི་ཁ་རོག་ཏུ་བསྡད་དེ། དེ་དག་གི་ལྗགས་ལྕེ་རྣམས་དཀན་ལ་བྱར། ༡༡ རྣས་བདག་ཐོས་དུས་བདག་ལ་བཀྲ་ཤིས་སྨྲས། མིག་གིས་བདག་མཐོང་དུས་བདག་ལ་དཔང་བྱས། ༡༢ དེའི་རྒྱུ་བདག་གིས་ངུ་བའི་དབུལ་ཕོངས་དང་། དྭ་ཕྲུག་རྣམས་དང་མགོན་མེད་སྐྱོབ་པ་ཡིན། ༡༣ འཆི་ཁར་ཡོད་པའི་ཞུ་གསོལ་བདག་ཙར་བྱོར། ཡུག་ས་མོའི་སྙིང་དགའ་མགུ་ཞིང་གླུ་བླངས། ༡༤ ངས་དྲང་བ་ཉིད་གཡོགས་ཏེ་དེས་བདག་བརྒྱན། བླ་གོས་གཙུག་རྒྱན་བཞིན་ངས་བཤགས་བཅད་དེ། ༡༥ ལོང་བའི་མིག་དེ་བདག་ནི་ཡོད་པ་ཡིན། ཞ་བོའི་རྐང་པ་དེ་བདག་ཡོད་པ་ཡིན། ༡༦ དབུལ་ཕོངས་ཀྱི་ཕ་ནི་བདག་ཡོད་པ་ཡིན། ངོ་མི་ཤེས་པའི་ཁྲིམས་ལའང་ངས་སར་གཅད། ༡༧ སྡིག་སྤྱོད་ཀྱི་འགྲམ་རུས་རྣམས་ངས་བཅག་ནས། དེ་ཡི་སོ་སྲུབས་ནང་ནས་བཅོམ་ནོར་ཕྱུང་། ༡༨ དེ་ནས་ངས་རང་ཚང་ནང་བདག་འཆི་འགྱུར། བྱེ་མ་ལྟར་ལོ་གྲངས་ཆེ་བར་འགྱུར་སྨྲས། ༡༩ ཆུ་རྣམས་འགྲམ་དུ་བདག་གི་རྩ་བ་བརྐྱངས། ངའི་ཡལ་གར་མཚན་ཐོག་ཐག་ཟིལ་པ་ནས། ༢༠ བདག་ནང་རང་གི་དཔལ་མ་རྙིངས་པར་གདའ། རང་གི་ལག་ནང་གཞུ་མོ་སྔར་བཞིན་འགྱུར།༢༡ བདག་ལ་མིས་རྣ་བ་བླགས་ནས་བསྒུག་པས། ངའི་གྲོས་གཏམ་ཐོས་ནས་ཁ་རོག་ཏུ་བསྡད། ༢༢ ངའི་གཏམ་ཐོས་འོག་དེ་ཚོས་ཡང་མ་སྨྲས། དེ་དག་ཐོག་ཏུ་བདག་གི་གཏམ་ཐིགས་ཤིང་། ༢༣ ཆར་པར་སྒུག་འདྲར་དེ་དག་ང་ལ་བསྒུགས། ཆར་པ་ཕྱི་མའི་ཕྱིར་ཁ་གདང་འདྲར་གདངས། ༢༤ ངས་དེ་དག་ལ་བགད་ན་ཡིད་མ་ཆེས། ངའི་ངོ་བོའི་མདངས་མིས་སར་འབུད་མ་བཅུག ༢༥ ངས་དེ་ཚོའི་ལམ་བསྟན་ཏེ་དཔོན་པོར་བསྡད། བདག་དམག་དཔུང་དཀྱིལ་གྱི་རྒྱལ་པོ་ལྟར་དང་། མྱ་ངན་ཅན་གྱི་སེམས་གསོ་མཁན་ལྟར་བསྡད༎