༢༥
དེ་ནས་ཤུ་ཧི་པ་བིལ་དཱད་ཀྱིས་ལན་བཏབ་ཅིང་སྨྲས་པ།  རྒྱལ་སྲིད་འཇིགས་སྐྲག་གཉིས་ཁོང་མཉམ་དུ་གདའ། ཁོང་གི་མཐོ་ས་དག་ནང་ཞི་བདེ་མཛད།  ཁོང་གི་དམག་ཚོགས་རྣམས་ལ་གྲངས་ཡོད་དམ། ཁོང་གི་འོད་ནི་གང་གི་ཁར་མི་འཆར།  དེས་ན་དཀོན་མཆོག་དྲུང་མི་ཇི་ལྟར་དྲང་། བུད་མེད་ལ་བཙས་པ་ཇི་ལྟར་གཙང་ནུས།  ཀྱེ་ཧོ་ཟླ་བ་ལ་ཡང་བཀྲག་མདངས་མེད། ཁོང་གཟིགས་ངོར་སྐར་མ་རྣམས་མི་གཙང་བས།  འབུ་ཞིག་ཡིན་པའི་མི་ནི་ཇི་ལྟར་གཙང་། ཡང་ན་མི་ཡི་བུ་འབུ་འབའ་ཞིག་གོ།