༡༧
ངའི་དབུགས་ཆད་ཅིང་ང་ཡི་ཚེ་རྫོགས་པས། དུར་ཁྲོད་མིན་པར་ང་ལ་ཅིའང་ལུས་མེད།  བདག་མཉམ་འཕྱ་མཁན་མེད་དམ་ངའི་མིག་གིས། ཆད་མེད་ཚིག་པ་སྲེག་མཁན་མི་མཐོང་ངམ།  ད་གཏའ་མ་འཇོག་པའི་ཁག་མིར་སྡོད་ཅིག ངའི་ལག་པར་ལག་པ་གཏོང་མཁན་སུ་ཡོད།  དེ་དག་སྙིང་ལ་ཤེས་རབ་སྦས་མཛད་པས། ཁྱེད་ཀྱིས་དེ་དག་ཡར་སྤར་བར་མི་འོས།  སྐལ་བ་ཐོབ་དོན་མཛའ་བོ་སྤོང་བྱེད་མཁན། དེའི་ཕྲུ་གུ་རྣམས་ཀྱི་མིག་ཞར་བར་འགྱུར།  ཁོང་གིས་བདག་མིའི་ཁྲོད་དུ་དཔེ་རུ་བཞག མིས་མཆིལ་འདོར་བའི་གདོང་ལྟར་བདག་གྱུར་ཏེ།  སྡུག་བསྔལ་གྱིས་ངའི་མིག་གཉིས་ཐིབ་ཐིབ་སོང་། ངའི་ཡན་ལག་རྣམས་གྲིབ་མ་ལྟ་བུར་སོང་།  དྲང་པོ་རྣམས་ཀྱིས་འདི་ལ་ཧ་ལས་ཤིང་། ནོངས་མེད་མིས་ཆོས་མེད་མིར་དཀྲུག་པར་བྱ།  འོན་ཀྱང་ཆོས་དྲང་རང་ལམ་ནང་གནས་ཤིང་། ལག་གཙང་མི་ལ་སྟོབས་ཁར་སྟོབས་སྦྱོར་འགྱུར། ༡༠ ཁྱོད་ཀྱི་ཁྲོད་དུ་བློ་ལྡན་གཅིག་མེད་པས། ད་ཁྱོད་ཀུན་བདག་རྩར་ལོག་ནས་ཚུར་ཤོག ༡༡ ངའི་ཞག་རྣམས་འདས་ཤིང་ངའི་དོན་ཀུན་དང་། ངའི་སྙིང་གི་བསམ་པ་རྣམས་ཆག་ནས་སོང་། ༡༢ དེ་ཚོས་མཚན་མོ་ཉིན་མོར་སྒྱུར་བར་བྱེད། མུན་པར་འོད་ནི་ཉེ་བར་འདུག་གོ་ཟེར། ༡༣ རང་གི་མལ་ཆས་སྨག་རུམ་དུ་བཏིང་ཚེ། གཤིན་ཁམས་ང་ཡི་ཁྱིམ་འགྱུར་བར་བསམ་ཞིང་། ༡༤ ངས་རུལ་བ་ལ་ཁྱོད་ངའི་ཕ་ལགས་སྨྲས། འབུ་ལ་ཁྱོད་ངའི་མ་སྲིང་ལགས་སོ་སྨྲས། ༡༥ དེ་ནས་ད་ངའི་རེ་བ་གང་དུ་བསླེབ། བདག་གིས་བདོག་པའི་རེ་བ་སུས་མཐོང་ཡོང་། ༡༦ དེ་ནི་བདག་མཉམ་དུར་སྒོར་འབབ་འགྱུར་ཏེ། བདག་དང་ལྷན་ཅིག་ཐལ་ཁྲོད་གནས་པར་འགྱུར༎