༡༡
དེ་ནས་ན་ཨ་མད་པ་ཙོ་ཕར་གྱིས་ལན་བཏབ་སྟེ་སྨྲས་པ།  ཚིག་ཚོགས་ལ་ལན་འདེབས་པའི་མི་རིགས་སམ། མི་ཁ་པོ་ཆེ་རྣམ་པར་དག་འགྱུར་རམ།  ཁྱོད་ལབ་ལབ་མང་རྐྱེན་མི་ཁ་རོག་གམ། ཁྱེད་ཀྱིས་འཕྱ་དུས་མིས་ཁྱོད་སྐྱེངས་མི་བྱའམ།  ཁྱོད་ཀྱིས་ངའི་ཚིག་བདེན་ཞིང་ཁྱེད་གཟིགས་ངོར། བདག་ནི་གཙང་ངོ་ཞེས་སྨྲས་པའི་ཕྱིར་རོ།  འོན་ཀྱང་དཀོན་མཆོག་གིས་ཁྱོད་ལ་གསུང་ཞིང་། ཁྱོད་ལ་ཁོང་ཞལ་འབྱེད་ན་ཅི་མ་རུང་།  གསང་བའི་ཡེ་ཤེས་ཁྱོད་ལ་སྟོན་པར་ཤོག དེ་གང་ཡིན་ཞེ་ན་དགེ་བའི་ལས་མང་། དཀོན་མཆོག་གི་ཉེས་ལན་ཉུང་གནང་རྟོགས་ཤིག
 ཁྱོད་ཀྱིས་འཚོལ་སྟབས་དཀོན་མཆོག་རྙེད་འགྱུར་རམ། ཀུན་དབང་ཕུལ་ཕྱིན་ཚད་དུ་ཕྱིན་ནུས་སམ།  ཁོང་གནམ་འདྲར་མཐོ་བས་ཁྱོད་ཀྱིས་ཅི་བྱ། དམྱལ་ཁམས་ལས་ཟབ་པས་ཁྱོད་རྟོགས་ཅི་ནུས།  ས་གཞི་ལས་ཁོང་གི་ཚད་དཀྱུས་སུ་རིང་། ཞེང་ཁྱད་རྒྱ་མཚོ་བས་ཀྱང་ཆེ་བ་ལགས། ༡༠ ཇི་སྟེ་ཁོང་དེར་ཕེབས་ནས་དགར་མཛད་དེ། ཁྲིམས་རར་འགུག་ན་སུས་ཁོང་འགེགས་པར་ནུས། ༡༡ ཁོང་གིས་ཡ་མ་བརླ་པོའི་མི་མཁྱེན་ཞིང་། ཆད་པས་མི་གཅོད་ཀྱང་ངན་སྤྱོད་ལ་གཟིགས། ༡༢ སྐྱེ་དུས་ནས་མི་རྐྱང་ཕྲུག་འདྲ་བས་ན། བླུན་པོའི་མི་ནི་ཤེས་རབ་དང་འབྲལ་ལོ༎
༡༣ ཅི་སྟེ་ཁྱོད་ཀྱིས་རང་གི་སྙིང་ཤོམས་ཤིང་། རང་གི་ལག་པ་ཁོང་ཕྱོགས་འདིང་བྱེད་ཅིང་། ༡༤ ཁྱོད་ཀྱི་ལག་ཡོད་མི་དགེ་རྒྱང་དབྱུག་ཅིང་། ཁྱོད་གུར་ནང་ཉེས་པ་གནས་མ་བཅུག་ན། ༡༥ ཁྱོད་ཀྱི་གདོང་པ་རྨེ་བྲལ་ཡར་འདེགས་འགྱུར། འོ་ན་ཁྱོད་རང་བརྟན་ཞིང་འཇིགས་མི་འགྱུར། ༡༦ དེ་ལྟར་རང་གི་ཉོན་མོངས་ཁྱོད་བརྗེད་ཅིང་། འབྲུབ་ཕྱིན་པའི་ཆུ་ལྟར་དེ་དག་རྩི་འོང་། ༡༧ ཁྱོད་ཀྱི་ཚེ་ཉིན་གུང་ལས་འོད་ཆེ་ཞིང་། མུན་པ་འབྱུང་ན་ཡང་ནམ་ལངས་པར་འགྱུར། ༡༨ རེ་བ་ལྡན་པས་ཁྱོད་ཀྱི་བློ་བདེ་འགྱུར། ཕྱོགས་བཞིར་ལྟ་ནའང་བདེ་བར་ངལ་སོ་འོང་། ༡༩ ཁྱོད་ཉལ་ཞིང་སུས་ཀྱང་ཁྱོད་དཀྲོག་མི་འགྱུར། དུ་མས་ཁྱོད་ལ་ངོ་འཇོ་བྱེད་པར་འགྱུར། ༢༠ འོན་ཀྱང་སྡིག་སྤྱོད་ཀྱི་མིག་མདོངས་པར་འགྱུར། དེ་དག་ཐར་བར་མི་འགྱུར་ཞིང་དེ་ཚོའི། རེ་བ་དབུགས་ཆད་པ་བཞིན་འགྱུར་བར་འགྱུར༎