༡༠
བདག་རང་གི་ཚེ་ལ་སྙིང་ཁྲག་ཅིག་འཁོལ། རང་གི་ཟེར་རྒྱུ་རྣམས་ཤར་ཤར་དུ་བརྗོད། ཁ་ཏིག་པའི་སེམས་ནང་ནས་གླེང་བར་བྱ།  དཀོན་མཆོག་ལ་བདག་ཆད་པས་མ་གཅོད། བདག་ལ་རྒོལ་བའི་རྒྱུ་མཚན་སྟོན་ཞུ་འོང་།  ཁྱེད་ཕྱག་གིས་བཀོད་པ་ལ་བརྙས་མཛད་ཅིང་། ཆོས་མེད་མི་ཡི་ཇུས་ལ་འོད་སྣང་བས། ཁྱེད་ནི་མནར་དུ་འཇུག་པར་ཐུགས་བཟོད་དམ།  ཁྱེད་ལ་ཤ་ཡི་སྤྱན་མངའ་འམ་ཡང་ན། མི་ཡི་ལྟ་ལུགས་བཞིན་དུ་གཟིགས་ལགས་སམ།  ཁྱེད་ཀྱི་སྐུ་ཚེ་མི་ཡི་ཚེ་འདྲའམ། ཁྱེད་ཀྱི་དགུང་ལོ་མིའི་ན་སོ་འདྲའམ།  ཁྱེད་ཀྱིས་ངའི་མི་དགེ་བ་འཚོལ་སློང་ཞིང་། ངའི་ཉེས་སྡིག་ལ་ཞིབ་དཔྱོད་མཛད་ཕྱིར་རོ།  བདག་ནི་ཆོས་མེད་མིན་པ་ཁྱེད་ཀྱིས་མཁྱེན། ཁྱེད་ཀྱི་ཕྱག་ལས་སྒྲོལ་ཐུབ་པ་སུའང་མེད།
 བདག་ཁྱེད་ཕྱག་གིས་བཀོད་ནས་གཟུགས་བརྙན་གནང་། ངའི་དཀྱིལ་འཁོར་མཛད་སྟེང་ཡང་བདག་འགེམས་མཛད།  རྫ་མའི་ལུགས་སུ་བདག་བཀོད་པ་དྲན་མཛོད། སླར་ཡང་བདག་ནི་རྡུལ་དུ་རློག་བྱའམ། ༡༠ འོ་མ་ལྟར་ཁྱེད་ཀྱིས་བདག་མ་བླུགས་སམ། ཞོ་ལྟར་བདག་ནི་ཆགས་སུ་མ་བཅུག་གམ། ༡༡ བདག་ལ་པགས་པ་དང་ཤ་གཡོགས་མཛད་དེ། རུས་པ་དང་རྒྱུས་པས་ངའི་མཐའ་ནས་བསྐྱོར། ༡༢ ཁྱེད་ཀྱིས་བདག་ལ་སྲོག་དང་ཐུགས་རྗེས་བརྒྱན། ཁྱེད་ཀྱིས་སྐྱབས་ཀྱིས་བདག་གི་སེམས་བསྲུངས་སོ། ༡༣ བྱ་བ་འདི་དག་ཁྱེད་ཀྱིས་ཐུགས་ནང་བཅབས། འདི་བཞིན་ཁྱེད་དོན་ལགས་པར་ཁོ་བོས་རྟོགས། ༡༤ བདག་གིས་ཉེས་ན་འབེན་དུ་འཛུག་མཛད་ཅིང་། སྡིག་བཤགས་གནང་དུ་ཐུགས་མ་མཉེས་པ་ཡིན། ༡༥ བདག་ཆོས་མེད་ཡིན་ན་བདག་བཀྲ་མི་ཤིས། བདག་ཆོས་དྲང་ཡིན་རུང་ངས་མགོ་མི་འདེགས། བདག་ངོ་ཚས་ཁྱབ་པས་ངའི་སྡུག་བསྔལ་གཟིགས། ༡༦ ངས་མགོ་སྟེགས་ན་ཁྱེད་སེང་ལྟར་གཤོར་འོང་། ཡང་ཧ་ལས་ལུགས་ཁྱེད་བདག་ལ་མངོན་མཛད། ༡༧ གསར་ནས་བདག་ཐོག་ཁྱེད་ཀྱི་ཆ་དཔང་སློང་། བདག་ཐོག་ཁྱེད་ཀྱི་ཐུགས་ཁྲོ་རྒྱས་སུ་བཅུག བདག་ཐོག་དམག་དཔུང་རྣམས་ནི་བཏུད་མར་བྱུང་།
༡༨ ཅི་ལ་ཁྱེད་ཀྱིས་བདག་མངལ་ནས་ཕྱུང་མཛད། རང་སྲོག་བྱིན་ཚེ་མིག་སུས་མཐོང་བ་མིན། ༡༩ དེར་བདག་མ་སྐྱེས་པ་ལྟར་ཡོད་པ་ཡིན། མངལ་ནས་དུར་ས་རུ་བདག་བསྐྱལ་བ་ཡིན།
༢༠ བདག་གི་ཚེ་ནི་ཐུང་ཞིང་མི་ཐུང་ངམ། ༢༡ བདག་ཕྱིར་མི་ལོག་པའི་སའང་མུན་པའི་ཁམས། འཆི་གྲིབ་ཕྱོགས་སུ་བདག་མ་འགྲོ་བའི་གོང་། བདག་ནི་ཅུང་ཟད་ངལ་གསོ་རྒྱུར་ཕར་ཕེབས། ༢༢ མུན་ཐིབས་ཁམས་དེ་རང་ལྟར་མུན་པ་དང་། འཆི་གྲིབ་ཁམས་ནི་འཆོལ་ཉོག་མོལ་ཉོག་སྟེ། དེ་ཡི་འོད་ཀྱང་མུན་པའི་སྨག་རུམ་མོ༎