དེའི་འོག་ཏུ་ཡོབ་ཀྱིས་ཁ་ཕྱེས་ནས། རང་གི་ཚེ་ལ་དམོད་པ་བོར་ཏེ།  གཏམ་ལན་གཏོང་ཞིང་། འདི་སྐད་སྨྲས་པ།  བདག་ནི་བཙས་པར་གྱུར་པའི་ཉིན་མོ་དང་། བུ་ཕོ་ཞིག་མངལ་དུ་ཆགས་པར་གྱུར་ཏོ། སྨྲས་པའི་མཚན་མོ་བཅས་པ་སྟོངས་པར་ཤོག  ཉིན་མོ་དེ་ཡང་མུན་པ་རུ་གྱུར་ཅིག སྟེང་དཀོན་མཆོག་གིས་དེ་ལ་མ་གཟིགས་ཤིག དེ་ཐོག་འོད་ཀྱང་འཆར་བར་མ་གྱུར་ཅིག  མུན་པ་འཆི་གྲིབ་ཀྱིས་དེ་ཟློག་གྱུར་ཅིག དེ་ཐོག་སྤྲིན་ཞིག་འཁྲིག་པར་འགྱུར་བར་ཤོག ཉིན་མོ་མུན་བྱེད་ཀུན་གྱིས་དེ་འཇིགས་ཤོག  མཚན་དེ་མུན་སྟུག་པོས་ནི་འཆང་བར་ཤོག ལོ་རྩིས་ནང་དེ་སྲེ་བར་མ་གྱུར་ཅིག ཟླ་རྩིས་ནང་དེ་རྩི་བར་མ་གྱུར་ཅིག  ཀྱེ་ཧོ་མཚན་མོ་དེ་གཅིག་པུར་ལུས་ཤོག དེའི་ནང་དགའ་སྤྲོའི་སྐད་མི་འབྱུང་བར་ཤོག  ཉིན་མོར་སྨད་ཅིང་མཁའི་སྲིན་པོ་སློང་བའི། རྩལ་དང་ལྡན་པས་དེ་ལ་སྨོད་བོར་ཤོག  སྲོད་དེའི་སྐར་མ་རྣམས་ཀྱང་སྒྲིབ་པར་ཤོག འོད་ལ་དེས་རེ་ཡང་མི་རྙེད་པར་ཤོག དེས་ཐོ་རངས་ཀྱི་སྤྱན་མི་མཐོང་བར་ཤོག ༡༠ དེས་ངའི་མའི་མངལ་སྒོ་མ་བཅད་པར། ངའི་མིག་ནས་སྡུག་བསྔལ་ཡང་མ་སྦས་སོ༎
༡༡ ཅིའི་ཕྱིར་བདག་མངལ་གྱི་ནང་དུ་མ་ཤི། ལྷུམས་ཀྱི་ནང་ནས་བདག་ཐོན་མ་ཐག་ཏུ། ཅིའི་ཕྱིར་ངས་རྣམ་ཤེས་འདོར་བར་མ་བྱས། ༡༢ ཅི་ཡི་ཕྱིར་པུས་མོས་བདག་བསུས་ནས་བླངས། ངས་འཇིབ་ཏུ་ནུ་མ་རྣམས་ཅིའི་ཕྱིར་ཐོན།
༡༣ དེ་མིན་ད་བདག་ཁ་རོག་ལྷོད་ཀྱིས་ཉལ། གཉིད་དུ་སོང་ནས་ངལ་གསོ་ཐོབ་པ་ཡིན། ༡༤ སྟོངས་སར་གྱི་གནས་རང་ཕྱིར་བརྩིགས་པ་ཡི། རྒྱལ་པོ་བཀའ་བློན་རྣམས་དང་མཉམ་དུའམ། ༡༥ རང་གི་ཁྱིམ་རྣམས་དངུལ་གྱིས་བཀང་བ་ཡི། གསེར་བདོག་པའི་རྒྱལ་སྲས་རྣམས་མཉམ་དུའམ། ༡༦ ཕག་ཏུ་མངལ་བསྒྱུར་འདྲའམ། འོད་མ་མཐོང་བའི། བྱིས་པ་འདྲར་བདག་བྱུང་བར་མ་མ་གྱུར་ཏེ། ༡༧ དེར་ཆོས་མེད་མིས་འཚེ་བའི་བར་ཆད་མེད། ཉམས་ཐག་པ་དག་དེར་ངལ་གསོ་བར་བྱེད། ༡༨ དེར་བཙོན་པ་རྣམས་ཀྱང་སེམས་ལྷོད་པར་གནས། དེ་ཚོས་དབང་ཡོད་བྱེད་པའི་སྒྲ་མི་ཐོས། ༡༩ ཆུང་ངུ་དང་ཆེན་པོ་དེར་འདྲ་འདྲ་སྟེ། དེར་བདག་པོའི་དབང་ལས་བྲན་པོ་ཡང་འབྲལ།
༢༠ སྡུག་བསྔལ་ནང་ཡོད་པར་འོད་ཅི་ལ་སྣང་། དཀའ་སྡུག་ནང་ཡོད་པར་སྲོག་ཅི་ལ་གནང་། ༢༡ ཁོ་འཆི་བ་ལ་གདུང་ཡང་དེ་མི་འོང་། དེའི་དོན་སྦས་པའི་གཏེར་ལས་ལྷག་པར་འབྲུ། ༢༢ དེ་དག་གི་དུར་ཁྲོད་རྙེད་ནུས་པའི་དུས། རབ་ཏུ་ཡི་རངས་ཤིང་དགའ་མགུས་ཁྱབ་བོ། ༢༣ གང་མིའི་ལམ་སྦས་ཡོད་ཅིང་དཀོན་མཆོག་གིས། དགར་བར་མཛད་པའི་ཐོག་འོད་ཅི་ལ་གནང་། ༢༤ བཟའ་མའི་གོང་དུ་བདག་ལ་ཤུགས་ནར་འབྱུང་། ཆུ་བོའི་ཚུལ་དུ་ངའི་ངུ་སྐད་བླུགས་སོ། ༢༥ བདག་འཇིགས་པ་དེ་རང་ངའི་ཐོག་ཏུ་བབས། བདག་དངངས་སྐྲགས་པ་དེ་རང་ངའི་ཐོག་བབས། ༢༦ བདག་ལ་ཞི་བའང་མེད་སེམས་སྐྱིད་པའང་མེད། བདེ་བའང་མེད་པའི་སྟེང་ཉོན་མོངས་ཀྱང་བྱུང་༎