༡༡
ཡང་མི་སྡེའི་དཔོན་པོ་རྣམས་ཡེ་རུ་ཤ་ལེམ་དུ་གཞིས་ཕབ་ནས། མི་བྱིངས་ཀྱིས་མི་བཅུ་ཁག་གཅིག་གྲོང་ཁྱེར་དམ་པ་ཡེ་རུ་ཤ་ལེམ་དུ་གནས་པ་དང་། ཕྱི་ལུས་ཀྱི་མི་དགུ་དགུ་རྣམས་གཞན་གྲོང་ཁྱེར་རྣམས་སུ་གནས་པའི་ཕྱིར་རྟགས་རིལ་བརྒྱབ་བོ། ༢ ཡེ་རུ་ཤ་ལེམ་དུ་སྡོད་དུ་རང་དགའ་བར་འོང་བ་ཐམས་ཅད་ལ་མི་རྣམས་ཀྱིས་ཤིས་པ་བརྗོད་དོ༎༣ འདི་རྣམས་ནི་ཡེ་རུ་ཤ་ལེམ་དུ་གནས་པའི་སྡེ་དཔོན་རྣམས་ཡིན་གྱིས། ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ནང་ཨིས་ར་ཨེལ་དང་། བླ་མ་དང་། ལེ་ཝི་པ་དང་། ནེ་ཐི་ནིམ་པ་དང་། ཤ་ལོ་མོའི་ཞབས་ཕྱི་རྣམས་རེ་རང་གི་གྲོང་ཁྱེར་དུ་ཞིང་འབད་ཀྱིན་གནས་སོ། ༤ ཡང་ཡ་ཧུ་དཱ་དང་བེན་ཡ་མིན་གྱི་བུ་བརྒྱུད་ལས་ཡེ་རུ་ཤ་ལེམ་དུ་གནས་པ་རྣམས་ནི། ཡ་ཧུ་དཱའི་བུ་བརྒྱུད་ལས། ཨུ་ཟི་ཡཱའི་བུ་ཨ་ཐ་ཡཱ། ཨུ་ཟི་ཡཱ་ནི་ཟ་ཀར་ཡཱའི་བུ། དེ་ནི་ཨ་མར་ཡཱའི་བུ། དེ་ནི་ཤེ་ཕད་ཡཱའི་བུ། དེ་ནི་མ་ཧ་ལཱ་ལེ་ཨེལ་གྱི་བུ། དེ་ནི་ཕེ་རེས་ཀྱི་བརྒྱུད་པའོ། ༥ དེ་མ་ཟད་དེ། བ་རུག་གི་བུ་མ་ཨ་སེ་ཡཱ། བ་རུག་ནི་ཀོལ་ཧོ་ཟེའི་བུ། དེ་ནི་ཧ་ཟ་ཡཱའི་བུ། དེ་ནི་ཨ་ད་ཡཱའི་བུ། དེ་ནི་ཡོ་ཡཱ་རིབ་ཀྱི་བུ། དེ་ནི་ཟ་ཀར་ཡཱའི་བུ། དེ་ནི་ཤི་ལོ་པའི་བུའོ། ༦ ཡེ་རུ་ཤ་ལེམ་དུ་གནས་མཁན་གྱི་ཕེ་རེས་ཀྱི་བརྒྱུད་པ་དམག་རྩལ་ཅན་ཀུན་གྱི་སྡོམ་ནི་༤༦༨ཡོད་པ་ཡིན།
༧ ཡང་བེན་ཡ་མིན་གྱི་བརྒྱུད་པ་ལས་ནི། མེ་ཤུལ་ལམ་གྱི་བུ་སལ་ལུ། མེ་ཤུལ་ལམ་ནི་ཡོ་ཨེད་ཀྱི་བུ། དེ་ནི་པེ་ད་ཡཱའི་བུ། དེ་ནི་ཀོ་ལ་ཡཱའི་བུ། དེ་ནི་མ་ཨ་སེ་ཡཱའི་བུ། དེ་ནི་ཨི་ཐི་ཨེལ་གྱི་བུ། དེ་ནི་ཡེ་ཤ་ཡཱའི་བུའོ། ༨ ཡང་དེའི་རྗེས་སུ་གབ་བཱ་ཨི་དང་སལ་ལཱ་ཨི་བཅས་མི་༩༢༨དོ། ༩ ཟིག་རིའི་བུ་ཡོ་ཨེལ་དེ་དག་གི་འགོ་པ་དང་། ཧས་སེ་ནུ་ཨའི་བུ་ཡུ་དཱ་བྱ་བ་གྲོང་ཁྱེར་གྱི་དཔོན་པོ་གཉིས་པ་ཡོད་པ་ཡིན།
༡༠ ཡང་བླ་མ་རྣམས་ལས། ཡོ་ཡཱ་རིབ་ཀྱི་བུ་ཡེ་ད་ཡཱ་དང་། ཡ་ཀིན་དང་། ༡༡ ཧིལ་ཀི་ཡཱའི་བུ་སེ་ར་ཡཱ་དེར་གནས་སོ། ཧིལ་ཀི་ཡཱ་ནི་མེ་ཤུལ་ལམ་གྱི་བུ། དེ་ནི་ཙ་དོག་གི་བུ། དེ་ནི་མེ་ར་ཡོད་ཀྱི་བུ། དེ་ནི་དཀོན་མཆོག་གི་ཕོ་བྲང་གི་དཔོན་པོ་ཨ་ཧི་ཏུབ་བྱ་བའི་བུའོ། ༡༢ ཡང་མཆོད་ཁང་དུ་ལས་བྱེད་པའི་དེ་དག་གི་སྤུན་༨༢༢ཡོད་པ་ཡིན། དེ་མ་ཟད་ཡེ་རོ་ཧམ་གྱི་བུ་ཨ་ད་ཡཱ། ཡེ་རོ་ཧམ་ནི་པེ་ལལ་ཡཱའི་བུ། དེ་ནི་ཨམ་ཙིའི་བུ། དེ་ནི་ཟ་ཀར་ཡཱའི་བུ། དེ་ནི་ཕ་ཤུར་གྱི་བུ། དེ་ནི་མལ་ཀི་ཡཱའི་བུའོ། ༡༣ ཡང་ཕ་མེས་བརྒྱུད་ཀྱི་དཔོན་པོར་ཡོད་པའི་དེའི་སྤུན་༢༤༢དང་། ཨ་མས་སཱ་ཨི། དེ་ནི་ཨ་སར་ཨེལ་གྱི་བུ། དེ་ནི་ཨ་ཧ་སཱ་ཨིའི་བུ། དེ་ནི་མེ་ཟིལ་ལེ་མོད་ཀྱི་བུ། དེ་ནི་ཨིམ་མེར་གྱི་བུའོ། ༡༤ ཡང་དེ་དག་གི་སྤུན་རྩལ་ཅན་༡༢༨དང་། དེ་དག་གི་དཔོན་པོ་ཧ་གེ་དོ་ལིམ་གྱི་བུ་ཟབ་དི་ཨེལ་ཡོད་པ་ཡིན།
༡༥ ཡང་ལེ་ཝི་པ་རྣམས་ཀྱི་ནང་ནས། ཤེ་མ་ཡཱ། དེ་ནི་ཧ་ཤུབ་ཀྱི་བུ། དེ་ནི་ཨས་རི་ཀམ་གྱི་བུ། དེ་ནི་ཧ་ཤབ་ཡཱའི་བུ། དེ་ནི་བུན་ནིའི་བུའོ། ༡༦ ཡང་ལེ་ཝི་པའི་དཔོན་པོ་རྣམས་ཀྱི་ནང་ནས། ཤབ་ཐཱ་ཨི་དང་ཡོ་ཟ་བད་གཉིས་དཀོན་མཆོག་གི་ཕོ་བྲང་གི་ཕྱི་ལོགས་ཀྱི་ལས་ལ་བལྟ་རུ་བཞག་ཡོད་པ་ཡིན། ༡༧ དེ་དང་བཅས་གསོལ་བ་འདེབས་པའི་ཚེ་གཏང་རག་འབུལ་བའི་དབུ་མཛད་དུ་མད་ཐན་ཡཱ་ཡོད་པ་ཡིན། དེ་ནི་མི་ཀཱའི་བུ། དེ་ནི་ཟབ་དཱིའི་བུ། དེ་ནི་ཨ་སབ་ཀྱི་བུའོ། རང་གི་སྤུན་དེའི་ལག་འོག་ཏུ་བག་བུག་ཡཱ་དང་ཨབ་དཱ། དེ་ནི་ཤམ་མུ་ཨའི་བུ། དེ་ནི་ག་ལལ་གྱི་བུ། དེ་ནི་ཡེ་དུ་ཐུན་གྱི་བུའོ། ༡༨ དམ་པའི་གྲོང་ཁྱེར་ན་གནས་པའི་ལེ་ཝི་པའི་སྡོམ་གྲངས་ནི་༢༨༤ཡོད་པ་ཡིན།
༡༩ ཡང་སྒོ་སྲུང་པ་ལ་ཨག་ཁུབ་དང་ཏལ་མོན་གཉིས་དང་། རྟ་སྒོ་སྲུང་བའི་དེ་དག་གི་སྤུན་༡༧༢ཡོད་པ་ཡིན་ནོ། ༢༠ གཞན་ཨིས་ར་ཨེལ་དང་བླ་མ་དང་ལེ་ཝི་པ་ཐམས་ཅད་ཡ་ཧུ་དཱའི་གྲོང་ཁྱེར་སོ་སོ་རུ་རེ་རང་གི་ས་སྐལ་ནང་བསྡད་ཀྱིས། ༢༡ ནེ་ཐི་ནིམ་པ་རྣམས་ནི་ཨོ་ཕེལ་དུ་གནས་ཏེ། ནེ་ཐི་ནིམ་པའི་འགོ་པ་ལ་ཟི་ཧཱ་དང་གིས་པཱ་གཉིས་ཡོད་པ་ཡིན་ནོ༎
༢༢ ཡང་དཀོན་མཆོག་གི་ཕོ་བྲང་གི་ལས་ལ་བལྟ་རུ་ཡེ་རུ་ཤ་ལེམ་དུ་གནས་པའི་ལེ་ཝི་པ་རྣམས་ཀྱི་འགོ་བྱེད་དུ་ཨུ་ཟི་ཡོད་པ་ཡིན། དེ་ནི་བཱ་ནིའི་བུ། དེ་ནི་ཧ་ཤབ་ཡཱའི་བུ། དེ་ནི་མད་ཐན་ཡཱའི་བུ། དེ་ནི་མི་ཀཱའི་བུ། དེ་ནི་མགུར་ལེན་མཁན་ཨ་སབ་ཀྱི་བུའོ། ༢༣ ཡང་མགུར་ལེན་མཁན་དག་ལ་ཉིན་རེ་བཞིན་དུ་ཕོགས་སྦྱིན་དུ་རྒྱལ་པོའི་བཀའ་ཡོད་པ་ཡིན། ༢༤ ཡང་ཡ་ཧུ་དཱའི་བུ་སེ་རག་གི་ཕྲུ་གུ་རྣམས་ལས་བྱུང་བའི་མེ་ཤེ་ཟ་བེ་ཨེལ་གྱི་བུ་པེ་ཐ་ཧི་ཡཱ་ནི། མི་སྡེའི་བྱ་བ་ཐམས་ཅད་ལ་བལྟ་རུ་རྒྱལ་པོའི་སྐུ་མདུན་པ་ཡོད་པ་ཡིན།
༢༥ ཡུལ་ཚོ་དང་གཞིས་ཀ་སོ་སོའི་སྐོར་ནི། ཡ་ཧུ་དཱའི་བརྒྱུད་པ་ལས་ལ་ལ། ཁིར་ཡད་ཨར་བཱ་དང་དེའི་ཡུལ་གྲུ་རྣམས་དང་། ལ་ལ་དི་བོན་དང་དེའི་ཡུལ་གྲུ་རྣམས་དང་། ལ་ལ་ཡེ་ཁབ་ཙེ་ཨེལ་དང་དེའི་ཡུལ་གྲུ་རྣམས་སུ་གནས་པ་ཡིན། ༢༦ གཞན་ཡང་། ཡེ་ཤུ་ཨ་ཡུལ་དང་མོ་ལ་དཱ་དང་བེད་ཕེ་ལེད་དང་། ༢༧ ཧ་ཚར་ཤུ་ཨལ་དང་བེ་ཨེར་ཤེ་བཱ་དང་དེའི་ཡུལ་གྲུ་རྣམས་དང་། ༢༨ ཙིག་ལག་དང་མེ་ཁོ་ནཱ་དང་དེའི་ཡུལ་གྲུ་རྣམས་དང་། ༢༩ ཨེན་རིམ་མོན་དང་ཙོ་རཱ་དང་ཡར་མུད་དང་། ༣༠ ཟ་ནོ་ཨ་དང་ཨ་དུལ་ལམ་དང་དེ་དག་གི་ཡུལ་གྲུ་རྣམས་དང་། ལཱ་ཁིས་དང་དེའི་ཞིང་རྣམས་དང་། ཨ་ཟེ་ཀཱ་དང་དེའི་ཡུལ་གྲུ་རྣམས་སུ་བེ་ཨེར་ཤེ་བཱ་ནས་ཧིན་ནོམ་ལུང་པའི་བར་དུ་གཞིས་ཕབ་བོ། ༣༡ བེན་ཡ་མིན་གྱི་བུ་རྣམས་ནི་གེ་བཱ་ནས་བཟུང་སྟེ། མིག་མས་དང་ཨ་ཡཱ་དང་བེད་ཨེལ་དང་དེ་དག་གི་ཡུལ་གྲུ་རྣམས་དང་། ༣༢ ཨ་ན་ཐོད་དང་ནོབ་དང་ཨ་ནན་ཡཱ་དང་། ༣༣ ཧ་ཙོར་དང་རཱ་མཱ་དང་གིད་ཐཱ་ཨིམ་དང་། ༣༤ ཧ་དིད་དང་ཚེ་བོ་ཨིམ་དང་ནེ་བལ་ལད་དང་། ༣༥ ལོད་དང་། ཨོ་ནོ་་ལག་ཤེས་པའི་ལུང་པའི་བར་དུ་གནས་སོ། ༣༦ ཡང་ཡ་ཧུ་དཱའི་ལེ་ཝི་པ་ཁ་ཤས་བེན་ཡ་མིན་དང་མཉམ་དུ་ཡོད་པ་ཡིན་ནོ༎