༡༠
ཕྱག་རྒྱ་བཏབ་པའི་མི་རྣམས་ནི། ཧ་ཁལ་ཡཱའི་བུ་ནེ་ཧེམ་ཡཱ་སྡེ་དཔོན་ཆེན་པོ་དང་ཚེ་དེག་ཡཱ  སེ་ར་ཡཱཨ་ཟར་ཡཱཡེ་རེམ་ཡཱ  ཕ་ཤུརཨ་མར་ཡཱམལ་ཀི་ཡཱ  ཧད་ཏུསཤེ་བན་ཡཱམལ་ལུག  ཧ་རིམམེ་རེ་མོདཨོ་བད་ཡཱ  དཱ་ནི་ཨེལགིན་ནེ་ཐོནབ་རུག  མེ་ཤུལ་ལམཨ་བི་ཡཱམི་ཡཱ་མིན  མ་ཨས་ཡཱབིལ་ཀཱ་ཨི་དང་། ཤེ་མ་ཡཱ་བླ་མ་རྣམས་སོ།  ཡང་ལེ་ཝི་པ་རྣམས་ནི། ཨ་ཟན་ཡཱའི་བུ་ཡེ་ཤུ་ཨཧེ་ན་དད་ཀྱི་བུ་རྣམས་ལས་བིན་ནུ་ཨིཀད་མི་ཨེལ་དང་། ༡༠ དེ་དག་གི་སྤུན་རྣམས་ནི། ཤེ་བན་ཡཱཧོ་དི་ཡཱཀེ་ལི་ཏཱཔེ་ལ་ཡཱཧ་ནན ༡༡ མི་ཀཱརེ་ཧོབཧ་ཤབ་ཡཱ ༡༢ ཟག་ཀུརཤེ་རབ་ཡཱཤེ་བན་ཡཱ ༡༣ ཧོ་དི་ཡཱབཱ་ནིཔེ་ནི་ནུ་རྣམས་སོ། ༡༤ མི་སྡེའི་དཔོན་པོ་རྣམས་ནི། པར་ཨོསཕ་ཧད་མོ་ཨབཨེ་ལམཟད་ཐུབཱ་ནི ༡༥ བུན་ནིཨས་གདབེ་བཱ་ཨི ༡༦ ཨ་དོ་ནི་ཡཱབིག་ཝཱ་ཨིཨ་དིན ༡༧ ཨ་ཏེརཧིས་ཀི་ཡཱཨ་ཟུར ༡༨ ཧོ་དི་ཡཱཧ་ཤུམབེ་ཙཱ་ཨི ༡༩ ཧ་རིབཨ་ན་ཐོདནོ་བཱ་ཨི ༢༠ མག་བི་ཨསམེ་ཤུལ་ལམཧེ་ཟིར ༢༡ མེ་ཤེ་ཟ་བེ་ཨེལཙ་དོག ཡད་དུ་ཨ ༢༢ པེ་ལད་ཡཱཧ་ནནཨ་ན་ཡཱ ༢༣ ཧོ་ཤེ་ཨཧ་ནན་ཡཱཧ་ཤུབ ༢༤ ཧ་ལོ་ཧེསཔིལ་ཧཱཤོ་བེག ༢༥ རེ་ཧུམཧ་ཤབ་ནཱམ་ཨ་སེ་ཡཱ ༢༦ ཨ་ཧི་ཡཱཧ་ནནཨ་ནན ༢༧ མལ་ལུག ཧ་རིམ་དང་བ་ཨ་ནཱ་རྣམས་སོ༎
༢༨ ཡང་མི་བྱིངས་དང་། བླ་མ་དང་། ལེ་ཝི་པ་དང་། སྒོ་སྲུང་པ་དང་། མགུར་ལེན་མཁན་དང་། ནེ་ཐི་ནིམ་པ་དང་། དཀོན་མཆོག་གི་བཀའ་ཁྲིམས་ཀྱི་དོན་དུ་ཡུལ་སོ་སོའི་མི་རྣམས་དང་འབྲེལ་བཅད་པ་ཐམས་ཅད་དང་། དེ་རྣམས་ཀྱི་ཆུང་མ་དང་བུ་བུ་མོའི་ནང་ནས་གོ་བ་དང་རྟོགས་པ་ཡོད་པ་ཐམས་ཅད། ༢༩ རང་གི་སྤུན་ཡ་རབས་རྣམས་དང་འདྲེས་ཏེ་དམོད་པ་བོར་ཅིང་མནའ་བསྐྱལ་ནས། བདག་ཅག་ནི་དཀོན་མཆོག་གི་བྲན་པོ་མོ་ཤེས་གནང་བའི་དཀོན་མཆོག་གི་བཀའ་ཁྲིམས་བཞིན་དུ་འགྲུལ་ཏེ། ཡ་ཧོ་ཝཱ་བདག་རྣམས་ཀྱི་གཙོ་བོའི་བཀའ་དང་ཁྲིམས་དང་སྤྱད་མཚམས་ཐམས་ཅད་སྲུང་ཞིང་། ༣༠ ངེད་ཀྱིས་རང་གི་བུ་མོ་རྣམས་ཡུལ་གྱི་གཞི་མི་རྣམས་ལ་མི་གཏང་། དེ་དག་གི་བུ་མོ་རྣམས་ཀྱང་རང་གི་བུ་རྣམས་ལ་མནའ་མར་མི་ལེན། ༣༡ ཡང་གལ་ཏེ་གཞི་མི་རྣམས་ཀྱིས་ཤབ་བཱད་ཀྱི་ཉིན་པར་ཚོང་ངམ་ཟ་རྒྱུའི་རིགས་ཅི་འཚོང་དུ་འཁྱེར་ཡོང་ན། ངེད་རྣམས་ཀྱིས་ཤབ་བཱད་ཡང་ན་དམ་པའི་ཉིན་མོ་གཞན་ལ་དེ་ཚོ་ལས་ཅིའང་མི་ཉོ། དེ་མ་ཟད་ལོ་བདུན་པར་ཞིང་ཡང་མི་རྨོ། བུ་ལོན་ཚང་མ་ཡང་འབུད་པར་བྱ།
༣༢ ཡང་དཀོན་མཆོག་གི་ཕོ་བྲང་གི་བདག་རྐྱེན་དོན་ལ་ཁྲིམས་བཙུགས་ཏེ། ངེད་རྣམས་ཀྱིས་ལོ་རེ་བཞིན་ཤེ་ཀེལ་གྱི་གསུམ་ཆ་ཞིག་འབུལ་བ་དང་། ༣༣ གཟིགས་པའི་བག་ལེབ་དང་། རྒྱུན་གྱི་ཞལ་ཟས་དང་། ཤབ་བཱད་དང་ཟླ་གསར་ལ་འབུལ་བའི་རྒྱུན་གྱི་སྦྱིན་སྲེག་དང་། དུས་ཆེན་སོ་སོ་དང་། རྫས་དམ་པ་དང་། ཨིས་ར་ཨེལ་གྱི་སྡིག་བཤགས་ཀྱི་མཆོད་པ་དང་། ངེད་ཀྱི་དཀོན་མཆོག་གི་ཕོ་བྲང་གི་ལས་ཐམས་ཅད་ཀྱི་ཕྱིར་ཁུར་བ་ཡིན། ༣༤ ཡང་བཀའ་ཁྲིམས་ན་བྲིས་པ་བཞིན་དུ། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་མཆོད་ཁྲིའི་ཁར་མེ་སྦར་བའི་དོན་དུ། ངེད་ཅག་གི་ཕ་མེས་ཀྱི་ཁང་པ་རེ་རེ་ནས་དུས་དུས་སུ་ལོ་ལྟར་བྱི་མེ་ཤིང་ཀི་འབུལ་བ་དེ་ངེད་ཀྱི་དཀོན་མཆོག་གི་ཕོ་བྲང་དུ་སྐྱེལ་བའི་ཕྱིར་དུ། ངེད་རྣམས་ཀྱིས་བླ་མ་དང་ལེ་ཝི་པ་དང་མི་བྱིངས་ཀྱི་ནང་དུ་རྟགས་རིལ་བཏབ་བོ། ༣༥ ལོ་རེ་བཞིན་རང་གི་ཐོག་ཕུད་དང་རྩི་ཤིང་གི་འབྲས་བུ་ཐམས་ཅད་ཀྱི་ཕུད་དེ་ཡ་ཧོ་ཝཱའི་ཕོ་བྲང་དུ་སྐྱེལ་བ་དང་། ༣༦ བཀའ་ཁྲིམས་ན་བྲིས་ཡོད་པ་བཞིན་དུ། ངེད་རྣམས་ཀྱིས་རང་གི་བུ་དང་ཕྱུགས་དང་བ་གླང་དང་ལུག་ཁྱུའི་སྔོན་སྐྱེས་རྣམས། བདག་ཅག་གི་དཀོན་མཆོག་གི་ཕོ་བྲང་དུ། དཀོན་མཆོག་གི་ཁྱིམ་ན་ཞབས་ཏོག་བྱེད་པའི་བླ་མ་རྣམས་ཀྱི་དྲུང་དུ་འབུལ་བ་དང་། ༣༧ རང་གི་བག་ཟན་གྱི་ཕུད་དང་། བཟའ་ཤིང་རིགས་ཐམས་ཅད་ཀྱི་འབྲས་བུ་དང་རྒུན་ཆང་དང་འབྲུ་མར་གྱི་ཕུད་ནི། བདག་ཅག་གི་དཀོན་མཆོག་གི་ཕོ་བྲང་གི་ནང་མིག་ཏུ་བླ་མ་རྣམས་ཀྱི་དྲུང་དུ་འབུལ་ཞིང་། སྟོན་ཐོག་གི་བཅུ་ཁག་ལེ་ཝི་པ་རྣམས་ལ་སྟེར་བའི་ཕྱིར་དུ། གྲོང་ཁྱེར་ཐམས་ཅད་ན་སོ་ནམ་བྱེད་པའི་བཅུ་ཁག་ནི་ལེ་ཝི་པ་རྣམས་ལ་འབུལ་བར་བྱའོ། ༣༨ ཡང་ལེ་ཝི་པ་རྣམས་ཀྱིས་བཅུ་ཁག་ལེན་དུས་སུ། ཨ་རོན་གྱི་བུའམ་བླ་མ་དེ་ལེ་ཝི་པ་རྣམས་དང་མཉམ་དུ་ཡོད་པར་དགོས། དེ་ནས་ལེ་ཝི་པ་རྣམས་བཅུ་ཁག་རྣམས་ཀྱི་བཅུ་ཟུར་ནི་ངེད་ཀྱི་དཀོན་མཆོག་གི་ཕོ་བྲང་གི་གཏེར་མཛོད་ཀྱི་ནང་མིག་རྣམས་ཀྱི་ནང་དུ་འཇོག་པར་དགོས། ༣༩ དེ་ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་གྱི་བུ་དང་ལེ་ཝི་པའི་བུ་རྣམས་ཀྱིས་འབྲུ་དང་། རྒུན་ཆང་གསར་བ་དང་། སྣུམ་གྱི་འབུལ་བ་རྣམས་ནི། གནས་དམ་པའི་སྣོད་དང་། ཞབས་ཏོག་འབུལ་བའི་བླ་མ་དང་། སྒོ་སྲུང་པ་དང་། མགུར་ལེན་མཁན་རྣམས་བཞུགས་པའི་ནང་མིག་རྣམས་ནང་ཡར་འདྲེན་པར་དགོས། ངེད་ཅག་གིས་རང་གི་དཀོན་མཆོག་གི་ཕོ་བྲང་སྤོང་བར་མི་བྱའོ་ཞེས་དམ་བཅས་སོ༎