དེ་ནས་མི་ཐམས་ཅད་ནི་མི་གཅིག་ལྟར་ཆུའི་རྟ་སྒོའི་རྩར་ཡོད་པའི་ལམ་སྲང་དུ་འཛོམས་ནས། ཆོས་ལ་མཁས་པའི་ཨེས་རཱ་ལ། ཡ་ཧོ་ཝཱས་ཨིས་ར་ཨེལ་ལ་གསུངས་པའི་མོ་ཤེའི་བཀའ་ཁྲིམས་ཀྱི་མདོ་དེ་འདིར་བསྣམས་ཤོག་ཅེས་ཞུས་པས།  བླ་མ་ཨེས་རཱས་ཟླ་བ་བདུན་པའི་ཚེས་དང་པོར་སྐྱེས་པ་དང་བུད་མེད་ཀྱི་ཚོགས་དང་། ཐོས་ཤིང་ཧ་གོ་ནུས་པ་ཐམས་ཅད་ཀྱི་མདུན་དུ་བཀའ་ཁྲིམས་ཀྱི་མདོ་དེ་གདན་ཞུས་ནས།  སྔ་དྲོ་ནས་ཉིན་གུང་གི་བར་དུ་ཆུའི་རྟ་སྒོའི་རྩར་ཡོད་པའི་ལམ་ནང་སྐྱེས་པ་དང་བུད་མེད་དང་། ཧ་གོ་ནུས་པ་ཐམས་ཅད་ཀྱི་མདུན་དུ་བཀླགས་ཏེ། མི་ཐམས་ཅད་ཀྱིས་བཀའ་ཁྲིམས་ཀྱི་མདོ་དེ་ལ་མ་གཡེངས་པར་རྣ་བ་བཏུད་དོ།  དེའི་དོན་དུ་བཟོས་པའི་ཤིང་གི་སྟེགས་ཤིག་གི་སྟེང་དུ་ཆོས་ལ་མཁས་པའི་ཨེས་རཱ་ནི་བཞེང་ནས་བསྡད། དེའི་གཡས་ཕྱོགས་སུ་མད་ཐིད་ཡཱ་དང་། ཤེ་མཱ་དང་། ཨ་ན་ཡཱ་དང་། ཨུ་རི་ཡཱ་དང་། ཧིལ་ཀི་ཡཱ་དང་། མ་ཨ་སེ་ཡཱ་དང་དྲུག་དང་། དེའི་གཡོན་ཕྱོགས་སུ་པེ་ད་ཡཱ་དང་། མི་ཤ་ཨེལ་དང་། མལ་ཀི་ཡཱ་དང་། ཧ་ཤུམ་དང་། ཧས་བད་ད་ནཱ་དང་། ཟ་ཀར་ཡཱ་དང་། མེ་ཤུལ་ལམ་དང་བདུན་འགྲེང་ཞིང་བསྡད་དོ།  དེར་ཨེས་རཱ་མི་ཀུན་ལས་མཐོན་པོ་ལ་ཡོད་པ་དང་། མི་ཚང་མའི་མཐོང་སར་མདོ་དེ་ཕྱེས་ནས། ཁོང་གིས་ཕྱེས་མ་ཐག་ཏུ་མི་ཐམས་ཅད་ཡར་ལངས་སོ།  དེར་ཨེས་རཱས་བླ་ན་མེད་པའི་དཀོན་མཆོག་ཡ་ཧོ་ཝཱ་ལ་ཤིས་བརྗོད་པ་དང་། མི་ཐམས་ཅད་ཀྱིས་ལག་པ་བཏེགས་ནས། ལན་དུ་ཨ་མེན་ཨ་མེན་ཞེས་ཞུས་ནས། མགོ་བཀུག་སྟེ་ལུས་ས་ལ་བརྡབས་ཏེ་ཡ་ཧོ་ཝཱ་ལ་ཕྱག་བཙལ་ཏོ།  ཡང་ཡེ་ཤུ་ཨ་དང་། བཱ་ནིཤེ་རབ་ཡཱཡ་མིནཨག་ཁུབཤབ་ཐཱ་ཨིཧོ་དི་ཡཱམ་ཨ་སེ་ཡཱཀེ་ལི་ཏཱཨ་ཟར་ཡཱཡོ་ཟ་བདཧ་ནནཔེ་ལ་ཡཱ་དང་ལེ་ཝི་པ་རྣམས་ཀྱིས་རང་རང་གི་གནས་སུ་ལངས་ནས་བསྡད་ཡོད་པའི་མི་ཀུན་ལ་བཀའ་ཁྲིམས་ཀྱི་མདོ་བཤད་དོ།  དེ་དག་གིས་བཀའ་ཁྲིམས་ཀྱི་མདོ་དེ་སྐད་གསལ་པོར་བཀླགས་ནས། དོན་བཤད་ཅིང་། བཀླགས་པའི་དོན་ནི་ཧ་གོ་བར་བཅུག་གོ།
 བཀའ་ཁྲིམས་ཀྱི་གསུང་རྣམས་ཐོས་པ་དང་མི་ཐམས་ཅད་ངུས་པས། སྡེ་དཔོན་ཆེན་པོ་ནེ་ཧེམ་ཡཱ་དང་། ཆོས་ལ་མཁས་པའི་བླ་མ་ཨེས་རཱ་དང་། མི་སྡེ་ལ་དོན་བཤད་པའི་ལེ་ཝི་པ་རྣམས་ཀྱིས་མི་ཐམས་ཅད་ལ། འདི་ནི་ཡ་ཧོ་ཝཱ་ཁྱོད་རྣམས་ཀྱི་དཀོན་མཆོག་གི་ཞག་དམ་པ་ཡིན་པས། མྱ་ངན་ཡང་མ་བྱེད་ངུ་ཡང་མ་ངུ་ཞིག ༡༠ དེར་ཁོང་གིས་དེ་དག་ལ་འདི་རིང་ངེད་ཀྱི་གཙོ་བོའི་ཞག་དམ་པ་ཞིག་ཡིན་པས། ད་སོང་ལ། ཞག་རྩི་ལྡན་པ་དེ་ཟོ། མངར་མོ་དེ་ཐུང་། བསྒྲུབ་ནས་མེད་པ་རྣམས་ལ་སྐལ་བ་ཡང་སྐྱེལ་ཞིག སེམས་སྐྱོ་མ་བྱེད་ཅིག ཡ་ཧོ་ཝཱར་དགའ་བ་ནི་ཁྱོད་ཀྱི་སྟོབས་ཡིན་ནོ་ཞེས་སྨྲས་སོ། ༡༡ དེ་ལྟར་ལེ་ཝི་པ་རྣམས་ཀྱིས་མི་ཐམས་ཅད་ཁ་རོག་བསྡད་དུ་བཅུག་ནས། དེ་དག་ལ། ཁ་རོག་སྡོད། ཞག་འདི་ནི་དམ་པ་ཡིན་པས། ཁོང་འཁྲུགས་མ་བྱེད་ཅིག་ཅེས་སྨྲས་པ་དང་། ༡༢ མི་ཐམས་ཅད་ཟ་བ་དང་། འཐུང་བ་དང་། སྐལ་བ་སྐྱེལ་བ་དང་། དགའ་བ་ཆེན་པོ་བྱེད་དུ་བཤོལ་ལོ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ལ་བཤད་པའི་གསུང་རྣམས་ཧ་གོ་བའི་ཕྱིར་རོ༎
༡༣ ཡང་ཞག་གཉིས་བར་མི་ཀུན་གྱི་ཕ་མེས་བརྒྱུད་སོ་སོའི་དཔོན་པོ་རྣམས་དང་། བླ་མ་རྣམས་དང་། ལེ་ཝི་པ་རྣམས་ནི་བཀའ་ཁྲིམས་ཀྱི་གསུང་དོན་སློབ་ཏུ་ཆོས་ལ་མཁས་པའི་ཨེས་རཱའི་དྲུང་དུ་འཛོམས་སོ། ༡༤ དེར་ཡ་ཧོ་ཝཱས་མོ་ཤེའི་ངག་གི་སྒོ་ནས་གསུངས་པའི་བཀའ་ཁྲིམས་ནང་ན་ཟླ་བ་མདུན་པའི་དུས་ཆེན་ལ་ཨིས་ར་ཨེལ་གྱི་བུ་བརྒྱུད་རྣམས་སྤྱིལ་བུའི་ནང་སྡོད་པར་དགོས་བྲིས་པ་དེ་བརྙེད་དོ། ༡༥ ཡང་བྲིས་ཡོད་པ་བཞིན་དུ་སྤྱིལ་བུ་བཟོ་བ་ལ་རི་ལ་སོང་ནས་ཁ་སྐྱུར་པོའི་ཤིང་གི་ཡལ་ག་དང་། ཁ་སྐྱུར་རྒོད་པོའི་ཡལ་ག་དང་། མིར་གྱི་ཡལ་ག་དང་། ཁ་ཟུར་གྱི་ཡལ་ག་དང་། ལོ་མ་ཅན་གྱི་ཡལ་ག་རྣམས་ཚོལ་ཞིག་བྱས་ནས། གྲོང་ཁྱེར་ཐམས་ཅད་དང་ཡེ་རུ་ཤ་ལེམ་དུ་བསྒྲགས་པས། ༡༦ མི་རྣམས་ཕྱི་རོལ་དུ་སོང་ནས་ཁྱེར་འོངས་ཏེ། རང་གི་ཁང་པའི་ཐོག་དང་ཚོམས་དང་། དཀོན་མཆོག་གི་ཕོ་བྲང་གི་སྡེ་ཡངས་དང་། ཆུའི་རྟ་སྒོའི་ལམ་སྲང་དང་། ཨེབ་ར་ཨིམ་གྱི་རྟ་སྒོའི་ལམ་རྣམས་སུ་རེ་རང་གི་ཕྱིར་སྤྱིལ་བུ་བཟོས་སོ། ༡༧ ཡང་བཙོན་ནས་ལོག་འོངས་པའི་མི་ཚོགས་ཐམས་ཅད་ཀྱིས་སྤྱིལ་བུ་བཟོས་ཏེ། དེའི་འོག་ཏུ་གནས་སོ། དེ་ཅིའི་ཕྱིར་ཞེ་ན། ནུན་གྱི་བུ་ཡོ་ཤུ་ཨའི་དུས་ནས་བཟུང་སྟེ། ཞག་འདིའི་བར་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་དེ་ལྟར་མ་བྱས་པ་ཡིན། ཡང་དགའ་སྤྲོ་ཤིན་ཏུ་ཆེན་པོ་བྱུང་ངོ་། ༡༨ ཡང་ཁོང་གིས་ཞག་དང་པོ་ནས་མཇུག་མའི་བར་དུ། ཞག་ལྟར་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་མདོ་ལས་བསྒྲགས་ཏེ། དེ་རྣམས་ཀྱིས་ཉིན་ཞག་བདུན་དུས་ཆེན་བྱས་ནས། ཞག་བརྒྱད་པར་ཁྲིམས་ལུགས་བཞིན་དུ་ཆོས་ལ་ཚོགས་སོ༎