༧
དེ་ནས་ལྕགས་རི་རྩིག་ཚར་ནས། སྒོ་རྣམས་བསྐར་ཏེ། སྒོ་པ་དང་མགུར་ལེན་མཁན་དང་ལེ་ཝི་པ་རྣམས་བསྐོས་ནས། ༢ ངས་རང་གི་སྤུན་ཧ་ནཱ་ནི་དང་། ཡེ་རུ་ཤ་ལེམ་གྱི་མཁར་དཔོན་ཧ་ནན་ཡཱ་ལ་འགན་བཀལ་ཏོ། དེ་ནི་མི་མང་པོ་ལས་དྲང་ཞིང་དཀོན་མཆོག་ལ་འཇིགས་མཁན་ཞིག་ཡོད་པ་ཡིན། ༣ ཡང་ངས་དེ་དག་ལ། ཉི་མ་མ་དྲོས་བར་དུ་ཡེ་རུ་ཤ་ལེམ་གྱི་རྟ་སྒོ་རྣམས་མ་ཕྱེས་ཤིག སྲུང་མཁན་མ་འགྲོ་བའི་གོང་དུ་སྒོ་རྣམས་བརྒྱབ་སྟེ། སྒོ་གཏན་ཡང་ནོན་པར་དགོས། ཡེ་རུ་ཤ་ལེམ་པའི་ནང་ནས་སོ་པ་རྣམས་བཞག་སྟེ། རེ་རེས་རང་གི་ཁང་པའི་མདུན་དུ་སྲུང་སའི་མལ་དུ་སྡོད་དགོས་ཞེས་སྨྲས་སོ༎༤ དེའང་གྲོང་ཁྱེར་དེ་ནི་རྒྱ་ཆེ་ཞིང་། དེའི་ནང་དུ་མི་ཉུང་བས། ཁང་པ་ཀུན་ཡང་བརྩིག་ནས་མེད་པ་ཡིན། ༥ དེ་ནས་སྐུ་དྲག་དང་སྡེ་དཔོན་དང་མི་རྣམས་ཀྱི་བརྒྱུད་ཀྱི་ཐོ་བཞིན་དུ་རྩི་བར་ངའི་དཀོན་མཆོག་གིས་ངའི་སྙིང་དུ་བསྐུལ་ཏོ། དེར་སྔར་ཡར་འོངས་མཁན་རྣམས་ཀྱི་བརྒྱུད་ཐོ་ཞིག་ང་ལ་བརྙེད་བྱུང་བ་ནི་འདི་ལྟ་སྟེ།
༦ བཱ་བེལ་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་བཟུང་ཁྱེར་བའི་ནང་ནས་ཐར་ཞིང་། ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱ་རུ་རང་རང་གི་གྲོང་ཁྱེར་ལ་ཕྱིར་ལོག་བསླེབ་པའི་ཡུལ་མི་རྣམས་འདི་ཡིན་ཏེ། ༧ ཟེ་རུབ་བཱ་བེལ་དང་། ཡེ་ཤུ་ཨ་དང་། ནེ་ཧེམ་ཡཱ་དང་། ཨ་ཟར་ཡཱ་དང་། ར་ཨམ་ཡཱ་དང་། ན་ཧ་མཱ་ནི་དང་། མར་དོ་ཀཱ་ཨི་དང་། པིལ་ཤན་དང་། མིས་ཕེ་རེད་དང་། བིག་ཝཱ་ཨི་དང་། ནེ་ཧུམ་དང་། བ་ཨ་ནཱ་དང་བཅུ་གཉིས་དང་ལྷན་ཅིག་ཏུ་འོངས་སོ༎
ཨིས་ར་ཨེལ་མི་སྐྱེས་པའི་སྡོམ་གྲངས་ནི། ༨ པར་ཨོས་ཀྱི་བརྒྱུད་པ་༢༡༧༢། ༩ ཤེ་ཕད་ཡཱའི་བརྒྱུད་པ་༣༧༢། ༡༠ ཨ་རཱའི་བརྒྱུད་པ་༦༥༢། ༡༡ ཡེ་ཤུ་ཨ་དང་ཡོ་ཨབ་ཀྱི་བུ་རྣམས་ཀྱི་ནང་ནས། ཕ་ཧད་མོ་ཨབ་ཀྱི་བརྒྱུད་པ་༢༨༡༨། ༡༢ ཨེ་ལམ་གྱི་བརྒྱུད་པ་༡༢༥༤། ༡༣ ཟད་ཐུའི་བརྒྱུད་པ་༨༤༥། ༡༤ ཟག་ཀཱ་ཨིའི་བརྒྱུད་པ་༧༦༠། ༡༥ བིན་ནུ་ཨིའི་བརྒྱུད་པ་༦༤༨། ༡༦ བེ་བཱ་ཨིའི་བརྒྱུད་པ་༦༢༨། ༡༧ ཨས་གད་ཀྱི་བརྒྱུད་པ་༢༣༢༢། ༡༨ ཨ་དོ་ནི་ཀམ་གྱི་བརྒྱུད་པ་༦༦༧། ༡༩ བིག་ཝཱ་ཨིའི་བརྒྱུད་པ་༢༠༦༧། ༢༠ ཨ་དིན་གྱི་བརྒྱུད་པ་༦༥༥། ༢༡ ཧིས་ཀི་ཡཱའི་བུ་ཨ་ཏེར་གྱི་བརྒྱུད་པ་༩༨། ༢༢ ཧ་ཤུམ་གྱི་བརྒྱུད་པ་༣༢༨། ༢༣ བེ་ཙཱ་ཨིའི་བརྒྱུད་པ་༣༢༤། ༢༤ ཧ་རིབ་ཀྱི་བརྒྱུད་པ་༡༡༢། ༢༥ གི་བེ་ཨོན་གྱི་བརྒྱུད་པ་༩༥། ༢༦ བེད་ལེ་ཧེམ་པ་དང་ནེ་ཏོ་ཕཱ་པ་༡༨༨། ༢༧ ཨ་ན་ཐོད་པ་༡༢༨། ༢༨ བེད་ཨས་མ་ཝེད་པ་༤༢། ༢༩ ཁིར་ཡད་ཡེ་ཨ་རིམ་པ་དང་ཀེ་ཕི་རཱ་པ་དང་། བེ་ཨེ་རོད་པ་༧༤༣། ༣༠ རཱ་མཱ་པ་དང་གེ་བཱ་པ་༦༢༡། ༣༡ མིག་མས་པ་༡༢༢། ༣༢ བེད་ཨེལ་པ་དང་ཨ་ཨི་པ་༡༢༣། ༣༣ གཞན་ནེ་བོ་པ་༥༢། ༣༤ གཞན་ཨེ་ལམ་པ་༡༢༥༤། ༣༥ ཧ་རིམ་གྱི་བརྒྱུད་པ་༣༢༠། ༣༦ ཡེ་རི་ཀོ་པ་༣༤༥། ༣༧ ལོད་དང་ཧ་དིད་དང་ཨོ་ནོའི་མི་༧༢༡། ༣༨ སེ་ནཱ་ཨ་པ་༣༩༣༠།
༣༩ བླ་མ་རྣམས་ལས། ཡེ་ཤུ་ཨའི་ཁྱིམ་ལ་གཏོགས་པའི་ཡེ་ད་ཡཱའི་བརྒྱུད་པ་༩༧༣། ༤༠ ཨིམ་མེར་གྱི་བརྒྱུད་༡༠༥༢། ༤༡ ཕ་ཤུར་གྱི་བརྒྱུད་པ་༡༢༤༧། ༤༢ ཧ་རིམ་གྱི་བརྒྱུད་པ་༡༠༡༧།
༤༣ ལེ་ཝི་པ་རྣམས་ལས་ཧོ་ད་ཝཱའི་བརྒྱུད་ཀྱི་ཡེ་ཤུ་ཨ་དང་ཀད་མི་ཨེལ་གྱི་བརྒྱུད་པ་༧༤། ༤༤ མགུར་ལེན་མཁན་རྣམས་ལས་ཨ་སབ་ཀྱི་བརྒྱུད་པ་༡༤༨། ༤༥ སྒོ་སྲུང་པ་རྣམས་ལས། ཤལ་ལུམ་དང་ཨ་ཏེར་དང་། ཨག་ཁུབ་དང་ཏལ་མོན་དང་ཧ་ཏི་ཏཱ་དང་ཤོ་བཱ་ཨིའི་བརྒྱུད་པའི་སྡོམ་གྲངས་༡༣༨།
༤༦ ནེ་ཐི་ནིམ་པ་རྣམས་ལས། ཟི་ཧཱའི་བུ་དང་ཧ་སུ་ཕཱའི་བུ་དང་ཏབ་བ་ཨོད་ཀྱི་བུ་རྣམས། ༤༧ ཀེ་རོས་དང་ཟི་ཨ་དང་ཕ་དོན་གྱི་བརྒྱུད་པ་དང་། ༤༨ ལེ་བ་ནཱ་དང་ཧ་ག་བཱ་དང་ཤལ་མཱ་ཨིའི་བརྒྱུད་པ་དང་། ༤༩ ཧ་ནན་དང་གིད་དེལ་དང་ག་ཧར་གྱི་བརྒྱུད་པ་དང་། ༥༠ རེ་ཨ་ཡཱ་དང་རེ་ཙིན་དང་ནེ་ཀོ་དཱའི་བརྒྱུད་པ་དང་། ༥༡ ག་ཟམ་དང་ཨུ་ཟཱ་དང་པཱ་ཤེ་ཨའི་བརྒྱུད་པ་དང་། ༥༢ བེ་ཟཱ་ཨི་དང་མེ་ཨུ་ནིམ་དང་ནེ་ཕུ་སིམ་གྱི་བརྒྱུད་པ་དང་། ༥༣ བག་བུག་དང་ཧ་ཀུ་ཕཱ་དང་ཧར་ཧུར་གྱི་བརྒྱུད་པ་དང་། ༥༤ བས་ལུད་དང་མེ་ཧི་དཱ་དང་ཧར་ཤཱའི་བརྒྱུད་པ་དང་། ༥༥ བར་ཀོས་དང་སི་སེ་རཱ་དང་ཐ་མཱའི་བརྒྱུད་པ་དང་། ༥༦ ནེ་ཙི་ཡཱ་དང་ཧ་ཏི་ཕཱའི་བརྒྱུད་པ་རྣམས་སོ༎
༥༧ ཤ་ལོ་མོའི་ཞབས་ཕྱིའི་བརྒྱུད་པ་རྣམས་ལས། སོ་ཏཱ་ཨི་དང་སོ་ཕེ་རེད་དང་ཕེ་རུ་དཱའི་བརྒྱུད་པ་རྣམས་དང་། ༥༨ ཡ་ཨ་ལཱ་དང་དར་ཀོན་དང་གིད་དེལ་གྱི་བརྒྱུད་པ་རྣམས་དང་། ༥༩ ཤེ་ཕད་ཡཱ་དང་ཧད་ཏིལ་དང་ཙེ་བཱ་ཨིམ་པ་ཕོ་ཁེ་རེད་དང་ཨ་མོན་གྱི་བརྒྱུད་པ་རྣམས་སོ༎
༦༠ ནེ་ཐི་ནིམ་པ་དང་ཤ་ལོ་མོའི་ཞབས་ཕྱིའི་བརྒྱུད་པ་རྣམས་ཀྱི་སྡོམ་གྲངས་ནི་༣༩༢།
༦༡ རང་གི་ཕ་མེས་ཀྱི་བརྒྱུད་དང་རུས་ཨིས་ར་ཨེལ་ལས་ཡིན་ནམ་མ་ཡིན་སྟོན་མ་ནུས་པ་ཐེལ་མེ་ལཱ་དང་། ཐེལ་ཧར་ཤཱ་དང་། ཀེ་རུབ་དང་། ཨད་དོན་དང་། ཨིམ་མེར་ནས་ཡར་འོངས་མཁན་རྣམས་ནི་འདི་ལྟ་སྟེ། ༦༢ དེ་ལ་ཡཱ་དང་ཏོ་བི་ཡཱ་དང་ནེ་ཀོ་དཱའི་བརྒྱུད་པ་རྣམས་༦༤༢།
༦༣ བླ་མ་རྣམས་ལས། ཧ་བ་ཡཱ་དང་ཧག་ཀོས་དང་བར་ཟིལ་ལཱ་ཨིའི་བརྒྱུད་པ་རྣམས་སོ། དེས་ནི་གིལ་ཨད་པ་བར་ཟིལ་ལཱ་ཨིའི་བུ་མོ་རྣམས་ནས་གཅིག་བག་མར་བླངས་པས། དེ་དག་གི་མིང་འདི་ལ་བཏགས་སོ། ༦༤ འདི་ཚོས་མི་རབས་ཀྱི་ཐོ་བཞིན་དུ་བརྩིས་པའི་བརྒྱུད་ཐོའི་ནང་བཙལ་ཀྱང་མ་བརྙེད་པས། མི་གཙང་བ་ལྟར་བརྩིས་ཏེ། འདི་དག་བླ་མའི་གྲལ་ནས་བཏོན་ཏོ། ༦༥ ཡང་སྡེ་དཔོན་ཆེན་པོས་དེ་དག་ལ། བླ་མ་ཞིག་ཨུ་རིམ་དང་ཐུམ་མིམ་བཏགས་ནས་མ་ལངས་པའི་བར་དུ། རབ་ཏུ་དམ་པའི་རྫས་ནས་མ་ཟ་ཞེས་བསྐུལ་ཏོ༎
༦༦ ཆོས་ཚོགས་འདི་ཚང་མའི་སྡོམ་གྲངས་ནི་༤༢༣༦༠ཐམ་པ་ཡོད་པ་ཡིན། ༦༧ དེ་རྣམས་མ་གཏོགས་པར་གཡོག་པོ་དང་གཡོག་མོ་༧༣༣༧དང་། མགུར་ལེན་མཁན་སྐྱེས་པ་དང་བུད་མེད་༢༤༥ཡང་ཡོད་པ་ཡིན། ༦༨ རྟ་༧༣༦དང་དྲེའུ་༢༤༥དང་། ༦༩ རྔ་མོང་༤༣༥དང་། བོང་བུ་༦༧༢༠ཐམ་པ་ཡོད་པ་ཡིན།
༧༠ ཡང་ཕ་མེས་བརྒྱུད་ཀྱི་དཔོན་པོ་ཁ་ཤས་ཀྱིས་མཁར་ལས་ཀྱི་ཕྱིར་ནོར་བྱིན་ཏེ། སྡེ་དཔོན་ཆེན་པོས་དཀོར་མཛོད་དུ་གསེར་གྱི་དོང་ཙེ་༡༠༠༠དང་། ཏིང་༥༠དང་། ཆོས་གོས་༥༣༠ཐམ་པ་ཕུལ་ཏོ། ༧༡ ཡང་ཕ་མེས་བརྒྱུད་ཀྱི་དཔོན་པོ་ཁ་ཤས་ཀྱིས་མཁར་ལས་ཀྱི་མཛོད་དུ་གསེར་གྱི་དོང་ཙེ་༢༠༠༠༠དངུལ་རྡོ་ཚད་༢༢༠༠བྱིན་ཏོ། ༧༢ ཡང་མི་མངས་ཀྱིས་གསེར་གྱི་དོང་ཙེ་༢༠༠༠༠དང་། དངུལ་རྡོ་ཚད་༢༠༠༠དང་ཆོས་གོས་༦༧ཕུལ་ཏོ༎
༧༣ དེ་ནས་བླ་མ་དང་། ལེ་ཝི་པ་དང་། སྒོ་པ་དང་། མགུར་ལེན་མཁན་དང་། མི་སྡེའི་ནང་ནས་ཁ་ཤས་དང་། ནེ་ཐི་ནིམ་པ་དང་། ཨིས་ར་ཨེལ་ཚང་མ་རེ་རང་གི་གྲོང་ཁྱེར་དུ་གནས་ཏེ། ཟླ་བ་བདུན་པ་འཆར་བའི་ཚེ་ཨིས་ར་ཨེལ་གྱི་བུ་རྣམས་རང་རང་གི་གྲོང་ཁྱེར་དུ་ཡོད་པ་ཡིན་ནོ༎