༣
དེ་ནས་བླ་མ་ཆེན་པོ་ཨེལ་ཡཱ་ཤིབ་རང་གི་སྤུན་ཡིན་པའི་བླ་མ་རྣམས་དང་བཅས་ལངས་ནས། ལུག་སྒོ་དེ་བརྩིགས་ཏེ་བསྔོས་ནས། སྒོ་རྣམས་བཏགས་སོ། དེ་ལྟར་དེ་དག་གིས་ཧམ་མེ་ཨའི་སྤེའུ་ནས་ཧ་ནཱ་ནེ་ཨེལ་གྱི་སྤེའུའི་བར་དུ་སྔོ་བར་བྱས་སོ། ༢ དེ་དང་བསྒྲིགས་ནས་ཡེ་རི་ཀོ་པས་བརྩིགས། དེའི་རྗེས་སུ་ཨིམ་རིའི་བུ་ཟག་ཀུར་གྱིས་བརྩིགས་ཀྱིས།༣ ཉ་སྒོ་དེ་ནི་ཧ་སེ་ན་ཨ་པ་རྣམས་ཀྱིས་བརྩིགས་ཏེ། དེའི་གདུང་མ་རྣམས་བཀྲམས། སྒོ་བཙུག་ནས། སྒོ་ལྕགས་དང་སྒོ་གཏན་རྣམས་ཀྱང་བཏགས་སོ། ༤ དེ་དག་དང་བསྒྲིགས་ཏེ་ཧག་ཀོས་ཀྱི་ཚ་བོའམ། ཨུ་རི་ཡཱའི་བུ་མེ་རེ་མོད་དང་། དེ་དང་བསྒྲིགས་ཏེ་མེ་ཤེ་ཟ་བེ་ཨེལ་གྱི་ཚ་བོའམ་བེ་རེག་ཡཱའི་བུ་མེ་ཤུལ་ལམ་དང་། དེ་དང་བསྒྲིགས་ནས་བ་ཨ་ནཱའི་བུ་ཙ་དོག་གིས་ཉམས་གསོ་བྱས་སོ། ༥ དེ་དག་དང་བསྒྲིགས་ནས་ཏེ་ཀོ་ཨ་པ་རྣམས་ཀྱིས་ཉམས་གསོ་བྱས་ཀྱང་། དེ་དག་གི་སྐུ་དྲག་རྣམས་ཀྱིས་རང་གི་གཙོ་བོའི་ལས་ནང་མཇིང་པ་མ་བཀུག་གོ།
༦ པཱ་ཤེ་ཨའི་བུ་ཡེ་ཧོ་ཡ་དཱ་དང་། བེ་སོད་ཡཱའི་བུ་མེ་ཤུལ་ལམ་གཉིས་ཀྱིས་རྟ་སྒོ་རྙིང་པ་ལ་ཉམས་གསོ་བྱས་ཏེ། དེའི་གདུང་མ་རྣམས་བཀྲམས། སྒོ་བཙུགས། སྒོ་ལྕགས་དང་སྒོ་གཏན་རྣམས་བཏགས་སོ། ༧ ཡང་དེ་དག་དང་བསྒྲིགས་ནས་གི་བེ་ཨོན་པ་མེ་ལད་ཡཱ་དང་། མེ་རོ་ནོད་པ་ཡ་དོན་དང་། གི་བེ་ཨོན་པ་དང་མིས་པཱ་པ་རྣམས་ཀྱིས་གཙང་པོའི་ཚུར་ཕྱོགས་ཀྱི་བློན་པོའི་ཁྲིའི་བར་དུ་ཉམས་གསོ་བྱས་སོ། ༨ དེ་དང་བསྒྲིགས་ནས་གསེར་མགར་ཧར་ཧ་ཡཱའི་བུ་ཨུ་ཟི་ཨེལ་དང་། དེ་དང་བསྒྲིགས་ནས་སྤོས་འཚོང་པའི་བུ་ཧ་ནན་ཡཱས་ཡེ་རུ་ཤ་ལེམ་གྱི་ལྕགས་རི་ཞེང་ཆེན་བྱ་བའི་བར་དུ་ཉམས་གསོ་བྱས་སོ། ༩ དེ་དག་དང་བསྒྲིགས་ནས་ཡེ་རུ་ཤ་ལེམ་ཕྱེད་ཀའི་དཔོན་པོ་ཧུར་གྱི་བུ་རེ་ཕ་ཡཱ་དང་། ༡༠ དེ་དང་བསྒྲིགས་ནས་ཧ་རུ་མབ་ཀྱི་བུ་ཡེ་ད་ཡཱས་རང་གི་ཁང་པའི་མདུན་བར་དུ་དང་། དེ་དང་བསྒྲིགས་ནས་ཧ་ཤབ་ནེ་ཡཱའི་བུ་ཧད་ཏུས་ཀྱིས་ཉམས་གསོ་བྱས་སོ། ༡༡ ཧ་རིམ་གྱི་བུ་མལ་ཀི་ཡཱ་དང་། ཕ་ཧད་མོ་ཨབ་ཀྱི་བུ་ཧ་ཤུབ་གཉིས་ཀྱིས་ཁག་གཉིས་པ་དང་མེ་ཐབ་སྤེའུ་ལ་ཉམས་གསོ་བྱས་སོ། ༡༢ དེ་དང་བསྒྲིགས་ནས་ཡེ་རུ་ཤ་ལེམ་ཕྱེད་ཀའི་དཔོན་པོ་ཧ་ལོ་ཧེས་ཀྱི་བུ་ཤལ་ལུམ་དང་། དེའི་བུ་མོ་རྣམས་ཀྱིས་ཉམས་གསོ་བྱས་སོ༎
༡༣ ལུང་པའི་རྟ་སྒོ་དེ་ལ་ཧ་ནུན་དང་། ཟ་ནོ་ཨ་པ་རྣམས་ཀྱིས་ཉམས་གསོ་བྱས་ཏེ། བརྩིགས་ནས། སྒོ་དང་སྒོ་ལྕགས་དང་། སྒོ་གཏན་རྣམས་བཏགས་ནས། ད་དུང་ཡང་ལྕགས་རི་ཁྲུ་སྟོང་ཕྲག་གཅིག་ཙམ་ལུད་སྒོའི་བར་དུ་གྲུབ་བོ༎
༡༤ ལུད་སྒོའི་ཉམས་གསོ་ནི་བེད་ཧག་ཀེ་རེམ་གྱི་ཡུལ་ཁག་གཅིག་གི་དཔོན་པོ་རེ་ཁབ་ཀྱི་བུ་མལ་ཀི་ཡཱས་བྱས་ཤིང་། བརྩིགས་ནས་དེའི་སྒོ་བཙུག་སྟེ་སྒོ་ལྕགས་དང་སྒོ་གཏན་རྣམས་བཏགས་སོ༎
༡༥ ཆུ་མིག་གི་རྟ་སྒོའི་བཞིག་སོས་ནི་མིས་པཱའི་ཡུལ་ཁག་གཅིག་གི་དཔོན་པོ་ཡིན་པའི་ཀོལ་ཧོ་ཟེའི་བུ་ཤལ་ལུམ་གྱིས་བྱས་ཏེ། བརྩིགས་ནས་ཐོག་ཕུབས། སྒོ་དང་སྒོ་ལྕགས་དང་སྒོ་གཏན་རྣམས་བཏགས་སོ། དེ་མ་ཟད་དེ་རྒྱལ་པོའི་ཚལ་གྱི་མདུན་གྱི་ཤི་ལོ་ཨའི་རྫིང་གི་ལྕགས་རི་དང་དཱ་བིད་ཀྱི་གྲོང་ཁྱེར་ནས་འབབ་སའི་ཐེམ་པའི་བར་དུ་བརྩིགས་སོ། ༡༦ དེ་དང་བསྒྲིགས་ནས་བེད་ཙུར་ཡུལ་ཕྱེད་ཀྱི་དཔོན་པོ་ཨས་བུག་གི་བུ་ནེ་ཧེམ་ཡཱས་ནི་དཱ་བིད་ཀྱི་སྤུར་ཁང་རྣམས་ཀྱི་ཐད་ནས་བྲུས་ཡོད་པའི་རྫིང་དང་། དཔའ་བོའི་ཁྱིམ་གྱི་བར་དུ་བཞིག་སོས་བྱས་སོ༎
༡༧ དེ་དང་བསྒྲིགས་ནས་ལེ་ཝི་པ་རྣམས་ལས་བཱ་ནིའི་བུ་རེ་ཧུམ་དང་། དེའི་རྗེས་སུ་ཀེ་ཨི་ལཱའི་ཡུལ་ཕྱེད་ཀའི་དཔོན་པོ་ཧ་ཤབ་ཡཱས་རང་གི་ཡུལ་འཁོར་གྱི་ཆེད་དུ་བརྩིགས། ༡༨ དེ་དང་བསྒྲིགས་ནས་དེ་དག་གི་སྤུན་རྣམས་ལས་ཀེ་ཨི་ལཱའི་ཡུལ་ཁག་གཞན་ཕྱེད་ཀྱི་དཔོན་པོ་ཡིན་པའི་ཧེ་ན་དད་ཀྱི་བུ་བ་ཝཱ་ཨིས་བཞིག་སོས་བྱས་སོ། ༡༩ དེ་དང་བསྒྲིགས་ནས་མིས་པཱའི་དཔོན་པོ་ཡེ་ཤུ་ཨའི་བུ་ཨེ་ཟེར་གྱིས་མཚོན་ཆ་ཁང་གི་ཕྱོགས་འཛེགས་འགྲོ་སའི་ལྕགས་རིའི་གྲུ་ཀྱོག་གི་བར་དུ་དང་། ༢༠ དེ་དང་བསྒྲིགས་ནས་ཟབ་བཱ་ཨིའི་བུ་བ་རུག་གིས་སྙིང་རུས་བྱས་ཏེ་ལྕགས་རིའི་འཁོར་ས་ནས་བླ་མ་ཆེན་པོ་ཨེལ་ཡཱ་ཤིབ་ཀྱི་ཁང་པའི་སྒོ་ཐུག་བཞིག་སོས་བྱས་སོ། ༢༡ དེ་དང་བསྒྲིགས་ནས་ཧག་ཀོས་ཀྱི་ཚ་བོའམ། ཨུ་རི་ཡཱའི་བུ་མེ་རེ་མོད་ཀྱིས་ཡང་ལྟུམ་པ་ཞིག་ཨེལ་ཡཱ་ཤིབ་ཀྱི་ཁང་པའི་སྒོ་ནས་ཨེལ་ཡཱ་ཤིབ་ཀྱི་ཁང་པའི་མཇུག་བར་དུ་དང་།
༢༢ དེ་དང་བསྒྲིག་ནས་ཐང་གར་གནས་པའི་བླ་མ་རྣམས་ཀྱིས་བཞིག་སོས་བྱས་སོ། ༢༣ དེ་དང་བསྒྲིགས་ནས་བེན་ཡ་མིན་དང་ཧ་ཤུབ་ཀྱིས་རང་གི་ཁང་མདུན་བར་དུ་དང་། དེ་དང་བསྒྲིགས་ནས་ཨ་ནན་ཡཱའི་ཚ་བོའམ། མ་ཨ་སེ་ཡཱའི་བུ་ཨ་ཟར་ཡཱས་རང་གི་ཁྱིམ་གྱི་འཁོར་བརྩིགས། ༢༤ དེ་དང་བསྒྲིགས་ཏེ་ཧེ་ན་དད་ཀྱི་བུ་བིན་ནུ་ཨིས་ཨ་ཟར་ཡཱའི་ཁྱིམ་ནས་ལྕགས་རིའི་ཀྱོག་ནས་གྲུ་བར་དུ་བཞིག་སོས་བྱས་སོ། ༢༥ ཨུ་ཟཱ་ཨིའི་བུ་པ་ལལ་གྱིས་ལྕགས་རིའི་འཁོར་ས་དང་རྒྱལ་པོའི་ཕོ་བྲང་གི་མདུན་དུ་འཐོན་པའི་སྤེའུ་དང་། བཙོན་ཁང་གི་ཁྲོམ་བར་དུ་བརྩིགས། དེའི་རྗེས་སུ་པར་ཨོས་ཀྱི་བུ་པེ་ད་ཡཱ། ༢༦ ཡང་ཨོ་ཕེལ་དུ་སྡོད་པའི་ནེ་ཐི་ནིམ་པ་རྣམས་ཤར་ཕྱོགས་སུ་ཆུའི་རྟ་སྒོ་དང་། འབུར་དུ་འཐོན་པའི་སྤེའུ་ཐུག་ཡོད་པ་ཡིན།
༢༧ དེ་དག་དང་བསྒྲིགས་ནས་ཏེ་ཀོ་ཨ་པ་རྣམས་ཀྱིས་འབུར་དུ་ཡོད་པའི་སྤེའུ་ཆེན་པོ་ནས་ཨོ་ཕེལ་གྱི་ལྕགས་རི་ཐུག་ཡང་ལྟུམ་པ་ཞིག་དང་། ༢༨ བླ་མ་རྣམས་ཀྱིས་རྟའི་སྒོའི་ལྟག་པ་ནས་རེ་རང་གི་ཁྱིམ་མདུན་ལ་བཞིག་སོས་བྱས་སོ། ༢༩ དེ་དག་དང་བསྒྲིགས་ནས་ཨིམ་མེར་གྱི་བུ་ཙ་དོག་གིས་རང་གི་ཁྱིམ་མདུན་དུ་ཡོད་པ་དེ་དང་། དེའི་རྗེས་སུ་ཤར་སྒོ་བསྲུང་མཁན་ཤེ་ཀན་ཡཱའི་བུ་ཤེ་མ་ཡཱས་བརྩིགས། ༣༠ དེ་དང་བསྒྲིགས་ནས་ཤེ་ལེམ་ཡཱའི་བུ་ཧ་ནན་ཡཱ་དང་། ཚ་ལབ་ཀྱི་བུ་དྲུག་པ་ཧ་ནུན་གྱིས་ཡང་ལྟུམ་པ་ཞིག་དང་། དེའི་རྗེས་སུ་བེ་རེག་ཡཱའི་བུ་མེ་ཤུལ་ལམ་གྱིས་རང་གི་ཁང་པའི་མདུན་ལ་ཡོད་པ་དེ་བཞིག་སོས་བྱས་སོ། ༣༡ དེ་དང་བསྒྲིགས་ནས་གསེར་བཟོ་པའི་བུ་མལ་ཀི་ཡཱས་ནེ་ཐི་ནིམ་པ་དང་ཚོང་པ་རྣམས་ཀྱི་གནས་ས་དང་། མིབ་ཀད་ཀྱི་རྟ་སྒོ་དང་། གྲུའི་གྱེན་འཛེགས་ཀྱི་བར་དུ་བརྩིགས། ༣༢ གྲུའི་གྱེན་འཛེགས་དང་ལུག་སྒོའི་བར་དེ་ནི་གསེར་བཟོ་པ་དང་ཚོང་པ་རྣམས་ཀྱིས་བཞིག་སོས་བྱས་སོ༎