༨
རྒྱལ་པོ་ཨར་ཐག་ཤས་ཐཱའི་དུས་སུ་བཱ་བེལ་ནས་ང་དང་མཉམ་དུ་ཐོན་འོངས་པའི་ཕ་མེས་ཀྱི་དཔོན་པོ་རྣམས་དང་། དེ་དག་གི་གདུང་བརྒྱུད་ཀྱི་ཐོ་ནི། ༢ ཕི་ནེ་ཧས་ཀྱི་བུ་རྣམས་ནས་གེར་ཤོམ་དང་། ཨི་ཐ་མར་གྱི་བུ་རྣམས་ནས་དཱ་ནི་ཨེལ་དང་། དཱ་བིད་ཀྱི་བུ་རྣམས་ནས་ཧད་ཏུས་དང་། ༣ པར་ཨོས་ཀྱི་བུ་རྣམས་ཀྱི་ནང་ནས་ཤེ་ཀན་ཡཱའི་བུ་རྣམས་ལས། ཟ་ཀར་ཡཱ་དང་། དེ་དང་མཉམ་དུ་མི་རབས་ཀྱི་ཐོ་བཞིན་དུ་སྐྱེས་པ་༡༥༠དང་། ༤ ཕ་ཧད་མོ་ཨབ་ཀྱི་བུ་རྣམས་ནས་ཟེ་རཱ་ཡཱའི་བུ་ཨེལ་ཡོ་ཨེ་ནཱ་ཨི་དང་མཉམ་དུ་སྐྱེས་པ་༢༠༠དང་། ༥ ཤེ་ཀན་ཡཱའི་བུ་རྣམས་ནས་ཡ་ཧ་ཟི་ཨེལ་གྱི་བུ་དང་མཉམ་དུ་སྐྱེས་པ་༣༠༠དང་། ༦ ཨ་དིན་གྱི་བུ་རྣམས་ནས་ཡོ་ན་ཐན་གྱི་བུ་ཨེ་བེད་དང་། དེ་དང་མཉམ་དུ་སྐྱེས་པ་༥༠དང་། ༧ ཨེ་ལམ་གྱི་བུ་རྣམས་ནས་ཨ་ཐལ་ཡཱའི་བུ་ཡེ་ཤ་ཡཱ་དང་། དེ་དང་མཉམ་དུ་སྐྱེས་པ་༧༠དང་། ༨ ཤེ་ཕད་ཡཱའི་བུ་རྣམས་ནས་མི་ཀ་ཨེལ་གྱི་བུ་ཟེ་བད་ཡཱ་དང་། དེ་དང་མཉམ་དུ་སྐྱེས་པ་༨༠དང་། ༩ ཡོ་ཨབ་ཀྱི་བུ་རྣམས་ནས་ཡེ་ཧི་ཨེལ་གྱི་བུ་ཨོ་བད་ཡཱ་དང་། དེ་དང་མཉམ་དུ་སྐྱེས་པ་༢༡༨དང་། ༡༠ ཤེ་ལོ་མིད་ཀྱི་བུ་རྣམས་ནས་ཡོ་སེབ་ཡཱའི་བུ་དང་། དེ་དང་མཉམ་དུ་སྐྱེས་པ་༡༦༠དང་། ༡༡ བེ་བཱ་ཨིའི་བུ་བརྒྱུད་ནས་བེ་བཱ་ཨིའི་བུ་ཟ་ཀར་ཡཱ་དང་། དེ་དང་མཉམ་དུ་སྐྱེས་པ་༢༨དང་། ༡༢ ཨས་གད་ཀྱི་བུ་རྣམས་ནས་ཧག་ཀ་ཏན་གྱི་བུ་ཡོ་ཧ་ནན་དང་། དེ་དང་མཉམ་དུ་སྐྱེས་པ་༡༡༠དང་། ༡༣ ཨ་དོ་ནི་ཀམ་གྱི་བུ་མཐའ་ཆུང་རྣམས་ནས། ཨེ་ལི་ཕེ་ལེད་དང་། ཡེ་ཧི་ཨེལ་དང་། ཤེ་མ་ཡཱ་གསུམ་དང་མཉམ་དུ་སྐྱེས་པ་༦༠དང་། ༡༤ བིག་ཝཱ་ཨིའི་བུ་རྣམས་ནས། ཨུ་ཐཱ་ཨི་དང་ཟ་བུད་དང་། དེ་དག་དང་མཉམ་དུ་སྐྱེས་པ་༧༠ཐམ་པའོ༎༡༥ དེ་ནས་ངས་ཨ་ཧ་ཝཱ་ཡི་ཕྱོགས་སུ་འབབ་པའི་ཆུ་བོའི་འགྲམ་དུ་དེ་རྣམས་བསྡུས་ནས། དེར་ཞག་གསུམ་གྱི་བར་དུ་གནས་ཏེ། ངས་མི་རྣམས་དང་བླ་མ་རྣམས་ལ་བལྟས་ནས། ལེ་ཝིའི་བུ་རྣམས་ནས་གཅིག་ཀྱང་མ་བརྙེད་དོ། ༡༦ དེ་ནས་ངས་ཨེ་ལི་ཨེ་ཟེར་དང་། ཨ་རི་ཨེལ་དང་། ཤེ་མ་ཡཱ་དང་། ཨེལ་ནཱ་ཐན་དང་། ཡ་རིབ་དང་། ཨེལ་ནཱ་ཐན་དང་། ནཱ་ཐན་དང་། ཟ་ཀར་ཡཱ་དང་། མེ་ཤུལ་ལམ་ཞེས་བྱ་བའི་དྲག་རིགས་དང་། ཡོ་ཡཱ་རིབ་དང་། ཨེལ་ནཱ་ཐན་ཞེས་བྱ་བའི་སྟོན་པ་གཉིས་ལ་འབོད་པར་བཏང་བ་ཡིན། ༡༧ ཡང་ངས་དེ་རྣམས་ཀ་སིབ་ཡཱ་བྱ་བའི་གནས་ཀྱི་དཔོན་པོ་ཨིད་དོའི་དྲུང་དུ་བཏང་ནས། དེ་རྣམས་ཀྱིས་ཀ་སིབ་ཡཱ་རུ་བསྡད་པ་རྣམས་ཨིད་དོ་དང་དེའི་སྤུན་ནེ་ཐི་ནིམ་པ་ལ་ཇི་དང་ཇི་སྨྲ་དགོས་བསླབ་པ་ཡིན། དེ་ཅི་ཡིན་ཞེ་ན། ངེད་ཀྱི་དཀོན་མཆོག་གི་ཕོ་བྲང་གི་ཕྱིར་ཞབས་ཏོག་པ་རྣམས་འཁྲིད་ཤོག་ཅེས་ཟེར་བ་ཡིན། ༡༨ ངེད་ཀྱི་དཀོན་མཆོག་གི་ཕྱག་བཀའ་དྲིན་ཅན་ངེད་ཀྱི་སྟེང་དུ་ཡོད་པའི་སྒོ་ནས། དེ་རྣམས་ཀྱིས་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱི་ལེ་ཝིའི་བུ་མག་ལིའི་བུ་རྣམས་ནས་རིག་པ་དང་ལྡན་པའི་མི་ཞིག་དང་། ཤེ་རབ་ཡཱ་དང་། དེའི་བུ་དང་སྤུན་རྣམས་དང་མཉམ་དུ་སྐྱེས་པ་༡༨དང་། ༡༩ ཧ་ཤབ་ཡཱ་དང་། དེ་དང་མཉམ་དུ་མེ་རཱ་རིའི་བུ་རྣམས་ནས་ཡེ་ཤ་ཡཱ་དང་། དེའི་སྤུན་དང་བུ་རྣམས་དང་མཉམ་དུ་སྐྱེས་པ་༢༠དང་། ༢༠ དེ་མ་ཟད་དཱ་བིད་དང་ཇོ་བོ་རྣམས་ཀྱིས་ལེ་ཝི་པ་ལ་ཞབས་ཏོག་བྱེད་དུ་བསྐོས་པའི་ནེ་ཐི་ནིམ་པའི་ནང་ནས། མིང་བྲིས་ཡོད་པའི་ནེ་ཐི་ནིམ་པ་༢༢༠འཁྲིད་འོངས་སོ༎
༢༡ དེ་ནས་ངས་དེར་ཨ་ཧ་ཝཱའི་ཆུ་བོའི་འགྲམ་དུ་སྨྱུང་གནས་སྲུང་དགོས་བྱས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ང་རྣམས་ཀྱིས་རང་གི་དཀོན་མཆོག་གི་དྲུང་དུ་སེམས་སྐྱོ་བྱེད་ཅིང་། ངེད་རང་དང་། རང་གི་ཕྲུ་གུ་རྣམས་དང་། ནོར་ཕྱུགས་ཐམས་ཅད་ལ་ལམ་དྲང་པོ་སྟོན་དུ་གསོལ་བ་འདེབས་པའི་ཕྱིར་རོ། ༢༢ གང་ལ་ཞེ་ན། རྒྱལ་པོ་ནས་ལམ་བར་དུ་དགྲ་བོ་རྣམས་ནས་སྐྱབས་བྱེད་པའི་དོན་དུ་དམག་མི་དང་རྟ་པའི་ཚོགས་ཞུ་བ་ལ་ངོ་ཚ་བྱུང་། ཅི་ལ་ཞེ་ན། ང་རྣམས་ཀྱིས་རྒྱལ་པོ་ལ། ང་རྣམས་ཀྱི་དཀོན་མཆོག་གི་ཕྱག་ཁོང་འཚོལ་མཁན་ཐམས་ཅད་ཀྱི་སྟེང་དུ་ཕན་པའི་ཕྱིར་ཡོད་དེ། ཁོང་གི་དབང་དང་ཐུགས་ཁྲོ་བ་ནི་ཁོང་སྤོང་མཁན་ཐམས་ཅད་ལ་འབབ་པར་འགྱུར་རོ་ཞེས་སྨྲས་པའི་ཕྱིར་རོ། ༢༣ དེ་ནས་ང་རྣམས་སྨྱུང་གནས་སྲུང་ཞིང་། རང་གི་དཀོན་མཆོག་ལ་དེའི་དོན་དུ་གསོལ་བ་བཏབ་པས། ཁོང་གིས་གསན་པར་མཛད་དོ༎
༢༤ དེར་ངས་བླ་མ་ཆེན་པོ་རྣམས་ལས་བཅུ་གཉིས་ཤེ་རབ་ཡཱ་དང་། ཧ་ཤབ་ཡཱ་དང་། དེ་དག་གི་སྤུན་བཅུ་བསྐོས་ནས། ༢༥ རྒྱལ་པོ་དང་། ཁོང་གི་གྲོས་མི་དང་། ཇོ་བོ་རྣམས་དང་། དེར་ཡོད་པའི་ཨིས་ར་ཨེལ་པ་ཐམས་ཅད་ཀྱིས་བྱིན་པའི་དངུལ་དང་གསེར་དང་སྣོད་རྣམས། ངེད་ཀྱི་དཀོན་མཆོག་གི་ཕོ་བྲང་གི་ཕྱིར་འབུལ་བ་ཐམས་ཅད་དེ་རྣམས་ལ་བཅལ་ནས་སྤྲད་པ་ཡིན། ༢༦ ངས་དེ་རྣམས་ཀྱི་ལག་ཏུ་དངུལ་རྡོ་ཚད་༦༥༠དང་། དངུལ་གྱི་སྣོད་རྣམས་རྡོ་ཚད་༡༠༠དང་གསེར་རྡོ་ཚད་༢༠༠བཅལ་ནས་སྤྲད་དེ། ༢༧ གསེར་གྱི་ཊམ་ཀ་སྟོང་གི་ཕོར་པ་༢༠དང་། གསེར་ལྟར་རིན་ཐང་ཆེ་བའི་ཟངས་ཀྱི་སྣོད་གཉིས་ཀྱང་སྤྲད་པ་ཡིན། ༢༨ དེར་ངས་དེ་རྣམས་ལ། ཁྱོད་རྣམས་ཡ་ཧོ་ཝཱའི་དོན་དུ་དམ་པ་སྟེ། སྣོད་འདི་རྣམས་ཀྱང་དམ་པ་ཡིན། ཡང་དངུལ་དང་གསེར་ནི་ཁྱོད་ཚོའི་ཕ་མེས་ཀྱི་དཀོན་མཆོག་ཡ་ཧོ་ཝཱ་ལ་དགའ་ཞིང་ཕུལ་བའི་འབུལ་བ་ལགས་པས། ༢༩ ཡེ་རུ་ཤ་ལེམ་དུ་ཡ་ཧོ་ཝཱའི་ཕོ་བྲང་གི་གཟིམ་ཆུང་རྣམས་ཀྱི་ནང་དུ་བླ་མ་ཆེན་པོ་དང་། ལེ་ཝི་པ་དང་། ཨིས་ར་ཨེལ་ཕ་མེས་བརྒྱུད་ཀྱི་དཔོན་པོ་རྣམས་ཀྱི་མདུན་དུ་བཅལ་ནས་གཏོང་བའི་བར་དུ། ཁྱོད་རྣམས་ཀྱིས་འདི་རྣམས་ཅ་ག་བྱས་ནས་སྲུང་བར་གྱིས་ཤིག་ཅེས་སྒོ་བ་ཡིན། ༣༠ དེར་བླ་མ་དང་། ལེ་ཝི་པ་རྣམས་ཀྱིས་བསྐར་པའི་དངུལ་དང་། གསེར་དང་། སྣོད་རྣམས་ཡེ་རུ་ཤ་ལེམ་དུ་ངེད་ཀྱི་དཀོན་མཆོག་གི་ཕོ་བྲང་དུ་འཁྱེར་བར་བླངས་སོ༎
༣༡ དེ་ནས་ང་རྣམས་ཡེ་རུ་ཤ་ལེམ་དུ་ཕྱིན་པར། ཟླ་བ་དང་པོའི་ཚེས་བཅུ་གཉིས་པར་ཨ་ཧ་ཝཱའི་ཆུ་བོའི་འགྲམ་ནས་ཕོས་ཏེ། ངེད་ཀྱི་དཀོན་མཆོག་གི་ཕྱག་ང་རྣམས་ཀྱི་སྟེང་དུ་ཡོད་པས། ཁོང་གིས་ང་རྣམས་དགྲ་བོ་དང་། ལམ་དུ་འཇབ་ཡོད་པའི་ལག་ནས་ཐར་བཅུག་གོ། ༣༢ དེ་ནས་ང་རྣམས་ཡེ་རུ་ཤ་ལེམ་དུ་བསླེབས་པ་དང་། ཞག་གསུམ་དེར་བསྡད་ནས། ༣༣ ཞག་བཞི་པར་ཨུ་རི་ཡཱའི་བུ་བླ་མ་མེ་རེ་མོད་ཀྱིས་ངེད་ཀྱི་དཀོན་མཆོག་གི་ཕོ་བྲང་ནང་དུ། དངུལ་དང་། གསེར་དང་། སྣོད་རྣམས་དེ་དག་གི་ལག་ནས་བསྐར་ཏེ་བླངས་སོ། དེ་དང་མཉམ་ཕི་ནེ་ཧས་ཀྱི་བུ་ཨེལ་ཨ་ཟར་དང་། དེ་གཉིས་མཉམ་ཡེ་ཤུ་ཨའི་བུ་ཡོ་ཟ་བད་དང་། བིན་ནུ་ཨིའི་བུ་ནོ་ཨད་ཡཱ་་ལེ་ཝི་པ་རྣམས་ཡོད་པ་ཡིན། ༣༤ རེ་རེ་བསྐར་ནས། དུས་དེ་རང་ལ་ལྕིད་ཚང་མ་འབྲི་བར་བཅུག་གོ།
༣༥ ཡང་བཟུང་སྟེ་ཁྱེད་ནས་ཐར་འོངས་པའི་བུ་རྣམས་ཀྱིས་ཨིས་ར་ཨེལ་གྱི་དཀོན་མཆོག་ལ་སྦྱིན་སྲེག་གི་མཆོད་པ་ཕུལ་ཏོ། ཅི་ཙམ་ཕུལ་ཞེ་ན། ཨིས་ར་ཨེལ་ཐམས་ཅད་ཀྱི་དོན་དུ་གླང་༡༢དང་། ལུག་ཐུག་༩༦དང་། ལུ་གུ་༧༧དང་། སྡིག་མཆོད་ཀྱི་ཕྱིར་ར་ཕོ་༡༢ཕུལ་ཏེ། འདི་ཐམས་ཅད་ཡ་ཧོ་ཝཱ་ལ་སྦྱིན་སྲེག་གི་མཆོད་པར་ཕུལ་ཏོ། ༣༦ དེ་ནས་དེ་དག་གིས་རྒྱལ་པོའི་བཀའ་དེ་རྒྱལ་ཚབ་རྣམས་དང་། གཙང་པོའི་ཚུ་རོལ་གྱི་བཀའ་བློན་རྣམས་ལ་བཏད་པས། དེ་རྣམས་ཀྱིས་དཀོན་མཆོག་གི་ཕོ་བྲང་དང་མི་རྣམས་ལ་རོགས་རམ་བགྱིས་སོ༎