ད་བཱ་བེལ་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་བཟུང་ཁྱེར་ནས། བཟུང་ཁྱེར་བའི་ཁྲོད་ནས་ཐར་ཏེ། ཡེ་རུ་ཤ་ལེམ་དང་། ཡ་ཧུ་དཱ་རུ་མི་རེ་རང་གི་གྲོང་ཁྱེར་དུ་ཕྱིར་འོངས་པའི་ཡུལ་མི་རྣམས་འདི་ཡིན།  ཟེ་རུབ་བཱ་བེལ་དང་། ཡེ་ཤུ་ཨ་དང་། ནེ་ཧེམ་ཡཱ་དང་། སེ་ར་ཡཱ་དང་། རེ་ཨེ་ལ་ཡཱ་དང་། མར་དོ་ཀཱ་ཨི་དང་། པིལ་ཤན་དང་། མིས་ཕཱར་དང་། བིག་ཝཱ་ཨི་དང་། རེ་ཧུམ་དང་། བ་ཨ་ནཱ་དང་༡༡མཉམ་དུ་འོངས་སོ༎
ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་མི་རྣམས་ཀྱི་སྡོམ་གྲངས་ནི།  པར་ཨོས་ཀྱི་བུ་༢༡༧༢དང་།  ཤེ་ཕད་ཡཱ་ཡི་བུ་༣༧༢དང་།  ཨ་རཱའི་བུ་༧༧༥དང་།  ཡེ་ཤུ་ཨ་དང་ཡོ་ཨབ་ཀྱི་ནང་ནས་ཕ་ཧད་མོ་ཨབ་ཀྱི་བུ་༢༨༡༢དང་།  ཨེ་ལམ་གྱི་བུ་༡༢༥༤དང་།  ཟད་ཐུའི་བུ་༩༤༥དང་།  ཟག་ཀཱ་ཨི་ཡི་བུ་༧༦༠དང་། ༡༠ བཱ་ནིའི་བུ་༦༤༢དང་། ༡༡ བེ་བཱ་ཨིའི་བུ་༦༢༣དང་། ༡༢ ཨས་གད་ཀྱི་བུ་༡༢༢༢དང་། ༡༣ ཨ་དོ་ནི་ཀམ་གྱི་བུ་༦༦༦དང་། ༡༤ བིག་ཝཱ་ཨིའི་བུ་༢༠༥༦དང་། ༡༥ ཨ་དིན་གྱི་བུ་༤༥༤དང་། ༡༦ ཧིས་ཀི་ཡཱའི་བརྒྱུད་ནས་ཨ་ཏེར་གྱི་བུ་༩༨དང་། ༡༧ བེ་ཙཱ་ཨིའི་བུ་༣༢༣དང་། ༡༨ ཡོ་རཱའི་བུ་༡༡༢དང་། ༡༩ ཧ་ཤུམ་གྱི་བུ་༢༢༣དང་། ༢༠ གིབ་པཱར་གྱི་བུ་༩༥དང་། ༢༡ བེད་ལེ་ཧེམ་གྱི་བུ་༡༢༣དང་། ༢༢ ནེ་ཏོ་ཕཱའི་བུ་༥༦དང་། ༢༣ ཨ་ན་ཐོད་པ་༡༢༨དང་། ༢༤ ཨས་མ་ཝེད་ཀྱི་བུ་༤༢དང་། ༢༥ ཁིར་ཡད་ཡེ་ཨ་རིམ་དང་ཀེ་ཕི་རཱ་དང་། བེ་ཨེ་རོད་ཀྱི་བུ་༧༤༣དང་། ༢༦ རཱ་མཱ་དང་གེ་བཱའི་བུ་༦༢༡དང་། ༢༧ མིག་མས་པ་༡༢༢དང་། ༢༨ བེད་ཨེལ་དང་ཨ་ཨི་པ་༢༢༣དང་། ༢༩ ནེ་བོའི་བུ་༥༢དང་། ༣༠ མག་བིས་ཀྱི་བུ་༡༥༦དང་། ༣༡ ཨེ་ལམ་པ། གཞན་དེའི་བུ་༡༢༥༤དང་། ༣༢ ཧ་རམ་གྱི་བུ་༣༢༠དང་། ༣༣ ལོད་དང་། ཧ་དིད་དང་། ཨོ་ནོའི་བུ་༧༢༥དང་། ༣༤ ཡེ་རི་ཀོའི་བུ་༣༤༥དང་། ༣༥ སེ་ནཱ་ཨའི་བུ་༣༦༣༠དང་། ༣༦ བླ་མ་རྣམས་ནི། ཡེ་ཤུ་ཨའི་བརྒྱུད་ནས་ཡེ་ད་ཡཱའི་བུ་༩༧༣དང་། ༣༧ ཨིམ་མེར་གྱི་བུ་༡༠༥༢དང་། ༣༨ ཕ་ཤུར་གྱི་བུ་༡༢༤༧དང་། ༣༩ ཧ་རིམ་གྱི་བུ་༡༠༡༧དང་།
༤༠ ལེ་ཝི་པ་རྣམས་ནི། ཧོ་ད་ཝི་ཡཱའི་བརྒྱུད་ཀྱི་ཡེ་ཤུ་ཨ་དང་ཀད་མི་ཨེལ་གྱི་བུ་༧༤དང་། ༤༡ མགུར་ལེན་པ་རྣམས་ནི། ཨ་སབ་ཀྱི་བུ་༡༢༨དང་། ༤༢ སྒོ་བསྲུང་པའི་བུ་རྣམས་ནི། ཤལ་ལུམ་གྱི་བུ་རྣམས་དང་། ཨ་ཏེར་གྱི་བུ་རྣམས་དང་། ཏལ་མོན་གྱི་བུ་རྣམས་དང་། ཨག་ཁུབ་ཀྱི་བུ་རྣམས་དང་། ཧ་ཏི་ཏཱའི་བུ་རྣམས་དང་། ཤོ་བཱ་ཨི་ཡི་བུ་རྣམས་ཀྱི་སྡོམ་གྲངས་༡༣༩དང་།
༤༣ ནེ་ཐི་ནིམ་པ་རྣམས་ནི། ཟི་ཧཱའི་བུ་རྣམས་དང་། ཧ་སུ་ཕཱའི་བུ་རྣམས་དང་། ཏབ་བ་ཨོད་ཀྱི་བུ་རྣམས་དང་། ༤༤ ཀེ་རོས་ཀྱི་བུ་རྣམས་དང་། སི་ཨ་ཧཱའི་བུ་རྣམས་དང་། ཕ་དོན་གྱི་བུ་རྣམས་དང་། ༤༥ ལེ་བ་ནཱའི་བུ་རྣམས་དང་། ཧ་ག་བཱའི་བུ་རྣམས་དང་། ཨག་ཁུབ་ཀྱི་བུ་རྣམས་དང་། ༤༦ ཧ་གབ་ཀྱི་བུ་རྣམས་དང་། ཤལ་མཱ་ཨིའི་བུ་རྣམས་དང་། ཧ་ནན་གྱི་བུ་རྣམས་དང་། ༤༧ གིད་དེལ་གྱི་བུ་རྣམས་དང་། ག་ཧར་གྱི་བུ་རྣམས་དང་། རེ་ཨ་ཡཱའི་བུ་རྣམས་དང་། ༤༨ རེ་ཙིན་གྱི་བུ་རྣམས་དང་། ནེ་ཀོ་དཱའི་བུ་རྣམས་དང་། ག་ཟམ་གྱི་བུ་རྣམས་དང་། ༤༩ ཨུ་ཟཱའི་བུ་རྣམས་དང་། པཱ་ཤེ་ཨའི་བུ་རྣམས་དང་། བེ་ཟཱ་ཨིའི་བུ་རྣམས་དང་། ༥༠ ཨས་ནཱའི་བུ་རྣམས་དང་། མེ་ཨུ་ནིམ་གྱི་བུ་རྣམས་དང་། ནེ་ཕུ་སིམ་གྱི་བུ་རྣམས་དང་། ༥༡ བག་བུག་གི་བུ་རྣམས་དང་། ཧ་ཀུ་ཕཱའི་བུ་རྣམས་དང་། ཧར་ཧུར་གྱི་བུ་རྣམས་དང་། ༥༢ བས་ལུད་ཀྱི་བུ་རྣམས་དང་། མེ་ཧི་དཱའི་བུ་རྣམས་དང་། ཧར་ཤཱའི་བུ་རྣམས་དང་། ༥༣ བར་ཀོས་ཀྱི་བུ་རྣམས་དང་། སི་སེ་རཱའི་བུ་རྣམས་དང་། ཐ་མཱའི་བུ་རྣམས་དང་། ༥༤ ནེ་ཙི་ཡཱའི་བུ་རྣམས་དང་། ཧ་ཏི་ཕཱའི་བུ་རྣམས་དང་།
༥༥ ཤ་ལོ་མོའི་གཡོག་པོའམ་སོ་ཏཱ་ཨིའི་བུ་རྣམས་དང་། སོ་ཕེ་རེད་ཀྱི་བུ་རྣམས་དང་། ཕེ་རུ་དཱའི་བུ་རྣམས་དང་། ༥༦ ཡ་ཨ་ལཱའི་བུ་རྣམས་དང་། དར་ཀོན་གྱི་བུ་རྣམས་དང་། གིད་དེལ་གྱི་བུ་རྣམས་དང་། ༥༧ ཤེ་ཕད་ཡཱའི་བུ་རྣམས་དང་། ཧད་ཏིལ་གྱི་བུ་རྣམས་དང་། ཙེ་བཱ་ཨིམ་པ་ཕོ་ཁེ་རེད་ཀྱི་བུ་རྣམས་དང་། ཨ་མིའི་བུ་རྣམས་དང་།
༥༨ ནེ་ཐི་ནིམ་པ་ཐམས་ཅད་དང་ཤ་ལོ་མོའི་གཡོག་པོ་དག་གི་བུ་རྣམས་ཀྱི་སྡོམ་གྲངས་ནི་༣༩༢སོ༎
༥༩ ཡང་ཐེལ་མེ་ལཱ་དང་། ཐེལ་ཧར་ཤཱ་དང་། ཀེ་རུབ་དང་། ཨད་དན་དང་། ཨིམ་མེར་ཡུལ་ནས་ཡར་འོངས་མཁན་རྣམས་ཀྱིས། རང་གི་ཕ་མེས་ཀྱི་བརྒྱུད་དང་རུས། ཨིས་ར་ཨེལ་གྱི་ཡིན་ནམ། མ་ཡིན། སྟོན་མ་ནུས་སོ། ༦༠ དེ་མ་ཟད། དེ་ལ་ཡཱའི་བུ་རྣམས་དང་། ཏོ་བི་ཡཱའི་བུ་རྣམས་དང་། ནེ་ཀོ་དཱེའི་བུ་རྣམས་༦༥༢དང་། ༦༡ བླ་མ་རྣམས་ཀྱི་བུ་རྣམས་ནས་ཧ་བ་ཡཱའི་བུ་རྣམས་དང་། ཧག་ཀོས་ཀྱི་བུ་རྣམས་དང་། བར་ཟིལ་ལཱ་ཨིའི་བུ་རྣམས་སོ། བར་ཟིལ་ལཱ་ཨི་བྱ་བ་དེས་ནི་གིལ་ཨད་པ་བར་ཟིལ་ལཱ་ཨིའི་བུ་མོ་རྣམས་ནས་གཅིག་བག་མར་བླངས་པས། དེ་དག་གི་མིང་བཞིན་དུ་བཏགས་སོ། ༦༢ དེ་དག་གིས་རང་གི་བརྒྱུད་ཐོ་བཙལ་ཀྱང་མ་བརྙེད། དེའི་ཕྱིར་དེ་དག་མི་གཙང་བ་ལྟར་བརྩིས་ཏེ། བླ་མའི་གྲལ་ནས་བསྐྲད་དོ། ༦༣ ཡང་སྡེ་དཔོན་གྱིས་དེ་དག་ལ། བླ་མ་ཞིག་ཨུ་རིམ་དང་ཐུམ་མིམ་དང་མཉམ་དུ་མ་ལངས་པའི་བར་དུ། ཁྱོད་རྣམས་ཀྱིས་དམ་པའི་དམ་པ་ལས་ཅིའང་མ་ཟ་ཞེས་བསྐུལ་ཏོ༎
༦༤ ཆོས་ཚོགས་འདི་ཐམས་ཅད་ཀྱི་སྡོམ་གྲངས་ནི་༤༢༣༦༠ཡོད་པ་ཡིན། ༦༥ དེ་རྣམས་ཀྱི་གཡོག་པོ་དང་གཡོག་མོ་༧༣༣༧དེ་ནང་བརྩིས་པ་མ་ཡིན། དེ་རྣམས་ཀྱི་ཁྲོད་དུ་མགུར་ལེན་མཁན་གྱི་སྐྱེས་པ་དང་བུད་མེད་༢༠༠ཡོད་པ་ཡིན། ༦༦ རྟ་༧༣༦། དྲེའུ་༢༤༥། ༦༧ རྔ་མོང་༤༣༥། བོང་བུ་༦༧༢༠ཡོད་པ་ཡིན།
༦༨ དེ་ཐམས་ཅད་ཡེ་རུ་ཤ་ལེམ་དུ་ཡ་ཧོ་ཝཱའི་ཕོ་བྲང་དུ་བསླེབ་པའི་ཚེ། དཀོན་མཆོག་གི་ཕོ་བྲང་དེ་རང་གི་མལ་དུ་ཕྱིར་བཞེང་བའི་དོན་དུ། ཕ་མེས་བརྒྱུད་ཀྱི་དཔོན་པོ་ཁ་ཤས་ཀྱིས་དགའ་ཞིང་འབུལ་བ་ཕུལ་ཏོ། ༦༩ དེ་དག་གིས་རང་རང་གི་ཕུགས་དང་བསྟུན་ཏེ་མཁར་ལས་ཀྱི་གཏེར་མཛོད་ལ། གསེར་ཞོ་༦༡༠༠༠དང་། དངུལ་རྡོ་ཚད་༥༠༠༠དང་། བླ་མའི་གོས་༡༠༠བྱིན་ཏོ༎
༧༠ དེ་ནས་བླ་མ་དང་། ལེ་ཝི་པ་དང་། མི་སྐྱ་མང་པོ་དང་། མགུར་ལེན་མཁན་དང་། སྒོ་བསྲུང་མཁན་དང་། ནེ་ཐི་ནིམ་པ་རྣམས་རང་རང་གི་གྲོང་ཁྱེར་དུ་གནས་ཏེ། ཨིས་ར་ཨེལ་པ་ཐམས་ཅད་ཀྱང་རང་རང་གི་གྲོང་ཁྱེར་དུ་གནས་སོ༎