༢༧
ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་གྲངས་བཞིན་དུ་ཕ་སྤད་ཀྱི་འགོ་དཔོན་དང་། སྟོང་དཔོན་དང་། བརྒྱ་དཔོན་དང་། རྒྱལ་པོ་ལ་ཞབས་ཏོག་བྱེད་པའི་དྲག་རིགས་རྣམས་ནི། ལོའི་ཟླ་བ་ཐམས་ཅད་དུ་ཟླ་རེ་བཞིན་དུ་འགྲོ་འོང་བྱེད་ཅིང་ཡོད་པ་ཡིན། ཚིར་རེ་རེའི་ནང་དུ་མི་སྟོང་ཕྲག་ཉི་ཤུ་རྩ་བཞི་ཡོད་པ་ཡིན།༢ ཟླ་བ་དང་པོ་རེས་མོས་དང་པོ་ལ་ཟབ་དི་ཨེལ་གྱི་བུ་ཡ་ཤོ་བམ་སྟེ། དེའི་རེས་མོས་ལ་མི་སྟོང་ཕྲག་ཉི་ཤུ་རྩ་བཞི་ཡོད་པ་ཡིན། ༣ དེ་ནི་ཕེ་རེས་ཀྱི་བུ་བརྒྱུད་ལས་ཡིན་ཏེ། ཟླ་བ་དང་པོའི་དམག་དཔོན་ཐམས་ཅད་ཀྱི་འགོ་དཔོན་དུ་ཡོད་པ་ཡིན། ༤ ཟླ་བ་གཉིས་པའི་རེས་མོས་ལ་ཨ་ཧོ་ཧིད་པ་དོ་དཱ་ཨི་ཐོན་ཏེ། དེའི་རེས་ལ་མིག་ལོད་ཀྱིས་ཀྱང་འགོ་དཔོན་བྱས། དེའི་རེས་མོས་ལ་ཡང་མི་སྟོང་ཕྲག་ཉེར་བཞི་ཡོད་པ་ཡིན། ༥ ཟླ་བ་གསུམ་པར་བླ་མ་ཆེན་པོ་ཡེ་ཧོ་ཡ་དཱའི་བུ་བེ་ནཱ་ཡཱ་ནི་དམག་དཔོན་གསུམ་པ་སྟེ། དེའི་རེས་མོས་ལ་ཡང་མི་སྟོང་ཕྲག་ཉེར་བཞི་ཡོད་པ་ཡིན། ༦ བེ་ནཱ་ཡཱ་དེ་ནི་སུམ་ཅུའི་ནང་དུ་དཔའ་སྟོབས་ཅན་དང་། སུམ་ཅུའི་གཙོ་བོ་ཡིན་ཏེ། དེའི་རེས་མོས་ལ་དེའི་བུ་ཨམ་མི་ཟ་བད་ཀྱང་གཏོགས་སོ། ༧ ཟླ་བ་བཞི་པར་དམག་དཔོན་བཞི་པ་ལ་ཡོ་ཨབ་ཀྱི་ནུ་བོ་ཨ་ས་ཧེལ་ཡོད་པ་ཡིན། དེའི་རྗེས་ལ་དེའི་བུ་ཟེ་བད་ཡཱ་དེའི་མལ་དུ་བསྡད། དེའི་རེས་མོས་ལ་ཡང་སྟོང་ཕྲག་ཉེར་བཞི་ཡོད་པ་ཡིན། ༨ ཟླ་བ་ལྔ་པར་དམག་དཔོན་ལྔ་པ་ལ་ཨིས་རཱ་པ་ཤམ་ཧུད་ཡོད་པ་ཡིན། དེའི་རེས་མོས་ལ་ཡང་སྟོང་ཕྲག་ཉེར་བཞི་ཡོད་པ་ཡིན། ༩ ཟླ་བ་དྲུག་པར་དམག་དཔོན་དྲུག་པ་ལ་ཏེ་ཀོ་ཨ་པ་ཨིག་ཀེས་ཀྱི་བུ་ཨི་རཱ་སྟེ། དེའི་རེས་མོས་ལ་ཡང་སྟོང་ཕྲག་ཉེར་བཞི་ཡོད་པ་ཡིན། ༡༠ ཟླ་བ་བདུན་པར་དམག་དཔོན་བདུན་པ་ལ་ཨེབ་ར་ཨིམ་གྱི་བུ་བརྒྱུད་ཀྱི་པེ་ལོན་པ་ཧེ་ལེས་ཡོད་དེ། དེའི་རེས་མོས་ལ་ཡང་སྟོང་ཕྲག་ཉེར་བཞི་ཡོད་པ་ཡིན། ༡༡ ཟླ་བ་བརྒྱད་པར་དམག་དཔོན་བརྒྱད་པ་ལ་སེ་རག་པའི་ནང་ནས་ཧུ་ཤད་པ་སིབ་བེ་ཀཱ་ཨི་ཡོད་དེ། དེའི་རེས་མོས་ལ་ཡང་སྟོང་ཕྲག་ཉེར་བཞི་ཡོད་པ་ཡིན། ༡༢ ཟླ་བ་དགུ་པར་དམག་དཔོན་དགུ་པ་ལ་བེན་ཡ་མིན་པ་ལས་ཨ་ན་ཐོད་པ་ཨ་བི་ཨེ་སེར་ཡོད་དེ། དེའི་རེས་མོས་ལ་ཡང་སྟོང་ཕྲག་ཉེར་བཞི་ཡོད་པ་ཡིན། ༡༣ ཟླ་བ་བཅུ་པར་དམག་དཔོན་བཅུ་པ་ལ་སེ་རག་པའི་ནང་ནས་ནེ་ཏོ་ཕད་པ་མ་ཧ་རཱ་ཨི་ཡོད་དེ། དེའི་རེས་མོས་ལ་ཡང་སྟོང་ཕྲག་ཉེར་བཞི་ཡོད་པ་ཡིན། ༡༤ ཟླ་བ་བཅུ་གཅིག་པར་དམག་དཔོན་བཅུ་གཅིག་པ་ལ་ཨེབ་ར་ཨིམ་གྱི་བུ་བརྒྱུད་ལས་པི་ར་ཐོན་པ་བེ་ནཱ་ཡཱ་སྟེ། དེའི་རེས་མོས་ལ་ཡང་སྟོང་ཕྲག་ཉེར་བཞི་ཡོད་པ་ཡིན། ༡༥ ཟླ་བ་བཅུ་གཉིས་པར་དམག་དཔོན་བཅུ་གཉིས་པ་ལ་ཨོད་ནི་ཨེལ་པའི་ནང་ནས་ནེ་ཏོ་ཕད་པ་ཧེལ་དཱ་ཨི་སྟེ། དེའི་རེས་མོས་ལ་ཡང་སྟོང་ཕྲག་ཉེར་བཞི་ཡོད་པ་ཡིན།
༡༦ གཞན་ཡང་ཨིས་ར་ཨེལ་གྱི་སྡེ་སོ་སོའི་འགོ་དཔོན་དག་ནི། རུ་བེན་པའི་འགོ་དཔོན་དུ་ཟིག་རིའི་བུ་ཨེ་ལི་ཨེ་ཟེར། ཤིམ་ཨོན་པའི་འགོ་དཔོན་དུ་མ་ཨ་ཀཱའི་བུ་ཤེ་ཕད་ཡཱ། ༡༧ ལེ་ཝི་པའི་འགོ་དཔོན་དུ་ཁེ་མུ་ཨེལ་གྱི་བུ་ཧ་ཤབ་ཡཱ། ཨ་རོན་པའི་འགོ་དཔོན་དུ་ཙ་དོག ༡༨ ཡ་ཧུ་དཱ་པའི་འགོ་དཔོན་དུ་དཱ་བིད་ཀྱི་སྐུ་མཆེད་ཀྱི་ནང་ནས་ཨེ་ལི་ཧུ། ཨི་ས་གར་པའི་འགོ་དཔོན་དུ་མི་ཀ་ཨེལ་གྱི་བུ་ཨོམ་རི། ༡༩ ཟེ་བུ་ལོན་པའི་འགོ་དཔོན་དུ་ཨོ་བད་ཡཱའི་བུ་ཨིས་མ་ཡཱ། ནབ་ཐ་ལི་པའི་འགོ་དཔོན་དུ་ཨས་རི་ཨེལ་གྱི་བུ་ཡེ་རི་མོད། ༢༠ ཨེབ་ར་ཨིམ་གྱི་བུ་བརྒྱུད་ཀྱི་འགོ་དཔོན་དུ་ཨ་ཟས་ཡཱའི་བུ་ཧོ་ཤེ་ཨ། མ་ན་ཤེ་སྡེ་ཕྱེད་ཀྱི་འགོ་དཔོན་དུ་པེ་ད་ཡཱའི་བུ་ཡོ་ཨེལ། ༢༡ གིལ་ཨད་ཀྱི་མ་ན་ཤེ་སྡེ་གཞན་ཕྱེད་ཀྱི་འགོ་དཔོན་དུ་ཟ་ཀར་ཡཱའི་བུ་ཨིད་དོ། བེན་ཡ་མིན་པའི་འགོ་དཔོན་དུ་ཨབ་ནེར་གྱི་བུ་ཡ་ཨ་སི་ཨེལ། ༢༢ དཱན་པའི་འགོ་དཔོན་དུ་ཡེ་རོ་ཧམ་གྱི་བུ་ཨ་སར་ཨེལ་སྟེ། དེ་ཐམས་ཅད་ཨིས་ར་ཨེལ་གྱི་སྡེ་སོ་སོའི་འགོ་དཔོན་རྣམས་སོ། ༢༣ ཡ་ཧོ་ཝཱས། ཨིས་ར་ཨེལ་ནི་གནམ་གྱི་སྐར་མ་ལྟར་མཐའ་རྒྱས་པར་བྱའོ། གསུངས་པའི་རྐྱེན་གྱིས། དཱ་བིད་ཀྱིས་ལོ་ཉི་ཤུ་པ་མན་ཆད་མ་བརྩིས་པ་ཡིན། ༢༤ ཙེ་རུ་ཡཱའི་བུ་ཡོ་ཨབ་ཀྱིས་མི་རྩིས་བྱེད་པར་གཟས་མོད། ཨིས་ར་ཨེལ་ཐོག་ཏུ་ཐུགས་ཁྲོ་ཕོག་བྱུང་བས། དེས་རྩི་མ་ཚར་བས། རྒྱལ་པོ་དཱ་བིད་ཀྱི་རྒྱལ་རབས་ཀྱི་ནང་དུ་མི་རྩིས་དེ་མ་ཆུད་པ་ཡིན་ནོ༎
༢༥ རྒྱལ་པོའི་གཏེར་མཛོད་རྣམས་ཀྱི་ཁར་ཨ་དི་ཨེལ་གྱི་བུ་ཨས་མ་ཝེད་དང་། ཀླུངས་དང་གྲོང་ཁྱེར་དང་ཡུལ་གྲུ་དང་རྫོང་རྣམས་ལ་ཡོད་པའི་བང་མཛོད་དག་གི་ཁར་ཨུ་ཟི་ཡཱ་ཡི་བུ་ཡོ་ན་ཐན་ཡོད་པ་ཡིན། ༢༦ ཞིང་ལྷོག་ཅིང་རྨོ་བའི་སོ་ནམ་གྱི་ལས་བྱེད་པ་རྣམས་ཀྱི་ཐོག་ཏུ་ཁེ་ལུབ་ཀྱི་བུ་ཨེས་རི་དང་། ༢༧ རྒུན་ཚལ་རྣམས་ཀྱི་ཐོག་ཏུ་རཱ་མད་པ་ཤི་མེ་ཨི་དང་། རྒུན་ཚལ་གྱི་སྟོན་ཐོག་དང་རྒུན་ཆང་ཁང་རྣམས་ཀྱི་ཁར་ཤི་ཕམ་པ་ཟབ་དཱི་དང་། ༢༨ ལུང་མདོའི་ཐང་ན་ཡོད་པའི་ཁ་སྐྱུར་ཤིང་དང་འོ་སེ་ཤིང་གི་ཐོག་ཏུ་གེ་དེར་པ་བ་ཨཱལ་ཧ་ནན་དང་། སྣུམ་ཁང་གི་ཐོག་ཏུ་ཡོ་ཨས་དང་། ༢༩ ཤཱ་རོན་ལ་འཚོ་བའི་བ་ཁྱུ་རྣམས་ཀྱི་ཁར་ཤཱ་རོན་པ་ཤིད་རཱ་ཨི་དང་། ལུང་པའི་བ་ཁྱུ་རྣམས་ཀྱི་ཁར་ཨད་ལཱ་ཨི་ཡི་བུ་ཤ་ཕད་དང་། ༣༠ རྔ་མོང་རྣམས་ཀྱི་ཁར་ཨིས་མ་ཨེལ་པ་ཨོ་བིལ་དང་། བོང་བུ་རྣམས་ཀྱི་ཁར་མེ་རོ་ནོད་པ་ཡེ་ཧི་དེ་ཡཱ་དང་། ༣༡ ལུག་ཁྱུ་རྣམས་ཀྱི་ཐོག་ཏུ་ཧ་གར་པ་ཡ་ཟིས་བཞག་པ་ཡིན། དེ་ཐམས་ཅད་ནི་རྒྱལ་པོ་དཱ་བིད་ཀྱི་ནོར་གྱི་ཕྱག་མཛོད་རྣམས་ཡིན་ནོ༎
༣༢ དཱ་བིད་ཀྱི་ཨ་ཁུ་ཡོ་ན་ཐན་གྲོས་དཔོན་བློ་མཁས་པ་དང་ཡིག་མཁན་ཏེ། ཧག་མོ་ནིའི་བུ་ཡེ་ཧི་ཨེལ་བྱ་བ་དེ་རྒྱལ་སྲས་རྣམས་དང་ལྷན་ཅིག་ཏུ་བསྡད་པ་ཡིན། ༣༣ ཨ་ཧི་ཐོ་ཕེལ་ནི་རྒྱལ་པོའི་གྲོས་དཔོན་དང་། ཨར་ཁི་པ་ཧུ་ཤཱ་ཨི་ནི་རྒྱལ་པོའི་མཆེད་གྲོགས་ཡོད་པ་ཡིན། ༣༤ ཨ་ཧི་ཐོ་ཕེལ་གྱི་འོག་ཏུ་བེ་ནཱ་ཡཱའི་བུ་ཡེ་ཧོ་ཡ་དཱ་དང་ཨབ་ཡ་ཐར་གཉིས་ཀྱིས་གྲོས་དཔོན་བྱས་ཏེ། རྒྱལ་པོའི་དམག་དཔུང་གི་དམག་དཔོན་ཆེན་པོར་ཡོ་ཨབ་ཡོད་པ་ཡིན་ནོ༎