༢༥
དེ་ནས་དཱ་བིད་དང་། དམག་དཔུང་གི་དཔོན་པོ་དག་གིས་པི་ཝང་དང་། ཀོ་ཕོངས་དང་། སྦུག་ཆོལ་གྱི་སྒོ་ནས་ལུང་སྟོན་དུ་ཨ་སབ་དང་། ཧེ་མཱན་དང་། ཡེ་དུ་ཐུན་གྱི་བུ་རྣམས་ཀྱི་ནང་ནས་མི་འགའ་ཞིག་ཕྱེས་སོ། རིམ་གྲོ་བྱེད་པའི་མི་དེ་དག་གི་གྲངས་ནི། ༢ ཨ་སབ་ཀྱི་བུ་རྣམས་ལས་ཟག་ཀུར་དང་། ཡོ་སེབ་དང་། ནེ་ཐན་ཡཱ་དང་། ཨ་ཤ་རེ་ལཱ་བཅས་བཞི། ཨ་སབ་ཀྱི་བུ་འདི་རྣམས་ཨ་སབ་ཀྱི་ཁ་འོག་ལུས་ཆུད་དུ་རྒྱལ་པོས་སྒོ་བ་བཞིན་དུ་ལུང་བསྟན་པ་ཡིན། ༣ ཡེ་དུ་ཐུན་ལས་ཡེ་དུ་ཐུན་གྱི་བུ་གེ་དལ་ཡཱ་དང་། ཟེ་རི་དང་། ཡེ་ཤ་ཡཱ་དང་། ཧ་ཤབ་ཡཱ་དང་། མད་ཐིད་ཡཱ་དང་། ཤི་མེ་ཨི་དྲུག་པོས་རང་གི་ཕ་ཡེ་དུ་ཐུན་གྱི་འོག་ཏུ། པི་ཝང་གིས་ཡ་ཧོ་ཝཱ་ལ་གཏང་རག་དང་སྟོད་དབྱངས་འབུལ་དུ་ལུང་བསྟན་པ་ཡིན། ༤ ཧེ་མཱན་ལས་ཧེ་མཱན་གྱི་བུ་བུག་ཀི་ཡཱ་དང་། མད་ཐན་ཡཱ་དང་། ཨུ་ཟི་ཨེལ་དང་། ཟེ་བུ་ཨེལ་དང་། ཡེ་རི་མོད་དང་། ཧ་ནན་ཡཱ་དང་། ཧ་ནཱ་ནི་དང་། ཨེ་ལི་ཨ་ཐཱ་དང་། གིད་དལ་ཏི་དང་། རོམ་མ་ཏི་ཨེ་ཟེར་དང་། ཡོས་བེ་ཀ་ཤཱ་དང་། མལ་ལོ་ཐི་དང་། ཧོ་ཐིར་དང་། མ་ཧ་ཟི་ཨོད་དང་བཅུ་བཞི། ༥ དཀོན་མཆོག་གི་གསུང་རྣམས་ནང་རུ་བ་མཐོ་བར་འདེགས་པའི་ཕྱིར་རྒྱལ་པོའི་མངོན་མཁྱེན་ཡིན་པ་འདི་ཐམས་ཅད་ནི་ཧེ་མཱན་གྱི་བུ་ཡིན་ནོ། དཀོན་མཆོག་གིས་ཧེ་མཱན་ལ་བུ་བཅུ་བཞི་དང་། བུ་མོ་གསུམ་གནང་ངོ་། ༦ རྒྱལ་པོས་ཨ་སབ་དང་། ཡེ་དུ་ཐུན་དང་། ཧེ་མཱན་ལ་སྒོ་བ་བཞིན་དུ། དེ་ཚང་མས་རེ་རང་གི་ཕས་གདམས་པ་ནང་ལྟར། དཀོན་མཆོག་གི་ཕོ་བྲང་ལ་སྦུག་ཆོལ་དང་། པི་ཝང་དང་། སྒྲ་སྙན་གྱིས་དབྱངས་བླངས་པ་ཡིན། ༧ ཡང་དེ་དག་གི་གྲངས་ནི་རང་གི་སྤུན་ཡ་ཧོ་ཝཱའི་མགུར་དབྱངས་སློབ་མཁན་དང་ཤེས་མཁན་རྣམས་དང་བཅས་སུ་ཉིས་བརྒྱ་དང་གྱ་བརྒྱད་ཡོད་པ་ཡིན། ༨ དེ་དག་གིས་ཆེ་ཆུང་དང་སློབ་དཔོན་སློབ་མའི་དབྱེ་བ་མེད་པར། ལས་ཁག་སོ་སོའི་ཕྱིར་རྟགས་རིལ་བརྒྱབས་ནས།༩ རྟགས་རིལ་དང་པོ་ཨ་སབ་ཀྱི་ཡོ་སེབ་དང་། གཉིས་པ་གེ་དལ་ཡཱ་དང་། དེའི་སྤུན་དང་། བུ་ཕྲུག་བཅས་མི་གྲངས་བཅུ་གཉིས་ཡོད་པ་ལ་ཐོན། ༡༠ གསུམ་པ་ཟག་ཀུར་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༡༡ བཞི་པ་ཨིས་རི་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༡༢ ལྔ་པ་ནེ་ཐན་ཡཱ་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༡༣ དྲུག་པ་བུག་ཀི་ཡཱ་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༡༤ བདུན་པ་ཡེ་ཤ་རེ་ལཱ་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༡༥ བརྒྱད་པ་ཡེ་ཤ་ཡཱ་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༡༦ དགུ་པ་མད་ཐན་ཡཱ་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༡༧ བཅུ་པ་ཤི་མེ་ཨི་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༡༨ བཅུ་གཅིག་པ་ཨ་སར་ཨེལ་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༡༩ བཅུ་གཉིས་པ་ཧ་ཤབ་ཡཱ་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༢༠ བཅུ་གསུམ་པ་ཤུ་བཱ་ཨེལ་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༢༡ བཅུ་བཞི་པ་མད་ཐིད་ཡཱ་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༢༢ བཅོ་ལྔ་པ་ཡེ་རེ་མོད་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༢༣ བཅུ་དྲུག་པ་ཧ་ནན་ཡཱ་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༢༤ བཅུ་བདུན་པ་ཡོས་བེ་ཀ་ཤཱ་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༢༥ བཅོ་བརྒྱད་པ་ཧ་ནཱ་ནི་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༢༦ བཅུ་དགུ་པ་མལ་ལོ་ཐི་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༢༧ ཉི་ཤུ་པ་ཨེ་ལི་ཨ་ཐཱ་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༢༨ ཉེར་གཅིག་པ་ཧོ་ཐིར་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༢༩ ཉེར་གཉིས་པ་གིད་ཏལ་ཏི་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༣༠ ཉེར་གསུམ་པ་མ་ཧ་ཟི་ཨོད་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་དང་། ༣༡ ཉེར་བཞི་པ་རོམ་མ་ཏི་ཨེ་ཟེར་དང་། དེའི་བུ་དང་སྤུན་བཅས་བཅུ་གཉིས་ཡོད་པ་ལ་ཐོན་ནོ༎