༡༦
དེ་ལྟར་དཀོན་མཆོག་གི་སྒྲོམ་དེ་གདན་དྲངས་ནས། དཱ་བིད་ཀྱིས་དེའི་དོན་དུ་ཕུབས་པའི་གཟིམ་གུར་གྱི་དབུས་སུ་མལ་དུ་བཞག་ནས། དཀོན་མཆོག་གི་ཞལ་ངོར་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་ཕུལ་ཏོ།  དཱ་བིད་ཀྱིས་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་རྣམས་འབུལ་འཕྲོ་རྫོགས་མཚམས་སུ། ཁོང་གིས་ཡ་ཧོ་ཝཱའི་མཚན་བརྗོད་ཅིང་མི་སྡེ་ཚང་མ་ལ་བྱིན་རླབས་གནང་།  དེ་ནས་ཨིས་ར་ཨེལ་ཡོད་དོ་ཅོག་གི་སྐྱེས་པ་དང་བུད་མེད་རེ་རེ་བཞིན་ཐམས་ཅད་ལ་བག་ལེབ་རེ་རེ་དང་། རྒྱ་རི་རེ་རེ་དང་། རྒུན་ཆང་བུམ་པ་རེ་རེ་བསྟེར་ཏོ༎
 ཡང་དཱ་བིད་ཀྱིས་ལེ་ཝི་པའི་ཁྲོད་ནས་མི་འགའ་ཞིག་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་གྱི་དྲུང་དུ་ཞབས་ཏོག་བགྱིད་པ་དང་། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལ་མགུར་དབྱངས་དང་གཏང་རག་དང་། སྟོད་དབྱངས་འབུལ་དུ་བཞག་གོ།  གང་ཡིན་ཞེ་ན། འགོ་བྱེད་ཨ་སབ་དང་། དེའི་འོག་ཏུ་ཟ་ཀར་ཡཱ་དང་། ཡེ་ཧི་ཨེལ་དང་། ཤེ་མི་རཱ་མོད་དང་། ཡེ་ཧི་ཨེལ་དང་། མད་ཐིད་ཡཱ་དང་། ཨེ་ལི་ཨབ་དང་། བེ་ནཱ་ཡཱ་དང་། ཨོ་བེད་ཨེ་དོམ་དང་། ཡེ་ཧི་ཨེལ་དང་བཅུ་པོས་པི་ཝང་དང་སྒྲ་སྙན་དཀྲོག་ཅིང་། ཨ་སབ་ཀྱིས་སྦུག་ཆོལ་འཁྲོལ་བ་ཡིན།  བེ་ནཱ་ཡཱ་དང་ཨ་ཧ་ཟི་ཨེལ་བླ་མ་གཉིས་ཀྱིས་རྒྱུན་དུ་དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་གྱི་མདུན་དུ་དུང་འབུད་དུ་བཞག་གོ།
 ཉིན་མོ་དེར་དཱ་བིད་ཀྱིས་ཨ་སབ་དང་དེའི་སྤུན་དག་གི་ལག་ཏུ་ཡ་ཧོ་ཝཱ་ལ་གཏང་རག་འབུལ་དུ་དང་པོ་ཉིད་དུ་བཏད་པའི་གསུང་མགུར་ནི།
 ཡ་ཧོ་ཝཱའི་མཚན་བརྗོད་ཅིང་གཏང་རག་ཕུལ། མི་བརྒྱུད་ཁྲོད་ན་ཁོང་གི་ཕྲིན་ལས་ཤོད།
 དབྱངས་ཀྱིས་ལ་ཁོང་ལ་སྟོད་དབྱངས་ཕུལ། ཁོང་གི་ངོ་མཚར་བ་ལ་བསམ་བློ་ཐོང་།
༡༠ ཁོང་གི་མཚན་དམ་པའི་ཕྱིར་སྟོད་སྔོགས། ཡཱ་ཝཱེ་འཚོལ་བའི་མིའི་སྙིང་དགའ་བར་དགོས།
༡༡ ཡ་ཧོ་ཝཱ་དང་ཁོང་གི་མཐུ་སྟོབས་ཚོལ། ཁོང་གི་ཞལ་ངོ་རྒྱུན་དུ་འཚོལ་བར་གྱིས།
༡༢ ཁོང་གིས་མཛད་པའི་ངོ་མཚར་ཆེ་བ་དང་། ལྟས་དང་ཞལ་ཆེ་གཅོད་པ་རྣམས་དྲན་ཞིག
༡༣ ཀྱེ་ཁོང་གི་བྲན་ཨིས་ར་ཨེལ་གྱི་བུ་བརྒྱུད། ཡ་ཀོབ་ཀྱི་བུ་འདམས་པ་རྣམས་ཁྱེད་ལགས།
༡༤ ཡ་ཧོ་ཝཱ་ངེད་རྣམས་ཀྱི་དཀོན་མཆོག་གིས། ས་ཆེན་ཐམས་ཅད་ལ་ཞལ་ཆེ་གཅོད་དོ༎
༡༥ ཁོང་དུས་རྒྱུན་དུ་ཞལ་ཆད་དང་། མི་རབས་སྟོང་ཕྱིར་གཏན་ལ་ཕབ་པའི་བཀའ་ཐུགས་དྲན།
༡༦ ཨབ་ར་ཧམ་དང་ཞལ་ཆད་མཛད་པ་དང་། ཨི་སཱག་ལ་དབུ་མནའ་བཞེས་པ་བཞིན།
༡༧ ཡ་ཀོབ་ལ་བཀའ་ཁྲིམས་སུ་བཙུགས་པ་དང་། ཨིས་ར་ཨེལ་དང་རྟག་པའི་ཞལ་ཆད་མཛད།
༡༨ ཀ་ན་ཨན་ཡུལ་ངས་ཁྱོད་ལ་གཏང་། དེ་ནི་ཁྱོད་ཀྱིས་སྐལ་ཡིན་ནོ་གསུངས།
༡༩ ཁྱོད་རྣམས་ཀྱི་གྲངས་ཉུང་བ་ཡིན་པའི་ཚེ། མི་ཉུང་བ་ཡིན་ཅིང་འགྲོན་པོར་གནས་ཏེ།
༢༠ མི་བརྒྱུད་གཅིག་ནས་གཅིག་ཏུ་དང་། རྒྱལ་ཁམས་གཅིག་ནས་གཞན་ཞིག་ཏུ་རྒྱུ་བའི་ཚེ།
༢༡ མི་རྣམས་ཀྱིས་དེ་དག་ནོན་པར་མ་གནང་། སྐྱབས་མཛད་ཕྱིར་རྒྱལ་པོ་རྣམས་ལ་བཀའ་བཀྱོན།
༢༢ ངས་བྱུགས་པའི་མི་རྣམས་ལ་མ་རེག་ལ། ངའི་ལུང་སྟོན་པ་རྣམས་མ་སྣད་ཅེས་གསུངས།
༢༣ ཡུལ་ཀུན་གྱིས་ཡ་ཧོ་ཝཱ་ལ་དབྱངས་ཕུལ། ཁོང་གི་ཐར་པ་ཉིན་རེ་བཞིན་སྒྲོགས་ཤིག
༢༤ མི་བརྒྱུད་རྣམས་ཀྱི་ནང་ན་ཁོང་གི་དཔལ། མི་ཚོགས་ཀུན་ལ་འཕྲིན་ལས་རྣམས་ཤོད་ཅིག
༢༥ ཡ་ཧོ་ཝཱ་ཆེ་ཞིང་རབ་ཏུ་སྟོད་འོས། ལྷ་ཐམས་ཅད་ལས་ཁོང་ནི་འཇིགས་སུ་རུང་།
༢༦ མི་བརྒྱུད་ཀྱི་ལྷ་ཐམས་ཅད་སྙིང་པོ་མེད། ཡ་ཧོ་ཝཱས་ནི་ནམ་མཁའ་རྣམས་མཛད་དོ༎
༢༧ ཁོང་གི་སྤྱན་སྔར་གཟི་བརྗིད་དང་དཔལ་མཆིས། ཁོང་གི་མཆོད་ཁང་ན་མཐུ་དང་མདངས་གདའ།
༢༨ ཡ་ཧོ་ཝཱ་ལ་ཀྱེ་མི་སྡེ་རྣམས། ཡ་ཧོ་ཝཱ་ལ་དཔལ་དང་དབང་ཕུལ་ཞིག
༢༩ ཡ་ཧོ་ཝཱའི་མཚན་གྱི་ཆེ་བ་རྗོད་ཅིག མཆོད་པ་འཁུར་ཞིང་ཁོང་གི་སྤྱན་སྔར་ཤོག བྱད་དམ་པའི་ནང་ཡ་ཧོ་ཝཱ་ལ་ཕྱག་ཚོལ།
༣༠ ས་གཞི་ཀུན་ཡ་ཧོ་ཝཱ་ལ་འཇིགས་སྐྲགས་ཤིག ཁོང་གིས་ས་གཞི་མི་གཡོ་བའི་ཕྱིར་བརྟན་པོར་མཛད།
༣༡ ནམ་མཁའ་རྣམས་དགའ་བ་དང་། ས་གཞི་ནི་མགུ་བར་ཤོག་ཅིག མི་བརྒྱུད་རྣམས་ཀྱི་ཁྲོད་དུ་འདི་སྐད་སྨྲོས། ཡ་ཧོ་ཝཱ་ནི་སྲིད་མཛད་མཁན་ལགས།
༣༢ རྒྱ་མཚོ་དང་དེའི་ནང་ན་ཅི་ཡོད་པས། འུར་སྒྲ་འབྱིན་པར་ཤོག་ཅིག ཞིང་དང་དེའི་ཁར་ཅི་ཡོད་པས། སྤྲོ་བ་སྐྱེད་པར་ཤོག་ཅིག
༣༣ ནགས་ཀྱི་ཤིང་ཀུན་ཁོང་དྲུང་དབྱངས་ལེན་པར་ཤོག་ཅིག ཡ་ཧོ་ཝཱ་ས་གཞིའི་ཞལ་ཆེ་གཅོད་དུ་གཤེགས་པར་འགྱུར།
༣༤ ཡ་ཧོ་ཝཱ་བཟང་ཞིང་ཁོང་གི་ཐུགས་རྗེ་ནི། དུས་རྒྱུན་འགྱུར་བ་མེད་པས་ཁོང་ལ་གཏང་རག་ཕུལ།
༣༥ འདི་ལྟར་ཞུས་ཤིག ཀྱེ་ཡ་ཧོ་ཝཱ་བདག་གི་དཀོན་མཆོག བདག་རྣམས་ཐར་བར་མཛོད་ལ། མི་བརྒྱུད་རྣམས་ལས་སྡུ་བར་མཛོད། དེ་ནས་བདག་རྣམས་ཀྱིས་ཁྱེད་ཀྱི་མཚན་དམ་པ་ལ། གཏང་རག་འབུལ་ཞིང་ཁྱེད་ཀྱི་སྟོད་པ་རྒྱས་པར་བྱ།
༣༦ ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལ། དུས་བརྒྱུན་ནས་བརྒྱུན་དུ་སྟོད་བསྔགས་པར་འགྱུར་བར་ཤོག ཅེས་གསུངས་པ་དང་། མི་སྡེ་ཚང་མས་ཨ་མེན་ཟེར་ཞིང་། ཡ་ཧོ་ཝཱ་ལ་སྟོད་བསྔགས་སོ༎
༣༧ དེ་ནས་ཁོང་གིས་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་གྱི་དྲུང་དུ་རྒྱུན་ཆད་མེད་པར་ཉིན་རེ་བཞིན་དུ་བྱེད་དགོས་པའི་ཞབས་ཏོག་ཞུ་རྒྱུར་ཨ་སབ་དང་དེའི་སྤུན་རྣམས་བཞག་པ་ཡིན། ༣༨ སྒོ་སྲུང་པར་ཨོ་བེད་ཨེ་དོམ་དང་། དེའི་སྤུན་དྲུག་ཅུ་རེ་བརྒྱད་དང་། ཡེ་དུ་ཐུན་གྱི་བུ་ཨོ་བེད་ཨེ་དོམ་དང་། ཧོ་སཱ་དང་། ༣༩ གི་བེ་ཨོན་གྱི་མཐོ་གླིང་དུ་ཡ་ཧོ་ཝཱའི་གཟིམ་གུར་གྱི་དྲུང་དུ་བླ་མ་ཙ་དོག་དང་། བླ་མ་ཡིན་པ་དེའི་སྤུན་རྣམས་བཞག་གོ། ༤༠ ཡང་ཡ་ཧོ་ཝཱས་ཨིས་ར་ཨེལ་ལ་བཀའ་བཀོད་ཅིང་། ཁོང་གི་བཀའ་ཁྲིམས་ཀྱི་ནང་དུ་བྲིས་པ་བཞིན་དུ། རྒྱུན་དུ་སྔ་དྲོ་ཕྱི་དྲོ་གཉིས་པོར་སྦྱིན་སྲེག་གི་མཆོད་ཁྲི་ལ་སྦྱིན་སྲེག་གི་མཆོད་པ་ཡ་ཧོ་ཝཱ་ལ་འབུལ་དུ་བཅུག་གོ། ༤༡ ཡང་དེ་དག་དང་བཅས་སུ་ཧེ་མཱན་དང་། ཡེ་དུ་ཐུན་དང་། གཞན་མིང་གསལ་གྱིས་ཕྱེས་མཁན་རྣམས་ཀྱིས། ཡ་ཧོ་ཝཱའི་ཐུགས་རྗེ་རྒྱུན་དུ་གནས་པའི་ཕྱིར། ཁོང་ལ་གཏང་རག་ཞུ་བར་བཞག་གོ། ༤༢ ཡང་དེ་དག་དང་བཅས་སུ་དུང་དང་། སྦུག་ཆོལ་དང་། རོལ་ཆས་ཀྱིས་དཀོན་མཆོག་ལ་མགུར་མ་འབུལ་མཁན་རྣམས་ཀྱང་ཡོད་པ་ཡིན། ཡེ་དུ་ཐུན་གྱི་བུ་རྣམས་སྒོ་པར་ཡོད་པ་ཡིན།
༤༣ དེ་ནས་མི་སྡེ་ཚང་མ་རེ་རང་གི་ཁང་པ་ལ་སོང་། དཱ་བིད་རང་གི་གཞིས་མད་རྣམས་ལ་ཤིས་པར་བརྗོད་དུ་ལོག་ཕེབས་སོ༎