༩
དེ་ནས་ཨིས་ར་ཨེལ་པ་ཐམས་ཅད་བརྒྱུད་ཀྱི་དཀར་ཆག་ནང་བརྩིས་ཏེ་ཡོད་པས། དེ་ཐམས་ཅད་ཨིས་ར་ཨེལ་གྱི་རྒྱལ་པོའི་རྒྱལ་རབས་ལ་བྲིས་ཏེ་ཡོད་མོད། ཡ་ཧུ་དཱ་ནི་རང་གི་ཉེས་སྡིག་གི་རྐྱེན་གྱིས་བཱ་བེལ་དུ་བཙོན་དུ་ཁྱེར་བ་ཡིན། ༢ རང་གིས་ས་གཞི་དང་གྲོང་ཁྱེར་ནང་ཐོག་མར་གནས་པ་རྣམས་ནི། ཨིས་ར་ཨེལ་དང་། བླ་མ་རྣམས་དང་། ལེ་ཝི་པ་རྣམས་དང་། མཆོད་ཁང་གི་བདག་རྐྱེན་བྱེད་པ་རྣམས་ཏེ། ༣ ཡ་ཧུ་དཱ་པ་དང་། བེན་ཡ་མིན་པ་དང་། ཨེབ་ར་ཨིམ་པ་དང་། མ་ན་ཤེ་པ་ལས་ཡེ་རུ་ཤ་ལེམ་དུ་གནས་པ་རྣམས་ནི། ༤ ཡ་ཧུ་དཱའི་བུ་ཕེ་རེས་ཀྱི་བུ་རྣམས་ཀྱི་ནང་ནས་ཨུ་ཐཱ་ཨི་བྱ་བའོ། ཨུ་ཐཱ་ཨི་ནི་ཨམ་མི་ཧུད་ཀྱི་བུ། དེ་ནི་ཨོམ་རིའི་བུ། དེ་ནི་ཨིམ་རིའི་བུ། དེ་ནི་བཱ་ནི་ཡི་བུའོ། ༥ ཡང་ཤི་ལོ་པའི་ཁྲོད་ལས། སྔོན་སྐྱེས་ཨ་ས་ཡཱ་དང་། དེའི་བུ་རྣམས་དང་། ༦ སེ་རག་གི་བུ་རྣམས་ལས་ཡེ་ཨུ་ཨེལ་དང་། དེའི་སྤུན་དྲུག་བརྒྱ་དགུ་བཅུ་དང་། ༧ བེན་ཡ་མིན་པ་ལས་སལ་ལུ་སྟེ། དེ་ནི་མེ་ཤུལ་ལམ་གྱི་བུ། དེ་ནི་ཧོ་ད་ཝི་ཡཱའི་བུ། དེ་ནི་ཧས་སེ་ནུ་ཨའི་བུའོ། ༨ ཡང་ཡེ་རོ་ཧམ་གྱི་བུ་ཨིབ་ནེ་ཡཱ་དང་། ཨུ་ཟིའི་བུའམ་མིག་རིའི་ཚ་བོ་ཨེ་ལཱ་བྱ་བ་དང་། ཤེ་ཕད་ཡཱའི་བུ་མེ་ཤུལ་ལམ། ཤེ་ཕད་ཡཱ་ནི་རེ་གུ་ཨེལ་གྱི་བུ། དེ་ནི་ཨིབ་ནི་ཡཱའི་བུའོ། ༩ ཡང་བརྒྱུད་ཀྱི་དཀར་ཆག་བཞིན་དུ་དེ་དག་གི་སྤུན་དགུ་བརྒྱ་དང་ལྔ་བཅུ་ང་དྲུག་དེར་གནས་པ་ཡིན། མི་དེ་ཐམས་ཅད་ནི་རང་གི་ཕ་སྤད་ཀྱི་ནང་དུ་ཕ་མེས་པོ་ནས་མི་དཔོན་བྱས་པ་ཡིན།༡༠ ཡང་བླ་མའི་ནང་ནས་དེར་གནས་པ་དག་ནི། ཡེ་ད་ཡཱ་དང་། ཡེ་ཧོ་ཡ་རིབ་དང་། ཡ་ཀིན་དང་། ༡༡ ཨ་ཟར་ཡཱ་དང་བཞིའོ། ཨ་ཟར་ཡཱ་ནི་ཧིལ་ཀི་ཡཱའི་བུ། དེ་ནི་མེ་ཤུལ་ལམ་གྱི་བུ། དེ་ནི་ཙ་དོག་གི་བུ། དེ་ནི་མེ་ར་ཡོད་ཀྱི་བུ། དེ་ནི་དཀོན་མཆོག་གི་ཕོ་བྲང་དུ་དཔོན་པོ་ལགས་པའི་ཨ་ཧི་ཏུབ་ཀྱི་བུའོ། ༡༢ ཡང་ཨ་ད་ཡཱ་ནི་ཡེ་རོ་ཧམ་གྱི་བུ། དེ་ནི་ཕ་ཤུར་གྱི་བུ། དེ་ནི་མལ་ཀི་ཡཱའི་བུ། ཡང་དེ་ནི་མ་ཨ་སཱ་ཨིའི་བུའོ། དེ་ནི་ཨ་དི་ཨེལ་གྱི་བུ། དེ་ནི་ཡ་ཟེ་རཱ་ཡི་བུ། དེ་ནི་མེ་ཤུལ་ལམ་གྱི་བུ། དེ་ནི་མེ་ཤིལ་ལེ་མིད་ཀྱི་བུ། དེ་ནི་ཨིམ་མེར་གྱི་བུའོ། ༡༣ ཡང་དེ་དག་གི་སྤུན་རྣམས་ཀྱང་དེར་གནས་སོ། དེ་དག་རང་གི་ཕ་སྤད་ཀྱི་ནང་དུ་མི་དཔོན་བྱེད་པའི་མི་ཆིག་སྟོང་བདུན་བརྒྱ་དྲུག་ཅུ་ནི། དཀོན་མཆོག་གི་ཕོ་བྲང་གི་བདག་རྐྱེན་བྱེད་དུ་ཤུགས་ཆེ་བ་ཡོད་པ་ཡིན།
༡༤ ཡང་ལེ་ཝི་པའི་ནང་ནས་དེར་གནས་པ་དག་ནི། མེ་རཱ་རིའི་བུ་བརྒྱུད་ལས་ཤེ་མ་ཡཱ། དེ་ནི་ཧ་ཤུབ་ཀྱི་བུ། དེ་ནི་ཨས་རི་ཀམ་གྱི་བུ། དེ་ནི་ཧ་ཤབ་ཡཱའི་བུའོ། ༡༥ ཡང་བག་བག་ཀར་དང་། ཧེ་རེས་དང་། ག་ལལ་དང་། མད་ཐན་ཡཱ། དེ་ནི་མི་ཀཱ་ཡི་བུ། དེ་ནི་ཟིག་རིའི་བུ། དེ་ནི་ཨ་སབ་ཀྱི་བུའོ། ༡༦ ཡང་ཨོ་བད་ཡཱ། དེ་ནི་ཤེ་མ་ཡཱའི་བུ། དེ་ནི་ག་ལལ་གྱི་བུ། དེ་ནི་ཡེ་དུ་ཐུན་གྱི་བུའོ། ཡང་བེ་རེག་ཡཱ། དེ་ནི་ཨ་སཱའི་བུ། དེ་ནི་ཨེལ་ཀཱ་ནཱ་ཡི་བུའོ། དེ་རྣམས་ནེ་ཏོ་ཕད་པའི་ཡུལ་ཚོ་རྣམས་ཀྱི་ནང་དུ་གནས་པ་ཡིན།
༡༧ ཡང་སྒོ་པ་ལ། ཤལ་ལུམ་དང་། ཨག་ཁུབ་དང་། ཏལ་མོན་དང་། ཨ་ཧི་མན་དང་། དེ་དག་གི་སྤུན་རྣམས་ཡོད་པ་ཡིན། དེ་དག་གི་དཔོན་པོ་ནི་ཤལ་ལུམ་ཡོད་པ་ཡིན། ༡༨ དེ་དག་ད་ལྟའི་བར་དུ་རྒྱལ་པོའི་ཤར་སྒོ་ལ་སྡོད་ཅིང་། ལེ་ཝི་པའི་སྒར་གྱི་བྱ་ར་བ་ལགས་སོ། ༡༩ ཡང་ཤལ་ལུམ་དང་། དེའི་ཕ་སྤད་ཀྱི་སྤུན་ཀོ་རཱ་པ་རྣམས་རིམ་གྲོ་བྱེད་མཁན་དང་། གུར་མཆོག་གི་སྒོ་པ་ཡོད་པ་ཡིན། དེ་དག་གི་ཕ་མེས་པོས་ཡ་ཧོ་ཝཱའི་སྒར་སྲུང་མཁན་ཡིན་སྟབས་ཀྱིས། དེ་དག་གིས་ཀྱང་སྒོ་བསྲུངས་སོ། ཤལ་ལུམ་ནི་ཀོ་རེ་ཡི་བུ། དེ་ནི་ཨེ་བི་ཨ་སབ་ཀྱི་བུ། དེ་ནི་ཀོ་རཱ་ཡི་བུའོ། ༢༠ ཡང་ཨེལ་ཨ་ཟར་གྱི་བུ་ཕི་ནེ་ཧས་སྔར་དེ་དག་གི་འགོ་པར་ཡོད་དེ། ཡ་ཧོ་ཝཱ་དང་མཉམ་བཞུགས་པ་ཡིན། ༢༡ ཡང་མེ་ཤེ་ལེམ་ཡཱའི་བུ་ཟ་ཀར་ཡཱ་ཚོགས་ཀྱི་གུར་མཆོག་གི་སྒོ་པ་ཡོད་པ་ཡིན། ༢༢ སྒོའི་བྱ་ར་བར་འདམས་པ་འདི་ཀུན་ཉིས་བརྒྱ་དང་བཅུ་གཉིས་སོ། དེ་རྣམས་རང་གི་བརྒྱུད་ཀྱི་དཀར་ཆག་ལྟར་རང་གི་ཡུལ་ཚོའི་ནང་དུ་བརྩིས་པ་ཡིན། དཱ་བིད་དང་མངོན་ཤེས་པ་ཤ་མུ་ཨེལ་གྱིས་དེ་རྣམས་ལ་ཁག་འཁུར་པའི་ལས་སུ་བསྐོས་པ་ཡིན། ༢༣ དེ་ལྟར་དེ་དག་དང་དེ་དག་གི་ཕྲུ་གུ་རྣམས་ཀྱིས་ཡ་ཧོ་ཝཱའི་ཕོ་བྲང་ངམ། གུར་མཆོག་གི་སྒོ་བསྲུངས་པ་ཡིན། ༢༤ ཤར་དང་ནུབ་དང་བྱང་དང་ལྷོ་ཕྱོགས་བཞིར་སྒོ་པ་ཡོད་པ་ཡིན། ༢༥ ཡང་དེ་དག་གི་སྤུན་ཡུལ་ཚོ་ལ་ཡོད་པ་རྣམས་དེ་དག་དང་བཅས་རེས་བྱས་ནས། ཞག་བདུན་བདུན་ནས་འོངས་སོ། ༢༦ གང་ལ་ཞེ་ན། ལེ་ཝི་པ་མི་དེ་བཞི་པོ་སྒོ་པའི་དཔོན་པོ་ཁག་འཁུར་མཁན་ཡིན་པས། དཀོན་མཆོག་གི་ཕོ་བྲང་གི་ནང་མིག་རྣམས་དང་དཀོར་མཛོད་རྣམས་ཀྱི་ལྟ་མཁན་དུ་བསྐོས་ཡོད་པ་ཡིན། ༢༧ མཚན་མོར་དཀོན་མཆོག་གི་ཕོ་བྲང་ལ་ཀྱིར་འཁོར་ནས་བསྡད་དོ། གང་ལ་ཞེ་ན། དེ་དག་གི་ཁག་ཏུ་ཡོད་པ་ཡིན། ཡང་སྔ་དྲོ་སྒོ་འབྱེད་པ་ཡང་དེ་དག་གི་ལས་ཡོད་པ་ཡིན།
༢༨ དེ་རྣམས་ཀྱི་ནང་ནས་འགའ་ཞིག་གིས་མཆོད་རྫས་བརྩིས་ནས། ཕྱི་ནང་འཁྱེར་དུ་བཞག ༢༩ ཡང་འགའ་ཞིག་ཡོ་བྱད་དང་། གཙང་ཁང་གི་རྫས་ཀུན་དང་། རྒྱ་ཞིབ་དང་རྒུན་ཆང་དང་། འབྲུ་མར་དང་། དྲི་བཟང་དང་། སྤོས་རྣམས་ཀྱི་གཉེར་པ་ལ་བསྐོས་ཡོད་པ་ཡིན། ༣༠ ཡང་བླ་མའི་བུའི་ནང་ནས་འགའ་ཞིག་སྤོས་ཆུ་བཟོས་པ་ཡིན། ༣༡ ཡང་ལེ་ཝི་པ་ལས་ཀོ་རཱ་པ་ཤལ་ལུམ་གྱི་སྔོན་སྐྱེས་མད་ཐིད་ཡཱ་ནི་སླ་ངའི་ནང་ན་རྔོད་བྱའི་རྫས་ཀྱི་ཁག་བཀལ་བ་ཡིན། ༣༢ ཡང་དེ་དག་གི་སྤུན་ཀོ་ཧད་པའི་བུ་རྣམས་ལ། གཟིགས་པའི་བག་ལེབ་ལ་བལྟ་བ་དང་། ཤབ་བཱད་རེ་བཞིན་དེ་བྱེད་པའི་ཁག་ཡོད་པ་ཡིན། ༣༣ དེ་རྣམས་ལེ་ཝི་པའི་ཕ་སྤད་ཀྱི་མགོ་དཔོན་མགུར་མ་བླང་མཁན་ཡིན་ཏེ། དེ་ཚོ་ཉིན་མཚན་མེད་པར་མཆོད་ཁང་གི་ནང་དུ་ལས་བྱས་པས། གཞན་ལས་གང་ཡང་མ་ཕོག་གོ། ༣༤ བརྒྱུད་ཀྱི་དཀར་ཆག་ལྟར་ཡེ་རུ་ཤ་ལེམ་དུ་གནས་པ་དེ་དག་ལེ་ཝི་པའི་ཕ་སྤད་ཀྱི་མི་དཔོན་ཡོད་པ་ཡིན།
༣༥ གི་བེ་ཨོན་དུ་གི་བེ་ཨོན་བཙུགས་པའི་ཕ་ཡེ་ཧི་ཨེལ་གནས་པ་ཡིན། དེའི་ཆུང་མའི་མིང་མ་ཨ་ཀཱ་སྟེ། ༣༦ དེའི་སྔོན་སྐྱེས་ཨབ་དོན། དེའི་འོག་ཏུ་ཙུར་དང་། ཀིས་དང་། བ་ཨཱལ་དང་། ནེར་དང་། ནཱ་དབ་དང་། ༣༧ གེ་དོར་དང་། ཨ་ཧི་ཨོ་དང་། ཟ་གར་ཡཱ་དང་། མིག་ལོད་དང་བཅུའོ། ༣༨ ཡང་མིག་ལོད་ལས་ཤི་མེ་ཨམ་ཆད་དེ། དེ་དག་ཀྱང་ཡེ་རུ་ཤ་ལེམ་དུ་རང་གི་སྤུན་གྱི་མདུན་དུ་དེ་དག་དང་མཉམ་དུ་གནས་པ་ཡིན། ༣༩ ནེར་ལས་ཀིས་ཆད། ཀིས་ལས་ཤ་ཨུལ་ཆད། ཤ་ཨུལ་ལས་ཡོ་ན་ཐན་དང་། མལ་ཀི་ཤུ་ཨ་དང་། ཨ་བི་ནཱ་དབ་དང་། ཨེས་བ་ཨཱལ་དང་བཞི་ཆད། ༤༠ ཡོ་ན་ཐན་གྱི་བུ་མེ་རིབ་བ་ཨཱལ་དང་། མེ་རིབ་བ་ཨཱལ་ལས་མི་ཀཱ་ཆད། ༤༡ མི་ཀཱ་ཡི་བུ་ནི། པི་ཐོན་དང་། མེ་ལེག་དང་། ཏཱ་རེ་ཨ་དང་། ཨ་ཧས་དང་བཞི་སྟེ། ༤༢ ཨ་ཧས་ལས་ཡ་རཱ་ཆད། ཡ་རཱ་ལས་ཨ་ལེ་མེད་དང་། ཨས་མ་ཝེད་དང་། ཟིམ་རི་དང་གསུམ་ཆད་དེ། ཟིམ་རི་ལས་མོ་ཙཱ་ཆད། ༤༣ ཡང་མོ་ཙཱ་ལས་བི་ནེ་ཨ་ཆད། དེའི་བུ་རེ་ཕ་ཡཱ། དེའི་བུ་ཨེ་ལེ་ཨ་སཱ། དེའི་བུ་ཨ་ཙེལ། ༤༤ ཡང་ཨ་ཙེལ་གྱི་བུ་དྲུག་གི་མིང་ནི། ཨས་རི་ཀམ་དང་། བོག་རུ་དང་། ཨིས་མ་ཨེལ་དང་། ཤེ་ཨར་ཡཱ་དང་། ཨོ་བད་ཡཱ་དང་། ཧ་ནན་དང་དྲུག་སྟེ། དེ་རྣམས་ཨ་ཙེལ་གྱི་བུ་བརྒྱུད་དོ༎