༨
ཡང་བེན་ཡ་མིན་གྱི་སྔོན་སྐྱེས་བེ་ལཱ་དང་། གཉིས་པ་ཨས་བེལ་དང་། གསུམ་པ་ཨ་ཧ་རཱ་དང་། ༢ བཞི་པ་ནོ་ཧཱ་དང་། ལྔ་པ་ར་ཕཱ་ཆད་དོ། ༣ ཡང་བེ་ལཱ་ཡི་བུ་ནི། ཨད་དཱར་དང་། གེ་རཱ་དང་། ཨ་བི་ཧུད་དང་། ༤ ཨ་བི་ཤུ་ཨ་དང་། ན་ཨ་མཱན་དང་། ཨ་ཧོ་ཨ་དང་། ༥ གེ་རཱ་དང་། ཤེ་ཕུ་ཕན་དང་། ཧུ་རམ་མོ། ༦ ཡང་ཡེ་ཧུད་ཀྱི་བུ་དེ་རྣམས་ནི་གེ་བཱ་རུ་གཞིས་ཆགས་པའི་ཕ་མེས་ཀྱི་བརྒྱུད་ཀྱི་མི་དཔོན་དུ་གྱུར་ནས། ཕྱིས་སུ་མ་ནཱ་ཧད་དུ་མཐའ་ལ་སྤྱུགས་སོ། ༧ ཡང་ན་ཨ་མཱན་དང་། ཨ་ཧི་ཡཱ་དང་། གེ་རཱ་གསུམ་སྟེ། དེས་འདི་རྣམས་སྤྱུགས་པ་ཡིན་ནོ། དེ་ལས་ཨུ་ཟཱ་དང་། ཨ་ཧི་ཧུད་ཆད་དོ། ༨ ཡང་ཤ་ཧ་རཱ་ཨིམ་གྱིས་རང་གི་ཆུང་མ་ཧུ་ཤིམ་དང་བ་ཨ་རཱ་་མོ་ཨབ་ཏུ་བཏོན་བཏང་བའི་འོག་ཏུ། ༩ དེའི་ཆུང་མ་ཧོ་དེས་ལས། ཡོ་བབ་དང་། ཙིབ་ཡཱ་དང་། མེ་ཤཱ་དང་། མལ་ཀམ་དང་། ༡༠ ཡེ་ཨུས་དང་། ཤག་ཡཱ་དང་། མིར་མཱ་དང་བདུན་ཆད་དེ། དེའི་བུ་རྣམས་རང་གི་ཕ་སྤད་ཀྱི་མི་དཔོན་དུ་གྱུར་ཏོ། ༡༡ ཧུ་ཤིམ་ལས་ཨ་བི་ཏུབ་དང་། ཨེལ་པ་ཨལ་ཆད་དེ། ༡༢ ཨེལ་པ་ཨལ་གྱི་བུ་ནི། ཨེ་བེར་དང་། མི་ཤཱམ་དང་། ཤེ་མེར་དང་གསུམ་སྟེ། དེས་ཨོ་ནོ་དང་ལོད་གཉིས་པོ་དང་། དེའི་གྲོང་ཚོ་རྣམས་དང་བཅས་པ་བཙུགས་སོ༎༡༣ དེ་མ་ཟད། ཨ་ཡ་ལོན་དུ་གཞིས་ཆགས་ཡོད་པའི་ཕ་སྤད་ཀྱི་མི་དཔོན་དུ་གྱུར་པའི་བེ་རི་ཡཱ་དང་། ཤེ་མཱ་གཉིས་སོ། དེ་དག་གིས་གད་པ་རྣམས་བསྐྲད་བཏང་བ་ཡིན། ༡༤ བེ་རི་ཡཱ་ཡི་བུ་ནི། ཨ་ཧི་ཡོ་དང་། ཤ་ཤག་དང་། ཡེ་རེ་མོད་དང་། ༡༥ ཟེ་བད་ཡཱ་དང་། ཨ་རཱད་དང་། ཨེ་དེར་དང་། ༡༦ མི་ཀ་ཨེལ་དང་། ཨིས་པཱ་དང་། ཡོ་ཧཱ་དང་དགུའོ༎
༡༧ ཨེལ་པ་ཨལ་གྱི་བུ་ནི། ཟེ་བད་ཡཱ་དང་། མེ་ཤུལ་ལམ་དང་། ཧིས་ཀི་དང་། ཧེ་བེར་དང་། ༡༨ ཨིས་མེ་རཱ་ཨི་དང་། ཨིས་ལི་ཡཱ་དང་། ཡོ་བབ་དང་དྲུག་གོ། ༡༩ ཤི་མེ་ཨི་ཡི་བུ་ནི། ཡ་ཀིམ་དང་། ཟིག་རི་དང་། ཟབ་དཱི་དང་། ༢༠ ཨེ་ལི་ཨེ་ནཱ་ཨི་དང་། ཙིལ་ལེ་ཐཱ་ཨི་དང་། ཨེ་ལི་ཨེལ་དང་། ༢༡ ཨ་ད་ཡཱ་དང་། བེ་ར་ཡཱ་དང་། ཤིམ་རད་དང་དགུའོ། ༢༢ ཤ་ཤག་གི་བུ་ནི། ཨིས་པན་དང་། ཨེ་བེར་དང་། ཨེ་ལི་ཨེལ་དང་། ༢༣ ཨབ་དོན་དང་། ཟིག་རི་དང་། ཧ་ནན་དང་། ༢༤ ཧ་ནན་ཡཱ་དང་། ཨེ་ལམ་དང་། ཨན་ཐོ་ཐི་ཡཱ་དང་། ༢༥ ཨི་བ་དེ་ཡཱ་དང་། ཕེ་ནུ་ཨེལ་དང་། བཅུ་གཅིག་གོ། ༢༦ ཡེ་རོ་ཧམ་གྱི་བུ་ནི། ཤམ་ཤེ་རཱ་ཨི་དང་། ཤེ་ཧར་ཡཱ་དང་། ཨ་ཐལ་ཡཱ་དང་། ༢༧ ཡ་ཨ་རེ་ཤི་ཡཱ་དང་། ཨེ་ལི་ཡཱ་དང་། ཟིག་རི་དང་། དྲུག་སྟེ། ༢༨ དེ་རྣམས་རང་གི་ཕ་སྤད་ཀྱི་ནང་དུ་མི་རབས་ནས་མི་རབས་སུ་མི་དཔོན་བྱས་ཏེ། ཡེ་རུ་ཤ་ལེམ་དུ་གནས་སོ༎
༢༩ ཡང་གི་བེ་ཨོན་བཙུགས་པའི་ཕ་གི་བེ་ཨོན་ཡུལ་གྱི་ནང་དུ་གནས་ཏེ། དེའི་ཆུང་མའི་མིང་ནི་མ་ཨ་ཀཱ་ཟེར་རོ། ༣༠ དེའི་སྔོན་སྐྱེས་ཨབ་དོན། དེ་ནས་ཙུར་དང་། ཀིས་དང་། བ་ཨཱལ་དང་། ནཱ་དབ་དང་། ༣༡ གེ་དོར་དང་། ཨ་ཧི་ཡོ་དང་། ཟེ་ཁེར་དང་བརྒྱད་དོ། ༣༢ ཡང་མིག་ལོད་ལས་ཤི་མེ་ཨ་ཆད་དེ། དེ་དག་ཀྱང་ཡེ་རུ་ཤ་ལེམ་དུ་རང་གི་སྤུན་གྱི་མདུན་དུ། དེ་དག་དང་མཉམ་དུ་གནས་པ་ཡིན།
༣༣ ནེར་ལས་ཀིས་ཆད། ཀིས་ལས་ཤ་ཨུལ། ཤ་ཨུལ་ལས་ཡོ་ན་ཐན་དང་། མལ་ཀི་ཤུ་ཨ་དང་། ཨ་བི་ནཱ་དབ་དང་། ཨེས་བ་ཨཱལ་དང་བཞི་ཆད་དོ། ༣༤ ཡོ་ན་ཐན་གྱི་བུ་མེ་རིབ་བ་ཨཱལ། མེ་རིབ་བ་ཨཱལ་ལས་མི་ཀཱ་ཆད་དོ། ༣༥ མི་ཀཱ་ཡི་བུ་ནི། པི་ཐོན་དང་། མེ་ལེག་དང་། ཏཱ་རེ་ཨ་དང་། ཨ་ཧས་དང་བཞིའོ། ༣༦ ཨ་ཧས་ལས་ཡེ་ཧོ་ཨ་དཱད་ཆད་དེ། ཡེ་ཧོ་ཨ་དཱད་ལས་ཨ་ལེ་མེད་དང་། ཨས་མ་ཝེད་དང་། ཟིམ་རི་ཆད་དེ། ཟིམ་རི་ལས་མོ་ཙཱ་ཆད་དོ། ༣༧ མོ་ཙཱ་ལས་བི་ནེ་ཨ་ཆད་དེ། དེའི་བུ་ར་ཕཱ། དེའི་བུ་ཨེ་ལི་ཨ་སཱ། དེའི་བུ་ཨ་ཙེལ། ༣༨ ཡང་ཨ་ཙེལ་ལ་བུ་དྲུག་ཡོད་པ་ཡིན། དེ་དག་གི་མིང་ནི། ཨས་རི་ཀམ་དང་། བོག་རུ་དང་། ཨིས་མ་ཨེལ་དང་། ཤེ་ཨར་ཡཱ་དང་། ཨོ་བད་ཡཱ་དང་། ཧ་ནན་དང་དྲུག་སྟེ། དེ་ཐམས་ཅད་ཨ་ཙེལ་གྱི་བུའོ། ༣༩ ཡང་དེའི་ནུ་བོ་ཨེ་ཤེག་གི་བུ་ནི། སྔོན་སྐྱེས་ཨུ་ལམ་དང་། བར་པ་ཡེ་ཧུས་དང་། ཐ་ཆུང་ཨེ་ལི་ཕེ་ལེད་དང་གསུམ་མོ། ༤༠ ཨུ་ལམ་གྱི་བུ་རྣམས་སྟོབས་ཤུགས་ཆེ་ལ། མདའ་རྩལ་ཅན་ཡོད་པ་ཡིན། དེ་ལ་བུ་དང་། ཚ་བོ་མང་ཞིང་། བརྒྱ་དང་ལྔ་བཅུ་ཡོད་པ་ཡིན། དེ་ཐམས་ཅད་བེན་ཡ་མིན་གྱི་བུ་བརྒྱུད་དོ༎