༧
ཨི་ས་གར་གྱི་བུ་ནི། ཐོ་ལཱ་དང་། ཕུ་ཨ་དང་། ཡ་ཤུབ་དང་། ཤིམ་རོན་དང་བཞིའོ། ༢ ཐོ་ལཱ་ཡི་བུ་ནི། ཨུ་ཟི་དང་། རེ་ཕ་ཡཱ་དང་། ཡེ་རི་ཨེལ་དང་། ཡ་ཧེ་མཱ་ཨི་དང་། ཡིབ་སམ་དང་ཤེ་མུ་ཨེལ་དང་དྲུག་སྟེ། དེ་རྣམས་རང་གི་ཕ་སྤད་ཐོ་ལཱའི་བརྒྱུད་ཀྱི་མི་དཔོན་དང་། རང་གི་མི་བརྒྱུད་ཀྱི་ནང་ན་སྒྱུ་རྩལ་དང་ལྡན་པ་ཡོད་པ་ཡིན། དཱ་བིད་ཀྱི་དུས་སུ་དེ་དག་གི་མི་གྲངས་སྟོང་ཕྲག་ཉེར་གཉིས་དང་དྲུག་བརྒྱ་ཡོད་པ་ཡིན། ༣ ཡང་ཨུ་ཟིའི་བུ་ནི་ཡིས་ར་ཧི་ཡཱ། ཡིས་ར་ཧི་ཡཱའི་བུ་ནི་མི་ཀ་ཨེལ་དང་། ཨོ་བད་ཡཱ་དང་། ཡོ་ཨེལ་དང་། ཡིས་ཤི་ཡཱ་དང་ལྔ། དེ་ཐམས་ཅད་མི་དཔོན་ནོ། ༤ དེ་དག་གི་ཁྲོད་ལས་རང་གི་བརྒྱུད་དང་། ཕ་སྤད་ཀྱི་བརྒྱུད་ཀྱི་རྩིས་བཞིན་དུ་དམག་གི་སྐྱེ་བོ་སྟོང་ཕྲག་སོ་དྲུག་ཐོན་བྱུང་། དེ་ཅིའི་ཕྱིར་ཞེ་ན། དེ་ཚོ་ལ་ཆུང་མ་དང་བུ་མང་པོ་ཡོད་པ་ཡིན། ༥ དེ་དག་རང་གི་སྤུན་ཨི་ས་གར་གྱི་ཕ་ཚན་ཐམས་ཅད་ཀྱི་ཁྲོད་ན་དམག་རྩལ་ཆེ་བ་དང་། དེའི་བརྒྱུད་ཀྱི་དཀར་ཆག་ནང་བརྩིས་པའི་སྐྱེ་བོ་ནི། སྟོང་བརྒྱད་ཅུ་གྱ་བདུན་ཐོན་ནོ༎༦ བེན་ཡ་མིན་གྱི་བུ་ནི། བེ་ལཱ་དང་། བེ་ཀེར་དང་། ཡེ་དི་ཡཱ་ཨེལ་དང་གསུམ་མོ། ༧ བེ་ལཱ་ཡི་བུ་ནི། ཨེས་བོན་དང་ཨུ་ཟི་དང་། ཨུ་ཟི་ཨེལ་དང་། ཡེ་རི་མོད་དང་། ཨི་རི་དང་ལྔའོ། རང་གི་ཕ་སྤད་ཀྱི་ཁྲོད་ན་སྟོབས་པོ་ཆེའི་མི་དཔོན་ཏེ། དེ་དག་གི་བརྒྱུད་ཀྱི་དཀར་ཆག་ནང་སྟོང་ཕྲག་ཉེར་གཉིས་དང་། སོ་བཞི་བརྩིས་པ་ཡིན། ༨ བེ་ཀེར་གྱི་བུ་ནི། ཟེ་མི་རཱ་དང་། ཡོ་ཨས་དང་། ཨེ་ལི་ཨེ་ཟེར་དང་། ཨེལ་ཡོ་ཨེ་ནཱ་ཨི་དང་ཨོམ་རི་དང་། ཡེ་རེ་མོད་དང་། ཨ་བི་ཡཱ་དང་། ཨ་ན་ཐོད་དང་། ཨ་ལེ་མེད་དང་དགུ་སྟེ། ཐམས་ཅད་བེ་ཀེར་གྱི་བུའོ། ༩ རང་གི་ཕ་སྤད་ཀྱི་མི་དཔོན་བྱས་ཏེ། བརྒྱུད་ཀྱི་དཀར་ཆག་ལྟར་མི་སྟོབས་པོ་ཆེའི་གྲངས་ནི་སྟོང་ཕྲག་ཉི་ཤུ་དང་། ཉིས་བརྒྱ་ཡོད་པ་ཡིན། ༡༠ ཡེ་དི་ཡཱ་ཨེལ་གྱི་བུ་ནི་བིལ་ཧན། བིལ་ཧན་གྱི་བུ་ནི་ཡེ་ཨུས་དང་། བེན་ཡ་མིན་དང་། ཡེ་ཧུད་དང་། ཀེ་ན་ནཱ་དང་། ཟེ་ཐན་དང་། ཐར་ཤིས་དང་། ཨ་ཧི་ཤ་ཧར་དང་བདུན་ཏེ། ༡༡ དེ་ཐམས་ཅད་ཡེ་དི་ཡཱ་ཨེལ་གྱི་བུ་ལགས་སོ། རང་གི་ཕ་སྤད་ཀྱི་མི་དཔོན་དང་། སྟོབས་པོ་ཆེ་དང་། དམག་འཐབ་ལ་འགྲོ་བར་ནུས་པ་སྟོང་ཕྲག་བཅུ་བདུན་དང་ཉིས་བརྒྱ་ཡོད་པ་ཡིན། ༡༢ ཡང་ཤུབ་ཕིམ་དང་། ཧུབ་ཕིམ་གཉིས་ནི་ཨིར་གྱི་བུ་དང་། ཧུ་ཤིམ་ནི་ཨ་ཧེར་གྱི་བུའོ༎
༡༣ ཡང་ནབ་ཐ་ལིའི་བུ་བརྒྱུད་བིལ་ཧཱའི་བུ་རྣམས་ནི། ཡ་ཚེ་ཨེལ་དང་། གུ་ནི་དང་། ཡེ་ཚེར་དང་། ཤལ་ལུམ་དང་བཞིའོ༎
༡༤ མ་ན་ཤེའི་བུ་ཨས་རི་ཨེལ་ནི་དེའི་ཆུང་མ་ལས་བཙས་སོ། དེའི་ཟུར་གྲོགས་ཨ་རམ་མ་ལས་མ་ཀིར་བཙས་སོ། དེ་ནི་གིལ་ཨད་ཀྱི་ཕ་ཡོད་པ་ཡིན། ༡༥ ཡང་མ་ཀིར་གྱིས་ཧུབ་ཕིམ་དང་ཤུབ་ཕིམ་ལས་ཆུང་མ་རེ་བླངས་སྟེ། དེའི་སྲིང་མོའི་མིང་ལ་མ་ཨ་ཀཱ་དང་། ནུ་བོའི་མིང་ཚེ་ལོ་ཕེ་ཧད་བྱ་སྟེ་ཚེ་ལོ་ཕེ་ཧད་ལ་བུ་མོ་རྣམས་སྐྱེས་སོ། ༡༦ མ་ཀིར་གྱི་ཆུང་མ་མ་ཨ་ཀཱ་ལ་བུ་ཞིག་བྱོར་ནས། མོས་དེའི་མིང་དུ་པེ་རེས་བཏགས་ཏེ། དེའི་ནུ་བོའི་མིང་ཤེ་རེས་བྱའོ། དེའི་བུ་ཨུ་ལམ་དང་། རེ་ཁེམ་དང་གཉིས་སོ། ༡༧ ཨུ་ལམ་གྱི་བུ་ནི་བེ་དཱན། དེ་ཐམས་ཅད་ནི་མ་ན་ཤེའི་ཚ་བོ་དང་། མ་ཀིར་གྱི་བུ་གིལ་ཨད་ཀྱི་བུ་རྣམས་སོ། ༡༨ ཡང་དེའི་སྲིང་མོ་ཧམ་མོ་ལེ་ཁེད་ལས་ཨིས་ཧོད་དང་། ཨ་བི་ཨེ་སེར་དང་། མ་ལཱ་དང་གསུམ་བཙས་ནས། ༡༩ ཤེ་མི་དཱ་ཡི་བུ་ནི། ཨ་ཡན་དང་། སི་ཀེམ་དང་། ལི་ཁི་དང་། ཨན་ཡམ་དང་བཞིའོ༎
༢༠ ཨེབ་ར་ཨིམ་གྱི་བུ་ནི་ཤུ་ཏེ་ལཱ། དེའི་བུ་བེ་རེད། དེའི་བུ་ཐ་ཧད། དེའི་བུ་ཨེ་ལ་དཱ། དེའི་བུ་ཐ་ཧད། ༢༡ དེའི་བུ་ཟཱ་བད། དེའི་བུ་ཤུ་ཏེ་ལཱ་དང་། ཨེ་ཟེར་དང་། ཨེ་ལེ་ཨད་དང་གསུམ་སྟེ། དེ་རྣམས་གད་པ་རྣམས་ཀྱིས་བཀུམ་པ་ཡིན། གང་ལ་ཞེ་ན། དེ་དག་གི་ཕྱུགས་འཕྲོག་འཁྱེར་དུ་བབས་སོང་བ་ཡིན། ༢༢ དེའི་ཕ་ཨེབ་ར་ཨིམ་གྱིས་ཞག་མང་མྱ་ངན་བྱས་པ་དང་། དེའི་སྤུན་ཟླ་རྣམས་དེ་ལ་སེམས་གསོ་གཏོང་དུ་འོངས་སོ། ༢༣ དེ་ནས་དེ་རང་གི་ཆུང་མ་དང་འགྲོགས་ནས། མོ་སེམས་ཅན་དང་ལྡན་པར་གྱུར་ནས། བུ་ཞིག་བཙས་པ་ལས། མིང་དུ་བེ་རི་ཡཱ་བཏགས་སོ། དེ་ཅིའི་ཕྱིར་ཞེ་ན། དེའི་ཁྱིམ་དུ་རྐྱེན་ངན་བྱུང་བའི་ཕྱིར་རོ། ༢༤ དེའི་བུ་མོ་ཤེ་ཨེ་རཱ་བྱ་བ་དེས་བེད་ཧོ་རོན་གོང་འོག་དང་། ཨུ་ཟེན་ཤེ་ཨེ་རཱ་ཡུལ་གསུམ་བཙུགས་པ་ཡིན། ༢༥ དེའི་བུ་རེ་ཕཱ། མ་ཟད་པར་རེ་ཤེབ། དེའི་བུ་ཏེ་ལཱ། དེའི་བུ་ཐ་ཧན། ༢༦ དེའི་བུ་ལཱ་དན། དེའི་བུ་ཨམ་མི་ཧུད། དེའི་བུ་ཨེ་ལི་ཤ་མཱ། ༢༧ དེའི་བུ་ནུན། དེའི་བུ་ཡོ་ཤུ་ཨ། ༢༨ དེ་དག་གིས་བདག་པའི་ཡུལ་དང་སྡོད་གནས་ནི། བེད་ཨེལ་དང་། དེའི་གྲོང་ཁྱེར་རྣམས་དང་། ཤར་དུ་ན་ཨ་རན་དང་། ནུབ་ཏུ་གེ་ཟེར་དང་། དེའི་གྲོང་ཁྱེར་རྣམས་དང་། སི་ཀེམ་དང་། དེའི་གྲོང་ཁྱེར་རྣམས་དང་། ག་ཟཱ་དང་། དེའི་གྲོང་ཁྱེར་རྣམས་དང་། ༢༩ མ་ན་ཤེའི་བུ་རྣམས་ཀྱི་ས་མཚམས་སུ། བེད་ཤེ་ཨན་དང་། དེའི་གྲོང་ཁྱེར་རྣམས་དང་། ཐ་ཨ་ནག་དང་། དེའི་གྲོང་ཁྱེར་རྣམས་དང་། མེ་གིད་དོ་དང་། དེའི་གྲོང་ཁྱེར་རྣམས་དང་། དཱོར་དང་། དེའི་གྲོང་ཁྱེར་རྣམས་ས་སོ། དེ་ཐམས་ཅད་ཀྱི་ནང་དུ་ཨིས་ར་ཨེལ་གྱི་སྲས་ཡོ་སེབ་ཀྱི་བུ་རྣམས་བསྡད་པ་ཡིན།
༣༠ ཨ་ཤེར་གྱི་བུ་ནི་ཡིམ་ནཱ་དང་། ཡི་ཤ་ཝཱ་དང་། ཡི་ཤ་ཝི་དང་། བེ་རི་ཡཱ་དང་བཞི་སྟེ། དེ་དག་གི་སྲིང་མོ་སེ་རག་ཡོད་པ་ཡིན། ༣༡ བེ་རི་ཡཱའི་བུ་ནི་ཧེ་བེར་དང་། མལ་ཀི་ཨེལ་དང་གཉིས་ཏེ། མལ་ཀི་ཨེལ་གྱི་བུ་བིར་ཟ་ཝིད་ཡོད་པ་ཡིན། ༣༢ ཧེ་བེར་གྱི་བུ་ཡབ་ལེད་དང་། ཤོ་མེར་དང་། ཧོ་ཐམ་དང་གསུམ་སྟེ། དེ་དག་གི་སྲིང་མོ་ཤུ་ཨ་ཡོད་པ་ཡིན། ༣༣ ཡབ་ལེད་ཀྱི་བུ་ནི། པ་སག་དང་། བིམ་ཧལ་དང་། ཨས་ཝཱད་དང་གསུམ་སྟེ། དེ་དག་ཡབ་ལེད་ཀྱི་བུ་ཡོད་པ་ཡིན། ༣༤ ཤོ་མེར་གྱི་བུ་ནི། ཨ་ཧི་དང་། རོ་གཱ་དང་། ཡེ་ཧུབ་བཱ་དང་། ཨ་རམ་དང་ལྔའོ། ༣༥ དེའི་སྤུན་ཧེ་ལེམ་གྱི་བུ་ནི། ཙོ་ཕཱ་དང་ཨིམ་ནཱ་དང་། ཤེ་ལེས་དང་། ཨ་མཱལ་དང་བཞིའོ། ༣༦ ཙོ་ཕཱ་ཡི་བུ་ནི། སུ་ཨ་དང་། ཧར་ནེ་ཕེར་དང་། ཤུ་ཨལ་དང་། བེ་རི་དང་། ཨིམ་རཱ་དང་། ༣༧ བེ་ཚེར་དང་། ཧོད་དང་། ཤམ་མཱ་དང་། ཤིལ་ཤཱ་དང་། ཨིད་རན་དང་། བེ་ཨེ་རཱ་དང་བཅུ་གཅིག་གོ། ༣༨ ཡེ་ཐེར་གྱི་བུ་ནི། ཡེ་ཕུན་ནེ་དང་། པིས་པཱ་དང་། ཨ་རཱ་དང་གསུམ་མོ། ༣༩ ཨུལ་ལཱའི་བུ་ནི། ཨ་རཱ་དང་། ཧན་ནི་ཨེལ་དང་། རི་ཟི་ཡཱ་དང་གསུམ་མོ། ༤༠ དེ་ཐམས་ཅད་ནི་ཨ་ཤེར་གྱི་བུ་བརྒྱུད་ཡིན་ཏེ། རང་གི་ཕ་སྤད་ཀྱི་མི་དཔོན་དང་། མི་འདམས་མཁན་དང་། སྟོབས་པོ་ཆེ་དང་། སྐུ་དྲག་རྣམས་ཀྱི་གཙོ་བོར་གྱུར་པ་ཡིན། དེ་དག་གི་བརྒྱུད་ཀྱི་དཀར་ཆག་བཞིན་དུ། དམག་དང་འཐབ་མོ་ལ་རུང་བའི་སྐྱེས་པ་སྟོང་ཕྲག་ཉེར་དྲུག་ཡོད་པ་ཡིན་ནོ༎