༦
ལེ་ཝིའི་བུ་ནི་གེར་ཤོན་དང་། ཀོ་ཧད་དང་། མེ་རཱ་རི་དང་གསུམ་མོ། ༢ ཀོ་ཧད་ཀྱི་བུ་ཨམ་རམ་དང་། ཡིས་ཧར་དང་། ཧེབ་རོན་དང་། ཨུ་ཟི་ཨེལ་དང་བཞིའོ། ༣ ཨམ་རམ་གྱི་བུ་ཨ་རོན་དང་། མོ་ཤེ་དང་། མིར་ཡམ་དང་གསུམ་མོ། ཨ་རོན་གྱི་བུ་ནཱ་དབ་དང་། ཨ་བི་ཧུ་དང་། ཨེལ་ཨ་ཟར་དང་། ཨི་ཐ་མར་དང་བཞིའོ༎༤ ཨེལ་ཨ་ཟར་ལས་ཕི་ནེ་ཧས་དང་། ཕི་ནེ་ཧས་ལས་ཨ་བི་ཤུ་ཨ་ཆད། ༥ ཨ་བི་ཤུ་ཨ་ལས་བུག་ཀི་དང་། བུག་ཀི་ལས་ཨུ་ཟི་ཆད། ༦ ཨུ་ཟི་ལས་ཟེ་རཱ་ཡཱ་དང་། ཟེ་རཱ་ཡཱ་ལས་མེ་ར་ཡོད་ཆད། ༧ མེ་ར་ཡོད་ལས་ཨ་མར་ཡཱ་དང་། ཨ་མར་ཡཱ་ལས་ཨ་ཧི་ཏུབ་ཆད། ༨ ཨ་ཧི་ཏུབ་ལས་ཙ་དོག་དང་། ཙ་དོག་ལས་ཨ་ཧི་མ་ཨས་ཆད། ༩ ཨ་ཧི་མ་ཨས་ལས་ཨ་ཟར་ཡཱ་དང་། ཨ་ཟར་ཡཱ་ལས་ཡོ་ཧ་ནན་ཆད། ༡༠ ཡོ་ཧ་ནན་ལས་ཨ་ཟར་ཡཱ་ཆད། དེས་ནི་ཡེ་རུ་ཤ་ལེམ་གྱི་ནང་དུ་ཤ་ལོ་མོས་བཞེངས་པའི་མཆོད་ཁང་གི་བླ་མའི་ལས་ཚན་བྱས་པ་ཡིན། ༡༡ ཨ་ཟར་ཡཱ་ལས་ཨ་མར་ཡཱ་དང་། ཨ་མར་ཡཱ་ལས་ཨ་ཧི་ཏུབ་ཆད། ༡༢ ཨ་ཧི་ཏུབ་ལས་ཙ་དོག་དང་། ཙ་དོག་ལས་ཤལ་ལུམ་ཆད། ༡༣ ཤལ་ལུམ་ལས་ཧིལ་ཀི་ཡཱ་དང་། ཧིལ་ཀི་ཡཱ་ལས་ཨ་ཟར་ཡཱ་ཆད། ༡༤ ཨ་ཟར་ཡཱ་ལས་སེ་ར་ཡཱ་དང་། སེ་ར་ཡཱ་ལས་ཡེ་ཧོ་ཙ་དག་ཆད། ༡༥ ཡ་ཧོ་ཝཱས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གཉིས་ནི་ནེ་བུ་ཀད་ནེ་ཙར་གྱི་ལག་གིས་མཐའ་ལ་སྤྱུགས་པའི་ཚེ་ན། ཡེ་ཧོ་ཙ་དག་གི་གཉའ་ཡལ་བ་ཡིན།
༡༦ ཡང་ལེ་ཝིའི་བུ་ནི་གེར་ཤོམ་དང་། ཀོ་ཧད་དང་། མེ་རཱ་རི་དང་གསུམ་མོ། ༡༧ གེར་ཤོམ་གྱི་བུ་ནི་ལིབ་ནི་དང་། ཤི་མེ་ཨི་དང་གཉིས། ༡༨ ཀོ་ཧད་ཀྱི་བུ་ནི་ཨམ་རམ་དང་། ཡིས་ཧར་དང་། ཧེབ་རོན་དང་། ཨུ་ཟི་ཨེལ་དང་གསུམ་མོ། ༡༩ མེ་རཱ་རིའི་བུ་ནི་མག་ལི་དང་། མུ་ཤི་དང་གཉིས་སོ། ཡང་ལེ་ཝི་པའི་མེས་པོ་སོ་སོ་བཞིན་གྱི་ཕ་ཚན་རྣམས་ནི། ༢༠ གེར་ཤོམ་གྱི་བརྒྱུད་ནི། དེའི་བུ་ལིབ་ནི། དེའི་བུ་ཡ་ཧད། དེའི་བུ་ཟིམ་མཱ། ༢༡ དེའི་བུ་ཡོ་ཨ། དེའི་བུ་ཨིད་དོ། དེའི་བུ་སེ་རག དེའི་བུ་ཡེ་ཨད་རཱ་ཨི། ༢༢ ཀོ་ཧད་ཀྱི་བུ་བརྒྱུད་ནི། དེའི་བུ་ཨ་མི་ནཱ་དབ། དེའི་བུ་ཀོ་རཱ། དེའི་བུ་ཨས་སིར། ༢༣ དེའི་བུ་ཨེལ་ཀཱ་ནཱ། དེའི་བུ་ཨེ་བི་ཨ་སབ། དེའི་བུ་ཨས་སིར། ༢༤ དེའི་བུ་ཐ་ཧད། དེའི་བུ་ཨུ་རི་ཨེལ། དེའི་བུ་ཨུ་ཟི་ཡཱ། དེའི་བུ་ཤ་ཨུལ། ༢༥ ཡང་ཨེལ་ཀཱ་ནཱ་ཡི་བུ་ནི། ཨ་མ་སཱ་ཨི་དང་། ཨ་ཧི་མོད་དང་གཉིས་སོ། ༢༦ ཨེལ་ཀཱ་ནཱའི་བརྒྱུད་ནི། ཨེལ་ཀཱ་ནཱའི་བུ་ཟོ་ཕ་ཨི། དེའི་བུ་ན་ཧད། ༢༧ དེའི་བུ་ཨེ་ལི་ཨབ། དེའི་བུ་ཡེ་རོ་ཧམ། དེའི་བུ་ཨེལ་ཀཱ་ནཱ། ༢༨ ཡང་ཤ་མུ་ཨེལ་གྱི་བརྒྱུད་ནི། སྔོན་སྐྱེས་ཡོ་ཨེལ་དང་། ཆུང་བ་ཨ་བི་ཡཱ། ༢༩ ཡང་མེ་རཱ་རིའི་བརྒྱུད་ནི། དེའི་བུ་མག་ལི། དེའི་བུ་ལིབ་ནི། དེའི་བུ་ཤི་མེ་ཨི། དེའི་བུ་ཨུ་ཟཱ། ༣༠ དེའི་བུ་ཤི་མེ་ཨ། དེའི་བུ་ཧག་གི་ཡཱ། དེའི་བུ་ཨ་ས་ཡཱ།
༣༡ ཞལ་ཆད་ཀྱི་སྒྲོམ་དེ་གདན་ཆགས་པའི་འོག་ཏུ། དཱ་བིད་ཀྱིས་ཡ་ཧོ་ཝཱའི་ཕོ་བྲང་དུ་དབྱངས་ལེན་པའི་ཕྱིར་མི་བསྐོས་པ་དང་། ༣༢ ཤ་ལོ་མོས་ཡེ་རུ་ཤ་ལེམ་དུ་ཡ་ཧོ་ཝཱའི་ཕོ་བྲང་དེ་མ་བཞེངས་བར་དུ། རེ་རང་གི་ལས་ཚན་གྱི་ཚིར་བཞིན་དུ་མི་ཚོགས་འཛོམས་པའི་གུར་ཁང་གི་གནས་ཀྱི་མདུན་དུ་ཞབས་ཏོག་ཞུས་ཏེ། ༣༣ རང་གི་བུ་དང་བཅས་སུ་ཞབས་ཏོག་བྱས་པ་རྣམས་ནི་འདི་ལྟ་སྟེ། ཀོ་ཧད་ཀྱི་བརྒྱུད་ལས་མགུར་མ་ལེན་མཁན་ཧེ་མཱན་ནི་ཡོ་ཨེལ་གྱི་བུ། དེ་ནི་ཤ་མུ་ཨེལ་གྱི་བུ།
༣༤ དེ་ནི་ཨེལ་ཀཱ་ནཱའི་བུ། དེ་ནི་ཡེ་རོ་ཧམ་གྱི་བུ། དེ་ནི་ཨེ་ལི་ཨེལ་གྱི་བུ། དེ་ནི་ཏོ་ཨ་ཡི་བུ། ༣༥ དེ་ནི་ཙུབ་ཀྱི་བུ། དེ་ནི་ཨེལ་ཀཱ་ནཱའི་བུ། དེ་ནི་མ་ཧད་ཀྱི་བུ། དེ་ནི་ཨ་མ་སཱ་ཨི་ཡི་བུ། ༣༦ དེ་ནི་ཨེལ་ཀཱ་ནཱའི་བུ། དེ་ནི་ཡོ་ཨེལ་གྱི་བུ། དེ་ནི་ཨ་ཟར་ཡཱའི་བུ། དེ་ནི་ཟེ་ཕན་ཡཱའི་བུ། ༣༧ དེ་ནི་ཐ་ཧད་ཀྱི་བུ། དེ་ནི་ཨས་སིར་གྱི་བུ། དེ་ནི་ཨེ་བི་ཨ་སབ་ཀྱི་བུ། དེ་ནི་ཀོ་རཱ་ཡི་བུ། ༣༨ དེ་ནི་ཡིས་ཧར་གྱི་བུ། དེ་ནི་ཀོ་ཧད་ཀྱི་བུ། དེ་ནི་ལེ་ཝིའི་བུ། དེ་ནི་ཨིས་ར་ཨེལ་གྱི་བུ། ༣༩ ཡང་དེའི་གཡས་སུ་འགྲེང་ཞིང་བསྡད་པ་དེའི་སྤུན་ཨ་སབ་ནི། ཨ་སབ་ནི་བེ་རེག་ཡཱའི་བུ། དེ་ནི་ཤི་མེ་ཨ་ཡི་བུ། ༤༠ དེ་ནི་མི་ཀ་ཨེལ་གྱི་བུ། དེ་ནི་བ་ཨ་སེ་ཡཱ་ཡི་བུ། དེ་ནི་མལ་ཀི་ཡཱའི་བུ། ༤༡ དེ་ནི་ཨེད་ནི་ཡི་བུ། དེ་ནི་སེ་རག་གི་བུ། དེ་ནི་ཨ་ད་ཡཱའི་བུ། ༤༢ དེ་ནི་ཨེ་ཐན་གྱི་བུ། དེ་ནི་ཟིམ་མཱ་ཡི་བུ། དེ་ནི་ཤི་མེ་ཨི་ཡི་བུ། ༤༣ དེ་ནི་ཡ་ཧད་ཀྱི་བུ། དེ་ནི་གེར་ཤོན་གྱི་བུ། དེ་ནི་ལེ་ཝིའི་བུ། ༤༤ ཡང་དེའི་གཡོན་དུ་འགྲེང་ཞིང་བསྡད་པ་དེ་དག་གི་སྤུན་ནམ། མེ་རཱ་རིའི་བུ་རྣམས་ནི། ཀི་ཤིའི་བུ་ནི་ཨེ་ཐན། དེ་ནི་ཨབ་དཱིའི་བུ། དེ་ནི་མལ་ལུག་གི་བུ། ༤༥ དེ་ནི་ཧ་ཤབ་ཡཱ་ཡི་བུ། དེ་ནི་ཨ་མ་ཙི་ཡཱའི་བུ། དེ་ནི་ཧིལ་ཀི་ཡཱའི་བུ། ༤༦ དེ་ནི་ཨམ་ཟིའི་བུ། དེ་ནི་བཱ་ནིའི་བུ། དེ་ནི་ཤེ་མེར་གྱི་བུ། ༤༧ དེ་ནི་མཱ་ལིའི་བུ། དེ་ནི་མུ་ཤིའི་བུ། དེ་ནི་མེ་རཱ་རིའི་བུ། དེ་ནི་ལེ་ཝིའི་བུ། ༤༨ ཡང་དེ་དག་གི་སྤུན་ལེ་ཝི་པ་རྣམས་ཀྱིས་དཀོན་མཆོག་གི་ཕོ་བྲང་ཡིན་པའི་གུར་མཆོག་གི་ཞབས་ཏོག་ཐམས་ཅད་བྱེད་དུ་བཞག་པ་ཡིན།
༤༩ དཀོན་མཆོག་གི་བྲན་པོ་མོ་ཤེས་བཀའ་སྩལ་པ་དང་བསྟུན་ཏེ། ཨ་རོན་དང་། དེའི་བུ་རྣམས་ཀྱིས་སྦྱིན་སྲེག་གི་མཆོད་ཁྲི་དང་། བདུག་སྤོས་ཀྱི་མཆོད་ཁྲིའི་ཁར་མཆོད་པ་ཕུལ་ཏེ། དམ་པའི་དམ་པའི་ཞབས་ཏོག་ཐམས་ཅད་དང་། ཨིས་ར་ཨེལ་གྱི་དོན་དུ་སྡིག་བཤགས་བྱེད་དུ་བསྐོས་ཡོད་པ་ཡིན། ༥༠ ཡང་ཨ་རོན་གྱི་བུ་རྣམས་ནི། དེའི་བུ་ཨེལ་ཨ་ཟར། དེའི་བུ་ཕི་ནེ་ཧས། དེའི་བུ་ཨ་བི་ཤུ་ཨ། ༥༡ དེའི་བུ་བུག་ཀི། དེའི་བུ་ཨུ་ཟི། དེའི་བུ་ཟེ་རཱ་ཡཱ། ༥༢ དེའི་བུ་མེ་ར་ཡོད། དེའི་བུ་ཨ་མར་ཡཱ། དེའི་བུ་ཨ་ཧི་ཏུབ། ༥༣ དེའི་བུ་ཙ་དོག དེའི་བུ་ཨ་ཧི་མ་ཨས།
༥༤ ཡང་ཨ་རོན་གྱི་བུ་བརྒྱུད་ཀོ་ཧད་པའི་ཕ་ཚན་ལ་རྟགས་རིལ་གྱིས་ཐོབ་པའི་གནས་ས་དང་། ས་མཚམས་ཀྱི་རྫོང་སོ་སོ་ནི། ༥༥ ཡ་ཧུ་དཱའི་ཡུལ་དུ་ཧེབ་རོན་དང་། དེའི་མཐའ་འཁོར་རྣམས་བརྙེད་ཀྱང་། ༥༦ གྲོང་ཁྱེར་དེའི་ཞིང་དང་ཡུལ་ཚོ་རྣམས་ནི་ཡེ་ཕུན་ནེའི་བུ་ཀ་ལེབ་ལ་བརྙེད་དོ། ༥༧ ཨ་རོན་གྱི་བུ་རྣམས་ལ་ཡ་ཧུ་དཱའི་ནང་དུ་སྐྱབས་གནས་ཀྱི་ཧེབ་རོན་དང་། ལིབ་ནཱ་དང་། དེའི་མཐའ་འཁོར་དང་། ཡ་ཐིར་དང་། ཨེས་ཐེ་མོ་ཨ་དང་། དེའི་མཐའ་འཁོར་དང་། ༥༨ ཧི་ལེན་དང་། དེའི་མཐའ་འཁོར་དང་། དེ་བིར་དང་། དེའི་མཐའ་འཁོར་དང་། ༥༩ ཨ་ཤན་དང་། དེའི་མཐའ་འཁོར་དང་། བེད་ཤེ་མེས་དང་། དེའི་མཐའ་འཁོར་དང་། ༦༠ བེན་ཡ་མིན་གྱི་སྡེའི་ནང་ནས། གེ་བཱ་དང་། དེའི་མཐའ་འཁོར་དང་། ཨལ་ལེ་མེད་དང་། དེའི་མཐའ་འཁོར་དང་། ཨ་ན་ཐོད་དང་། དའི་མཐའ་འཁོར་རྣམས་ཏེ། དེ་དག་གི་ཕ་ཚན་རྣམས་ལ་སྡོམ་གྲོང་ཁྱེར་བཅུ་གསུམ་ཡོད་པ་ཡིན། ༦༡ ཡང་ཕ་ཚན་འདིའི་སྡེའི་ནང་ནས་ལུས་ཡོད་པའི་ཀོ་ཧད་པའི་བུ་གཞན་རྣམས་ལ་རྟགས་རིལ་བརྒྱབས་ནས། སྡེ་ཕྱེད་པ་དང་། མ་ན་ཤེའི་སྡེ་ཕྱེད་ཀྱི་ནང་ནས་གྲོང་ཁྱེར་བཅུ་ཐོབ་བོ། ༦༢ ཡང་གེར་ཤོན་གྱི་བུ་རྣམས་ལ་རང་གི་ཕ་ཚན་བཞིན་དུ། ཨི་ས་གར་གྱི་སྡེ་དང་། ཨ་ཤེར་གྱི་སྡེ་དང་། ནབ་ཐ་ལིའི་སྡེ་དང་། བཱ་ཤན་ལ་གནས་པའི་མ་ན་ཤེའི་སྡེ་བཞི་ནས་གྲོང་ཁྱེར་བཅུ་གསུམ་ཐོབ་བོ། ༦༣ ཡང་མེ་རཱ་རིའི་བུ་རྣམས་ལ་རྟགས་རིལ་བརྒྱབས་ནས། རང་གི་ཕ་ཚན་བཞིན་དུ། རུ་བེན་གྱི་སྡེ་དང་། གད་ཀྱི་སྡེ་དང་། ཟེ་བུ་ལོན་གྱི་སྡེ་གསུམ་ནས་གྲོང་ཁྱེར་བཅུ་གཉིས་ཐོབ། ༦༤ དེ་ལྟར་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ལེ་ཝི་པ་རྣམས་ལ་གྲོང་ཁྱེར་དེ་དག་དང་། དེ་དག་གི་མཐའ་འཁོར་བཅས་བྱིན་ཏེ། ༦༥ རྟགས་རིལ་བརྒྱབས་ནས། ཡ་ཧུ་དཱའི་བུ་བརྒྱུད་ཀྱི་སྡེ་དང་། ཤིམ་ཨོན་གྱི་བུ་བརྒྱུད་ཀྱི་སྡེ་དང་། བེན་ཡ་མིན་གྱི་བུ་བརྒྱུད་ཀྱི་སྡེ་གསུམ་ལས། མིང་བརྗོད་ཟིན་པའི་གྲོང་ཁྱེར་དེ་རྣམས་བྱིན་པ་ཡིན།
༦༦ ཡང་ཀོ་ཧད་ཀྱི་བུ་བརྒྱུད་ཀྱི་གཞན་ཕ་ཚན་རྣམས་ལ་ཨེབ་ར་ཨིམ་གྱི་སྡེ་ནས་ས་མཚམས་ཀྱི་གྲོང་ཁྱེར་དེ་རྣམས་བརྙེད་དོ། ༦༧ དེ་དག་ལ་སྐྱབས་གནས་ཀྱི་གྲོང་ཁྱེར་རྣམས་ལས་ཨེབ་ར་ཨིམ་གྱི་རི་ལ་ཡོད་པའི་སི་ཀེམ་དང་། དེའི་མཐའ་འཁོར་རྣམས་དང་། གེ་ཟེར་དང་། དེའི་མཐའ་འཁོར་རྣམས་དང་། ༦༨ ཡོག་མེ་ཨམ་དང་། དེའི་མཐའ་འཁོར་རྣམས་དང་། བེད་ཧོ་རོན་དང་། དེའི་མཐའ་འཁོར་རྣམས་དང་། ༦༩ ཨ་ཡ་ལོན་དང་། དེའི་མཐའ་འཁོར་རྣམས་དང་། གད་རིམ་མོན་དང་། དེའི་མཐའ་འཁོར་རྣམས་བྱིན་ཏོ། ༧༠ ཡང་མ་ན་ཤེའི་སྡེ་ཕྱེད་ཀྱི་ནང་ནས། ཨ་ནེར་དང་། དེའི་ཡུལ་འཁོར་རྣམས་དང་། བིལ་ཨམ་དང་། དེའི་ཡུལ་འཁོར་རྣམས་ནི་ཀོ་ཧད་ཀྱི་བུ་བརྒྱུད་ཀྱི་གནས་སར་བྱིན་ཏོ༎
༧༡ ཡང་གེར་ཤོན་གྱི་བུ་བརྒྱུད་ལ་མ་ན་ཤེའི་སྡེ་ཕྱེད་ཀྱི་ཕ་ཚན་ལས། བཱ་ཤན་གྱི་གོ་ལན་དང་། དེའི་མཐའ་འཁོར་རྣམས་དང་། ཨས་ཐཱ་རོད་དང་། དེའི་མཐའ་འཁོར་རྣམས་ཐོབ་བོ། ༧༢ ཡང་ཨི་ས་གར་གྱི་སྡེ་ནས། ཀེ་དེས་དང་། དེའི་མཐའ་འཁོར་རྣམས་དང་། དབ་རད་དང་། དེའི་མཐའ་འཁོར་རྣམས་དང་། ༧༣ རཱ་མོད་དང་། དེའི་མཐའ་འཁོར་རྣམས་དང་། ཨ་ནེམ་དང་། དེའི་མཐའ་འཁོར་རྣམས་དང་། ༧༤ ཨ་ཤེར་གྱི་སྡེ་ལས། མ་ཤལ་དང་། དེའི་མཐའ་འཁོར་རྣམས་དང་། ཨབ་དོན་དང་། དེའི་མཐའ་འཁོར་རྣམས་དང་། ༧༥ ཧུ་ཁོག་དང་། དེའི་མཐའ་འཁོར་རྣམས་དང་། རེ་ཧོབ་དང་། དེའི་མཐའ་འཁོར་རྣམས་དང་། ༧༦ ནབ་ཐ་ལིའི་སྡེ་ལས། ག་ལིལ་ཡུལ་ལ་གཏོགས་པའི་ཀེ་དེས་དང་། དེའི་ཡུལ་འཁོར་རྣམས་དང་། ཧམ་མོན་དང་། དེའི་མཐའ་འཁོར་རྣམས་དང་། ཁིར་ཡད་ཨ་ཨིམ་དང་། དེའི་མཐའ་འཁོར་རྣམས་བརྙེད་དོ། ༧༧ མེ་རཱ་རིའི་བརྒྱུད་ཀྱི་ཕྱི་ལུས་རྣམས་ལ། ཟེ་བུ་ལོན་གྱི་སྡེ་ལས། རིམ་མོ་ནོ་དང་། དེའི་ཡུལ་འཁོར་རྣམས་དང་། ཐ་བོར་དང་། དེའི་ཡུལ་འཁོར་རྣམས་དང་། ༧༨ ཡོར་དན་གྱི་ཕ་རོལ་དུ། ཡེ་རི་ཀོ་དང་ཉེ་བར། ཡོར་དན་གྱི་ཤར་ཕྱོགས་སུ། རུ་བེན་གྱི་སྡེ་ལས། འབྲོག་སྟོང་ན་ཡོད་པའི་བེ་ཚེར་དང་། དེའི་མཐའ་འཁོར་རྣམས་དང་། ཡ་ཙཱ་དང་། དེའི་མཐའ་འཁོར་རྣམས་དང་། ༧༩ ཁེ་དེ་མོད་དང་། དེའི་མཐའ་འཁོར་རྣམས་དང་། མེ་ཕ་ཨད་དང་། དེའི་མཐའ་འཁོར་རྣམས་དང་། ༨༠ གད་ཀྱི་སྡེའི་ནང་ནས། གིལ་ཨད་ཀྱི་རཱ་མོད་དང་། དེའི་མཐའ་འཁོར་རྣམས་དང་། མ་ཧ་ནཱ་ཨིམ་དང་། དེའི་མཐའ་འཁོར་རྣམས་དང་། ༨༡ ཧེས་བོན་དང་། དེའི་མཐའ་འཁོར་རྣམས་དང་། ཡ་ཟེར་དང་། དེའི་མཐའ་འཁོར་རྣམས་བརྙེད་དོ༎