༣
ཧེབ་རོན་དུ་སྐྱེས་པའི་དཱ་བིད་ཀྱི་སྲས་རྣམས་ནི། སྔོན་སྐྱེས་ཨམ་ནོན་བྱ་བ་ནི་ཡིས་རེ་ཨེལ་མ་ཨ་ཧི་ནོ་ཨམ་ལས་ཆད་དོ། གཉིས་པ་དཱ་ནི་ཨེལ་བྱ་བ་ནི་ཀར་མེལ་མ་ཨ་བི་ཀཱ་ཨིལ་ལས་ཆད་དོ། ༢ གསུམ་པ་ཨབ་ཤ་ལོམ་ནི་གེ་ཤུར་གྱི་རྒྱལ་པོ་ཏལ་མཱ་ཨི་ཡི་སྲས་མོ་མ་ཨ་ཀཱ་ལས་ཆད་དོ། བཞི་པ་ཨ་དོ་ནི་ཡཱ་ནི་ཧ་གིད་ལས་ཆད་དོ། ༣ ལྔ་པ་ཤེ་ཕད་ཡཱ་ནི་ཨ་བི་ཏལ་ལས་ཆད་དེ། དྲུག་པ་ཨིད་རེ་ཨམ་ནི་དཱ་བིད་ཀྱི་ཆུང་མ་ཨེག་ལཱ་ནས་ཆད་དོ། ༤ དཱ་བིད་ནི་ཧེབ་རོན་དུ་བཞུགས་དུས། ཁོང་ལས་སྲས་དྲུག་ཆད་པའོ། ཁོང་གིས་ཧེབ་རོན་དུ་ལོ་བདུན་དང་། ཟླ་བ་དྲུག་རྒྱལ་སྲིད་བསྐྱངས་ནས། ཡེ་རུ་ཤ་ལེམ་དུ་ལོ་སུམ་ཅུ་སོ་གསུམ་སྲིད་བྱས་སོ། ༥ ཡང་ཡེ་རུ་ཤ་ལེམ་དུ་ཁོང་ལ་སྲས་ཤི་མེ་ཨ་དང་། ཤོ་བབ་དང་། ནཱ་ཐན་དང་། ཤ་ལོ་མོ་དང་བཞི་ནི་ཨམ་མི་ཨེལ་གྱི་སྲས་མོ་བད་ཤུ་ཨ་དང་། ༦ ཨིབ་ཧར་དང་། ཨེ་ལི་ཤ་མཱ་དང་། ཨེ་ལི་ཕེ་ལེད་དང་། ༧ ནོ་གཱ་དང་། ནེ་ཕེག་དང་། ཡ་ཕི་ཡཱ་དང་། ༨ ཨེ་ལི་ཤ་མཱ་དང་། ཨེལ་ཡ་དཱ་དང་། ཨེ་ལི་ཕེ་ལེད་བལྟམས་སོ། ༩ དེ་ཐམས་ཅད་དཱ་བིད་ཀྱི་སྲས་ལགས་སོ། དེ་མ་ཟད་ལྐོག་གི་ལྕམ་རྣམས་ལས་ཀྱང་ཕྲུ་གུ་རྣམས་ཡོད་པ་ཡིན་ཏེ། ཐ་མར་ནི་དེ་དག་གི་སྲིང་མོའོ༎༡༠ ཡང་ཤ་ལོ་མོའི་སྲས་རེ་ཧབ་ཨམ། དེའི་སྲས་ཨ་བི་ཡཱ། དེའི་སྲས་ཨ་སཱ། དེའི་སྲས་ཡེ་ཧོ་ཤ་ཕད། ༡༡ དེའི་སྲས་ཡོ་རམ། དེའི་སྲས་ཨ་ཧས་ཡཱ། དེའི་སྲས་ཡོ་ཨས། ༡༢ དེའི་སྲས་ཨ་མ་ཙི་ཡཱ། དེའི་སྲས་ཨ་ཟར་ཡཱ། དེའི་སྲས་ཡོ་ཐམ། ༡༣ དེའི་སྲས་ཨ་ཧས། དེའི་སྲས་ཧིས་ཀི་ཡཱ། དེའི་སྲས་མ་ན་ཤེ། ༡༤ དེའི་སྲས་ཨ་མོན། དེའི་སྲས་ཡོ་ཤི་ཡཱ། ༡༥ ཡང་ཡོ་ཤི་ཡཱའི་སྲས་རྣམས་ནི། སྔོན་སྐྱེས་ཡོ་ཧ་ནན། གཉིས་པ་ཡོ་ཡཱ་ཀིམ། གསུམ་པ་ཚེ་དེག་ཡཱ། བཞི་པ་ཤལ་ལུམ་ཡོད་པ་ཡིན། ༡༦ ཡང་ཡོ་ཡཱ་ཀིམ་གྱི་སྲས་ཡེ་ཀོན་ཡཱ། དེའི་སྲས་ཚེ་དེག་ཡཱ།
༡༧ ཡང་ཡེ་ཀོན་ཡཱ་བཙོན་དུ་བཟུང་མཁན་དེའི་སྲས་ཤེ་ཨལ་ཏི་ཨེལ་དང་། ༡༨ མལ་ཁི་རཱམ་དང་། པེ་ད་ཡཱ་དང་། ཤེན་ཨ་ཟཱར་དང་། ཡེ་ཀམ་ཡཱ་དང་། ཧོ་ཤ་མཱ་དང་། ནེ་དབ་ཡཱ་དང་བདུན་ནོ། ༡༩ ཡང་པེ་ད་ཡཱའི་སྲས་ནི་ཟེ་རུབ་བཱ་བེལ་དང་། ཤི་མེ་ཨི་དང་གཉིས་སོ། ཡང་ཟེ་རུབ་བཱ་བེལ་གྱི་སྲས་ནི་མེ་ཤུལ་ལམ་དང་། ཧ་ནན་ཡཱ་དང་གཉིས་སོ། དེ་དག་གི་སྲིང་མོ་ནི་ཤེ་ལོ་མིད་ཡོད་པ་ཡིན། ༢༠ དེ་མ་ཟད། ཧ་ཤུ་བཱ་དང་། ཡོ་ཧེལ་དང་། བེ་རེག་ཡཱ་དང་། ཧ་སད་ཡཱ་དང་། ཡུ་ཤབ་ཧེ་སེད་བཅས་ལྔའོ། ༢༡ ཡང་ཧ་ནན་ཡཱའི་སྲས་པེ་ལད་ཡཱ་དང་། ཡེ་ཤ་ཡཱ་དང་གཉིས་སོ། དེ་མ་ཟད། རེ་ཕ་ཡཱའི་རིགས་བརྒྱུད་དང་། ཨར་ནན་གྱི་རིགས་བརྒྱུད་དང་། ཨོ་བད་ཡཱའི་རིགས་བརྒྱུད་དང་། ཤེ་ཀན་ཡཱའི་རིགས་བརྒྱུད་རྣམས་ཁོང་ལས་ཆད་དོ། ༢༢ ཡང་ཤེ་ཀན་ཡཱའི་སྲས་ཤེ་མ་ཡཱའོ། ཤེ་མ་ཡཱའི་སྲས་ནི་ཧད་ཏུས་དང་། ཡི་གལ་དང་། བ་རི་ཡཱ་དང་། ནེ་ཨར་ཡཱ་དང་། ཤ་ཕད་དང་དྲུག་གོ། ༢༣ ཡང་ནེ་ཨར་ཡཱའི་སྲས་ཨེལ་ཡོ་ཨེ་ནཱ་ཨི་དང་། ཧིས་ཀི་ཡཱ་དང་། ཨས་རི་ཀམ་དང་གསུམ་མོ། ༢༤ ཡང་ཨེལ་ཡོ་ཨེ་ནཱ་ཨི་ཡི་སྲས་ཧོ་དབ་ཡཱ་དང་། ཨེལ་ཡཱ་ཤིབ་དང་། པེ་ལ་ཡཱ་དང་། ཨག་ཀུབ་དང་། ཡོ་ཧ་ནན་དང་། དེ་ལ་ཡཱ་དང་། ཨ་ནཱ་ནི་དང་བདུན་ནོ༎