ཨིས་ར་ཨེལ་གྱི་སྲས་ནི། རུ་བེན་དང་། ཤིམ་ཨོན་དང་། ལེ་ཝི་དང་། ཡ་ཧུ་དཱ་དང་། ཨི་ས་གར་དང་། ཟེ་བུ་ལོན་དང་།  དཱན་དང་། ཡོ་སེབ་དང་། བེན་ཡ་མིན་དང་། ནབ་ཐ་ལི་དང་། གད་དང་། ཨ་ཤེར་དང་། བཅུ་གཉིས་སོ།  ཡ་ཧུ་དཱའི་བུ་ནི། ཨེར་དང་། ཨོ་ནན་དང་། ཤེ་ལཱ་དང་གསུམ་མོ། བུ་དེ་གསུམ་ནི་ཀ་ན་ཨན་མ་ཤུ་ཨ་བྱ་བའི་བུད་མེད་ལས་ཆད་དོ། བུ་སྔོན་སྐྱེས་ཨེར་བྱ་བ་ནི་ཡ་ཧོ་ཝཱའི་སྤྱན་སྔར་སྤྱོད་པ་ངན་པ་ཡིན་པ་བྱས་པས། ཡ་ཧོ་ཝཱས་དེ་བསད་དོ།  ཡང་ཡ་ཧུ་དཱ་ལ་རང་གི་སྲས་ཀྱི་ལྕམ་ཐ་མར་ནས་ཕེ་རེས་དང་སེ་རག་སྲས་གཉིས་ཆད་དེ། ཡ་ཧུ་དཱའི་བུའི་སྡོམ་གྲངས་ནི་ལྔའོ༎
 ཕེ་རེས་ཀྱི་བུ་ནི། ཧེས་རོན་དང་། ཧ་མུལ་དང་གཉིས་སོ།  སེ་རག་གི་བུ་ནི། ཟིམ་རི་དང་། ཨེ་ཐན་དང་། ཧེ་མཱན་དང་། ཁལ་ཀོལ་དང་། དཱ་རཱ་དང་ལྔའོ།  ཡང་ཀར་མིའི་བུ་ཨ་ཁན་གྱིས་དམོད་པར་བྱས་པའི་ནོར་བརྐུས་སོ། དེའི་རྐྱེན་གྱིས་ཨིས་ར་ཨེལ་ལ་ངན་སྡུག་མང་པོ་བྱུང་ངོ་།  ཨེ་ཐན་ནས་ཨ་ཟར་ཡཱ་ཆད་དོ༎
 ཡང་ཧེས་རོན་ནས་ཆད་པའི་བུ་ནི། ཡེ་ར་མེ་ཨེལ་དང་། རཱམ་དང་། ཁེ་ལུ་བཱ་ཨི་དང་གསུམ་མོ༎
༡༠ ཡང་རཱམ་ནས་ཨ་མི་ནཱ་དབ་ཆད་ནས། ཨ་མི་ནཱ་དབ་ནས་ཡ་ཧུ་དཱའི་ཇོ་བོ་ན་ཧ་ཤོན་བྱ་བ་དེ་ཆད་དོ། ༡༡ ན་ཧ་ཤོན་ནས་སལ་མཱ་དང་། སལ་མཱ་ནས་བོ་ཨས་ཆད་དོ། ༡༢ བོ་ཨས་ནས་ཨོ་བེད་དང་། ཨོ་བེད་ནས་ཨི་ཤཱ་ཆད་དོ། ༡༣ ཡང་ཨི་ཤཱ་ཡི་སྔོན་སྐྱེས་ཨེ་ལི་ཨབ་དང་། སྲས་གཉིས་པ་ཨ་བི་ནཱ་དབ་དང་། གསུམ་པ་ཤི་མེ་ཨ་དང་། ༡༤ བཞི་པ་ནེ་ཐན་ཨེལ་དང་། ལྔ་པ་རད་དཱ་ཨི་དང་། ༡༥ དྲུག་པ་ཨོ་ཙེམ་དང་། བདུན་པ་དཱ་བིད་ཆད་དོ། ༡༦ ཡང་དེ་དག་གི་སྲིང་མོ་ནི་ཙེ་རུ་ཡཱ་དང་། ཨ་བི་ཀཱ་ཨིལ་དང་གཉིས་སོ། ཙེ་རུ་ཡཱ་ཡི་བུ་ཨ་བི་ཤཱ་ཨི་དང་། ཡོ་ཨབ་དང་། ཨ་ས་ཧེལ་བཅས་གསུམ་མོ། ༡༧ ཡང་ཨ་བི་ཀཱ་ཨིལ་ནས་ཨ་མ་སཱ་ཆད་དེ། དེའི་ཕ་ཨིས་མ་ཨེལ་པ་ཡེ་ཐེར་བྱ་བ་དེ་ཡོད་པ་ཡིན་ནོ༎
༡༨ ཡང་ཧེས་རོན་གྱི་བུ་ཀ་ལེབ་ཀྱི་ཆུང་མ་ཨ་ཟུ་བཱ་བྱ་བ་དང་། ཡེ་རི་གོད་གཉིས་ལས་བུ་ཆད་དེ། དེ་དག་གི་མིང་ནི། ཡེ་ཤེར་དང་། ཤོ་བབ་དང་། ཨར་དོན་དང་གསུམ་མོ། ༡༩ ཨ་ཟུ་བཱ་ཤི་ནས། ཀ་ལེབ་ཀྱིས་ཨེབ་རད་བྱ་བ་དེ་བག་མར་བླངས་ནས། ཧུར་ཆད་དོ། ༢༠ ཧུར་ནས་ཨུ་རི་དང་། ཨུ་རི་ནས་བེ་ཚ་ལེ་ཨེལ་ཆད་དོ༎
༢༡ དེའི་རྗེས་སུ་ཧེས་རོན་ལོ་དྲུག་ཅུ་ལོན་པ་དང་། དེས་གིལ་ཨད་ཀྱི་ཕ་མ་ཀིར་གྱི་བུ་མོ་བག་མར་བླངས་ནས་སེ་གུབ་སྐྱེས་སོ། ༢༢ སེ་གུབ་ནས་ཡ་ཨིར་ཆད་དེ། དེ་ལ་གིལ་ཨད་ཡུལ་དུ་གྲོང་ཚོ་ཉི་ཤུ་རྩ་གསུམ་ཡོད་པ་ཡིན། ༢༣ དེའི་རྗེས་སུ་གེ་ཤུར་པ་དང་ཨ་རམ་པ་རྣམས་ཀྱིས་ཡ་ཨིར་གྱི་གྲོང་ཚོ་དང་། ཁེ་ནད་དང་དེ་ལ་གཏོགས་པའི་ས་ཆ། སྡོམ་གྲངས་གྲོང་ཚོ་དྲུག་ཅུ་བླངས་སོ། དེ་ཐམས་ཅད་གིལ་ཨད་ཀྱི་ཕ་མ་ཀིར་གྱི་བུ་རྣམས་སོ། ༢༤ ཡང་ཧེས་རོན་ནི་ཀ་ལེབ་ཨེབ་རད་ཡུལ་དུ་ཤི་ནས། ཧེས་རོན་གྱི་ཆུང་མ་ཨ་བི་ཡཱ་བྱ་བ་ལས་ཨས་ཧུར་ཆད་དོ། དེ་ནི་ཏེ་ཀོ་ཨ་ཡི་ཕ་ཡིན།
༢༥ ཡང་ཧེས་རོན་གྱི་སྔོན་སྐྱེས་ཡེ་ར་མེ་ཨེལ་ནས་བུ་རྣམས་ཆད་པ་ལས། དེའི་མིང་ནི། རཱམ་དང་། བུ་ནཱ་དང་། ཨོ་རེན་དང་། ཨོ་ཙེམ་དང་། ཨ་ཧི་ཡཱ་དང་ལྔའོ། ༢༦ ཡེ་ར་མེ་ཨེལ་ལ་ཡང་ཆུང་མ་ཨ་ཏ་རཱ་བྱ་བ་ཞིག་ཡོད་དེ། དེ་ལ་ཡང་བུ་ཞིག་སྐྱེས་ནས། དེའི་མིང་ཨོ་ནམ་ཟེར་རོ། ༢༧ ཡེ་ར་མེ་ཨེལ་གྱི་སྔོན་སྐྱེས་རཱམ་གྱི་བུ་རྣམས་ནི། མཱ་ཨས་དང་། ཡ་མིན་དང་། ཨེ་ཀེར་དང་གསུམ་མོ། ༢༨ ཡང་ཨོ་ནམ་གྱི་བུ་ནི། ཤམ་མཱ་ཨི་དང་། ཡ་དཱ་བཅས་གཉིས་སོ། ཤམ་མཱ་ཨི་ཡི་བུ་ནི། ནཱ་དབ་དང་ཨ་བི་ཤུར་བཅས་གཉིས་སོ། ༢༩ ཡང་ཨ་བི་ཤུར་གྱི་ཆུང་མའི་མིང་ཨ་བི་ཧ་ཨིལ་ཟེར་རོ། དེ་ལས་ཨག་བཱན་དང་མོ་ལིད་དང་གཉིས་ཆད་དོ། ༣༠ ཡང་ནཱ་དབ་ཀྱི་བུ་ནི་སེ་ལེད་དང་། ཨབ་པ་ཨིམ་གཉིས་སོ། སེ་ལེད་ནི་རིགས་བརྒྱུད་མེད་པར་ཤིའོ། ༣༡ དེ་ནས་ཨབ་པ་ཨིམ་གྱི་བུ་ཡི་ཤེ་ཨི་སྟེ། ཡི་ཤེ་ཨི་ཡི་བུ་ཤེ་ཤན་ལས་བུ་ཨ་ཧེ་ལཱ་ཨི་ཆད་དོ། ༣༢ ཡང་ཤམ་མཱ་ཨི་ཡི་ནུ་བོ་ཡ་དཱ་ཡི་བུ་ནི། ཡེ་ཐེར་དང་། ཡོ་ན་ཐན་བཅས་གཉིས་སོ། ཡེ་ཐེར་ནི་རིགས་བརྒྱུད་མེད་པར་ཤིའོ། ༣༣ ཡང་ཡོ་ན་ཐན་གྱི་བུ་ཕེ་ལེད་དང་། ཟ་ཟཱ་གཉིས་སོ། དེ་གཉིས་ནི་ཡེ་ར་མེ་ཨེལ་གྱི་བརྒྱུད་དོ། ༣༤ ཤེ་ཤན་ལ་བུ་མེད་པར་བུ་མོ་རྣམས་ཡོད་པ་ཡིན། ཤེ་ཤན་ལ་མི་སེར་པ་ཡར་ཧཱ་ཟེར་བའི་གཡོག་པོ་ཞིག་ཡོད་པ་ཡིན། ༣༥ དེས་རང་གི་བུ་མོ་དེ་ལ་བག་མར་བསྟེར་ནས། ཨད་ཐཱ་ཨི་ཆད་དོ། ༣༦ ཡང་ཨད་ཐཱ་ཨི་ནས་ནཱ་ཐན་དང་། ནཱ་ཐན་ནས་ཟཱ་བད་དང་། ༣༧ ཟཱ་བད་ནས་ཨེབ་ལལ་དང་། ཨེབ་ལལ་ནས་ཨོ་བེད་དང་། ༣༨ ཨོ་བེད་ནས་ཡེ་ཧུ་དང་། ཡེ་ཧུ་ནས་ཨ་ཟར་ཡཱ་དང་། ༣༩ ཨ་ཟར་ཡཱ་ནས་ཧེ་ལེས་དང་། ཧེ་ལེས་ནས་ཨེ་ལེ་ཨ་སཱ་དང་། ༤༠ ཨེ་ལེ་ཨ་སཱ་ནས་སི་སེ་མཱ་ཨི་དང་། སི་སེ་མཱ་ཨི་ནས་ཤལ་ལུམ་དང་། ༤༡ ཤལ་ལུམ་ནས་ཡེ་ཀམ་ཡཱ་དང་། ཡེ་ཀམ་ཡཱ་ནས་ཨེ་ལི་ཤ་མཱ་ཆད་དོ༎
༤༢ ཡང་ཡེ་ར་མེ་ཨེལ་གྱི་ནུ་བོ་ཀ་ལེབ་ཀྱི་བུ་རྣམས་ནི། སྔོན་སྐྱེས་མེ་ཤཱ་ནི་སིབ་ཀྱི་ཕ་ཡོད་པ་ཡིན། དེ་མ་ཟད། ཧེབ་རོན་གྱི་ཕ་མ་རེ་ཤཱ་ཡི་བུ་རྣམས་ཀྱང་ཁོང་གི་བརྒྱུད་ནས་བྱུང་ངོ་། ༤༣ ཡང་ཧེབ་རོན་གྱི་བུ་ནི། ཁོ་རག་དང་། ཐ་ཕུ་ཨ་དང་། རེ་ཀེམ་དང་། ཤེ་མཱ་དང་བཞིའོ། ༤༤ ཤེ་མཱ་ནས་ར་ཧམ་ཆད། དེ་ནི་ཡོར་ཀེ་ཨམ་གྱི་ཕ་ཡོད་པ་ཡིན། རེ་ཀེམ་ནས་ཤམ་མཱ་ཨི་ཆད་དོ། ༤༥ ཡང་ཤམ་མཱ་ཨི་ཡི་བུ་མཱ་ཨོན་ཏེ། དེ་ནི་བེད་ཙུར་གྱི་ཕའོ། ༤༦ ཡབ་ཀ་ལེབ་ཀྱི་བཙུན་མོ་ཆུང་བ་ཨེ་ཕཱ་བྱ་བ་ལས་ཧ་རན་དང་། མོ་ཙཱ་དང་། ག་ཟེས་དང་གསུམ་ཆད་དོ། ཡང་ཧ་རན་ལས་ག་ཟེས་ཆད་དོ། ༤༧ ཡ་དཱ་ཨི་ཡི་བུ་ནི། རེ་གེམ་དང་། ཡོ་ཐམ་དང་། གེ་ཤན་དང་། པེ་ལེད་དང་། ཨེ་ཕཱ་དང་། ཤ་ཨབ་དང་དྲུག་སྐྱེས་སོ། ༤༨ ཡང་ཀ་ལེབ་ཀྱི་བཙུན་མོ་ཆུང་བ་མ་ཨ་ཀཱ་བྱ་བ་ལས་ཤེ་བེར་དང་། ཏིར་ཧ་ནཱ་དང་གཉིས་ཆད་དོ། ༤༩ དེ་མ་ཟད། མད་མན་ནཱ་ཡི་ཕ་ཤ་ཨབ་དང་། མག་བེ་ནཱ་དང་། གི་བེ་ཨ་ཡི་ཕ་ཤེ་ཝཱ་ཡང་དེ་ལས་ཆད་དོ། ཡང་ཀ་ལེབ་ཀྱི་བུ་མོ་ཨག་སཱ་དང་།
༥༠ ད་དུང་ཡང་ཀ་ལེབ་ཀྱི་བརྒྱུད་ལ་གཏོགས་པའི་ཨེབ་རད་ཀྱི་སྔོན་སྐྱེས་ཧུར་གྱི་བུ་ནི། ཁིར་ཡད་ཡེ་ཨ་རིམ་གྱི་ཕ་ཤོ་བལ་དང་། ༥༡ བེད་ལེ་ཧེམ་གྱི་ཕ་སལ་མཱ་དང་། བེད་ག་དེར་གྱི་ཕ་ཧ་རེབ་དང་། ༥༢ ཁིར་ཡད་ཡེ་ཨ་རིམ་གྱི་ཕ་ཤོ་བལ་གྱི་བརྒྱུད་ནས་ཧ་རོ་ཨེའམ། མེ་ནུ་ཧོད་ཀྱི་བརྒྱུད་ཕྱེད་བྱུང་ངོ་། ༥༣ ཡང་ཁིར་ཡད་ཡེ་ཨ་རིམ་གྱི་རིགས་བརྒྱུད་ནི། ཡེད་རི་པ་དང་། པུད་པ་དང་། ཤུ་མད་པ་དང་། མིས་རཱ་པ་རྣམས་སོ། ཡང་རིགས་བརྒྱུད་འདི་རྣམས་ལས་ཚོར་ཨ་པ་དང་ཨེས་ཐ་ཨོལ་པ་རྣམས་བྱུང་ངོ་། ༥༤ ཡང་སལ་མཱའི་བརྒྱུད་ལས་བེད་ལེ་ཧེམ་དང་། ནེ་ཏོ་ཕད་པ་དང་། ཨད་རོད་བེད་ཡོ་ཨབ་པ་དང་། ཙོ་རཱ་པ་རྣམས་བྱུང་ངོ་། ཙོ་རད་པ་གང་ཡིན་ཞེ་ན། མ་ནད་པ་རྣམས་ཀྱི་ཕྱེད་ཡིན་ནོ། ༥༥ ཡང་ཡ་བེས་ལ་གནས་པའི་ཡིག་མཁན་རྣམས་ཀྱི་བརྒྱུད། ཏི་རད་པ་དང་། ཤིམ་ཡད་པ་དང་། སུ་ཀད་པ་རྣམས་ནི་རེ་ཁབ་ཀྱི་བརྒྱུད་ཀྱི་ཕ་མེས་ཧམ་མད་ཀྱི་བརྒྱུད་ནས་བྱུང་བའི་ཀེ་ནི་པ་རྣམས་ཡིན་ནོ༎