༢༩
དེ་ནས་ཕེ་ལེ་ཤེད་པས་རང་གི་དམག་དཔུང་ཐམས་ཅད་ཨ་ཕེག་ཏུ་བསྡུས་པ་དང་། ཨིས་ར་ཨེལ་པ་རྣམས་ཀྱིས་ཡིས་རེ་ཨེལ་དང་ཉེ་བར་ཡོད་པའི་ཆུ་མིག་གི་རྩར་དམག་སྒར་བཏད་དོ།  ཕེ་ལེ་ཤེད་པའི་ཇོ་བོ་རྣམས་ནི་བརྒྱ་ཕྲག་དང་སྟོང་ཕྲག་གི་ཚོགས་བཞིན་དུ་འགྲོ་བས། དཱ་བིད་དང་དེའི་མི་རྣམས་ཨ་ཀིས་ཀྱི་རྗེས་སུ་འབྲངས་སོ།  དེར་ཕེ་ལེ་ཤེད་པའི་ཇོ་བོ་རྣམས་ཀྱིས། ཨིབ་རི་པ་འདི་རྣམས་ཀྱིས་འདི་རུ་ཅི་བྱེད། ཅེས་འདྲིས་ནས། ཨ་ཀིས་ཀྱིས་ཕེ་ལེ་ཤེད་པའི་ཇོ་བོ་རྣམས་ལ། འདི་ནི་དཱ་བིདཨིས་ར་ཨེལ་གྱི་རྒྱལ་པོ་ཤ་ཨུལ་གྱི་གཡོག་པོ་མ་ཡིན་ནམ། ཁོ་ནི་ཉིན་འདི་དག་དང་ལོ་འདི་དག་ཅིག་ང་དང་བཅས་སུ་འདུག་ན་ཡང་། ཁོ་འདི་རུ་ངའི་མདུན་དུ་བསླེབ་པའི་ཉིན་ནས་བཟུང་སྟེ། དེ་རིང་གི་ཉིན་མོའི་བར་དུ། ངས་ཁོའི་ནང་ན་སྐྱོན་གང་ཡང་མ་མཐོང་ངོ་༎
 ཞེས་སྨྲས་པས། ཕེ་ལེ་ཤེད་པའི་ཇོ་བོ་རྣམས་ཀྱིས་དེ་ལ་ཁྲོས་ཤིང་། ཕེ་ལེ་ཤེད་པའི་ཇོ་བོ་རྣམས་ཀྱིས་ཁོ་ལ། མི་དེ་ནི་ལོག་ཏུ་ཆུག་ཅིག ཁོ་ཁྱེད་ཀྱིས་བསྟན་པའི་གནས་སུ་འགྲོ་བར་དགོས། དམག་རྒྱབ་པའི་དུས་སུ་ངེད་ཀྱི་དགྲ་བོར་མི་འགྱུར་བའི་ཕྱིར། ཁོ་ནི་ངེད་རྣམས་དང་མཉམ་དུ་དམག་ཏུ་འགྲོ་བར་མ་ཆུག་ཅིག ཁོ་ནི་རང་གི་དཔོན་པོ་དང་མཐུན་པར་དགའ་ན། དམག་མི་འདི་རྣམས་ཀྱི་མགོ་གཅོད་པའི་སྒོ་ནས་མཐུན་པར་མི་འགྱུར་རམ།  སྔར་གར་རྩེད་པའི་སྐབས་ཤིག་ཏུ་གཅིག་གིས་གཅིག་ལ་གླུ་འགྲན་བཏང་ཞིང་། ཤ་ཨུལ་གྱིས་མི་སྟོང་ཕྲག་བསད། དཱ་བིད་ཀྱིས་མི་ཁྲི་ཕྲག་བསད་ཅེས་ཟེར་བའི་དཱ་བིད་དེ་རང་མ་ཡིན་ནམ་སྨྲས་པས།
 ཨ་ཀིས་ཀྱིས་དཱ་བིད་ལ་བོས་ནས། དེ་ལ། ཡ་ཧོ་ཝཱ་གསོན་པོར་ངེས་པ་ལྟར། ཁྱེད་ནི་དྲང་པོ་ཡིན་པ་དང་། ཁྱེད་ནི་དམག་ཚོགས་ཀྱི་ཁྲོད་དུ་འགྲོ་བ་དང་འོང་བ་ངའི་མིག་གི་མདུན་དུ་བཟང་པོ་ཡིན་ཏེ། ཁྱེད་ངའི་རྩར་འོང་བའི་ཞག་ནས་བཟུང་ནས། དེ་རིང་གི་ཉིན་མོའི་བར་དུ་ངས་ཁྱེད་ཀྱི་ནང་ན་སྐྱོན་གང་ཡང་མ་མཐོང་ཡང་། ཇོ་བོ་རྣམས་ཁྱེད་ལ་མི་དགའོ།  ཕེ་ལེ་ཤེད་པའི་ཇོ་བོ་རྣམས་མི་འཁྲོ་བའི་ཕྱིར། ཁྱེད་ད་ལྟ་ལོག་སྟེ། ཞི་བདེ་བར་སོང་ཞིག་ཅེས་བསྐུལ་བས།  དཱ་བིད་ཀྱིས་ཨ་ཀིས་ལ། བདག་གིས་ཅི་བྱས་པ་ཡིན། བདག་ནི་རང་གི་ཇོ་བོ་རྒྱལ་པོའི་དགྲ་རྣམས་ལ་དམག་ཏུ་འགྲོ་བར་མི་གནང་སྟེ། ཉིད་ཀྱི་གཡོག་པོ་བདག་ཁྱེད་ཀྱི་དྲུང་དུ་འོངས་པ་ནས་བཟུང་སྟེ། དེ་རིང་གི་བར་དུ། ཁྱེད་ཀྱིས་བདག་ལ་སྐྱོན་ཅི་མཐོང་བ་ཡིན་འདྲིས་ནས།  ཨ་ཀིས་ཀྱིས་ལན་འདེབས་ཤིང་དཱ་བིད་ལ། ཕེ་ལེ་ཤེད་པའི་ཇོ་བོ་རྣམས་ཀྱིས། ཁོ་ངེད་དང་མཉམ་དུ་དམག་ཏུ་འགྲོ་བར་མི་དགོས་སྨྲས་ཀྱང་། ངས་ནི། ཁྱེད་ངའི་མིག་གི་མདུན་དུ་དཀོན་མཆོག་གི་ཕོ་ཉ་དང་འདྲ་བར་བཟང་པོ་ཞིག་ཡིན་པར་ཤེས་སོ། ༡༠ དེའི་ཕྱིར་སང་སྔ་དྲོར་ཁྱེད་དང་། ཁྱེད་ཀྱི་དཔོན་པོའི་གཡོག་པོ་ཁྱེད་དང་བཅས་སུ་འོངས་པ་རྣམས་ལོངས་ལ། སྔ་དྲོར་ལངས་ཏེ། སྐྱ་འོད་དང་སོང་ཞིག་ཅེས་བསྐུལ་བས། ༡༡ དཱ་བིད་དང་དེའི་མི་རྣམས་ཕེ་ལེ་ཤེད་པའི་ཡུལ་དུ་ལོག་པའི་ཕྱིར། སང་སྔ་དྲོར་ལངས་སོ། ཡང་ཕེ་ལེ་ཤེད་པ་རྣམས་ཡིས་རེ་ཨེལ་དུ་ཕྱིན་ཏོ༎