༢༡
ཡང་ལེ་ཝི་པ་རྣམས་ཀྱི་སྡེ་དཔོན་རྣམས་བླ་མ་ཨེལ་ཨ་ཟར་དང་ནུན་གྱི་བུ་ཡོ་ཤུ་ཨ་དང་། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་སྡེ་དཔོན་རྣམས་ཀྱི་དྲུང་དུ་བྱུང་སྟེ།  ཀ་ན་ཨན་ཡུལ་ན་ཤི་ལོ་རུ་དེ་དག་ལ་ཡ་ཧོ་ཝཱས་མོ་ཤེའི་ངག་གི་སྒོ་ནས་ངེད་རྣམས་གནས་པའི་གྲོང་ཁྱེར་རྣམས་དང་། ངེད་ཀྱི་ལུག་ཕྱུགས་འཚོ་བའི་ཕྱིར་དེ་དག་གི་ཡུལ་འཁོར་གཏོང་བའི་བཀའ་གནང་ངོ་ཞེས་སྨྲས་པས།  ཡ་ཧོ་ཝཱའི་བཀའ་བཞིན་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་རང་གི་ས་སྐལ་ནས་ལེ་ཝི་པ་རྣམས་ལ་བཏང་བའི་གྲོང་ཁྱེར་རྣམས་དེ་དག་གི་ཡུལ་འཁོར་དང་བཅས་པ་ནི་འདི་ལྟ་སྟེ།
 རྟགས་རིལ་འདེབས་ཤིང་ཀོ་ཧད་པའི་རིགས་བརྒྱུད་རྣམས་ཀྱི་ཕྱིར་ཐོན་པ་ནི་བླ་མ་ཨ་རོན་གྱི་བུ་ལེ་ཝི་པ་རྣམས་ལ་ཡུ་དཱའི་སྡེ་དང་ཤིམ་ཨོན་པའི་སྡེ་དང་བེན་ཡ་མིན་གྱི་སྡེ་ལས་རྟགས་རིལ་འདེབས་ཤིང་གྲོང་ཁྱེར་བཅུ་གསུམ་ཐོན་ཏོ།  ཀོ་ཧད་ཀྱི་བུ་རྣམས་ཀྱི་ལྷག་ལུས་ལ་ཨེབ་ར་ཨིམ་གྱི་སྡེའི་རི་བརྒྱུད་རྣམས་དང་དཱན་གྱི་སྡེ་དང་མ་ན་ཤེའི་སྡེ་ཕྱེད་ལས་རྟགས་རིལ་འདེབས་ཤིང་གྲོང་ཁྱེར་བཅུ་བྱུང་ངོ་༎
 ཡང་གེར་ཤོན་གྱི་བུ་རྣམས་ལ་སྡེ་ཨི་ས་གར་གྱི་རིགས་བརྒྱུད་རྣམས་དང་། ཨ་ཤེར་གྱི་སྡེ་དང་ནབ་ཐ་ལིའི་སྡེ་དང་བཱ་ཤན་ན་མ་ན་ཤེའི་སྡེ་ཕྱེད་ལས་རྟགས་རིལ་འདེབས་ཤིང་གྲོང་ཁྱེར་བཅུ་གསུམ་བྱུང་ངོ་༎
 མེ་རཱ་རིའི་བུ་རྣམས་ལ་རེ་རང་གི་རིགས་བརྒྱུད་བཞིན་དུ་རུ་བེན་གྱི་སྡེ་དང་གད་ཀྱི་སྡེ་དང་ཟེ་བུ་ལོན་གྱི་སྡེ་ལས་གྲོང་ཁྱེར་བཅུ་གཉིས་བྱུང་ངོ་༎
 དེ་ལྟར་ཡ་ཧོ་ཝཱས་མོ་ཤེའི་ངག་གི་སྒོ་ནས་བཀའ་གནང་བ་བཞིན་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་རྟགས་རིལ་འདེབས་ཤིང་ལེ་ཝི་པ་རྣམས་ལ་གྲོང་ཁྱེར་དེ་དག་གི་ཡུལ་འཁོར་དང་བཅས་པ་འདི་རྣམས་བཏང་ངོ་༎
 ཡང་དེ་དག་གིས་ཡུ་དཱའི་སྡེའི་བུ་རྣམས་དང་ཤིམ་ཨོན་གྱི་སྡེའི་བུ་རྣམས་ལས་བཏང་བའི་གྲོང་ཁྱེར་རྣམས་ཀྱི་མིང་རྣམས་བསྒྲགས་པ་ནི། ༡༠ ལེ་ཝིའི་བུ་རྣམས་ལས་ཀོ་ཧད་པའི་རིགས་བརྒྱུད་རྣམས་ནས་ཨ་རོན་གྱི་བུ་རྣམས་ལ་སྐལ་བ་དང་པོ་བྱུང་ངོ་། ༡༡ དེ་དག་གིས་ཡུ་དཱའི་རི་རྒྱུད་དུ་ཨ་ནག་གི་ཕ་ཨར་བཱའི་གྲོང་ཁྱེར་ཧེབ་རོན་བྱ་བའི་འཁོར་ལ་ཡོད་པའི་ཡུལ་འཁོར་དང་བཅས་པ་དེ་དག་ལ་བཏང་གི། ༡༢ གྲོང་ཁྱེར་གྱི་ཞིང་དང་དེའི་ཡུལ་ཚོ་རྣམས་ཡེ་ཕུན་ནེའི་བུ་ཀ་ལེབ་ལ་བདག་ཏུ་འཛིན་པར་བཏང་ངོ་༎
༡༣ ཡང་བླ་མ་ཨ་རོན་གྱི་བུ་རྣམས་ལ་མི་གསོད་ཀྱི་སྐྱབས་གནས་ཧེབ་རོན་ཡུལ་འཁོར་དང་བཅས་པ་དང་། ལིབ་ནཱ་ཡུལ་འཁོར་དང་བཅས་པ་དང་། ༡༤ ཡ་ཐིར་ཡུལ་འཁོར་དང་བཅས་པ་དང་། ཨེས་ཐེ་མོ་ཨ་ཡུལ་འཁོར་དང་བཅས་པ་དང་། ༡༥ ཧོ་ལོན་ཡུལ་འཁོར་དང་བཅས་པ་དང་། དེ་བིར་ཡུལ་འཁོར་དང་བཅས་པ་དང་། ༡༦ ཨ་ཨིན་ཡུལ་འཁོར་དང་བཅས་པ་དང་། ཡུ་ཏཱ་ཡུལ་འཁོར་དང་བཅས་པ་དང་། བེད་ཤེ་མེས་ཡུལ་འཁོར་དང་བཅས་པ་སྡེ་དེ་གཉིས་ལས་གྲོང་ཁྱེར་དགུའོ། ༡༧ ཡང་བེན་ཡ་མིན་གྱི་སྡེ་ལས་གི་བེ་ཨོན་ཡུལ་འཁོར་དང་བཅས་པ་དང་། གེ་བཱ་ཡུལ་འཁོར་དང་བཅས་པ་དང་། ༡༨ ཨ་ན་ཐོད་ཡུལ་འཁོར་དང་བཅས་པ་དང་། ཨལ་མོན་ཡུལ་འཁོར་དང་བཅས་པ་གྲོང་ཁྱེར་བཞིའོ། ༡༩ ཨ་རོན་གྱི་བུ་བླ་མ་བྱས་པ་དག་གི་གྲོང་ཁྱེར་རྣམས་ཀྱི་གྲངས་ནི་གྲོང་ཁྱེར་ཡུལ་འཁོར་དང་བཅས་པ་བཅུ་གསུམ་མོ༎
༢༠ ཡང་ཀོ་ཧད་ཀྱི་བུ་ལེ་ཝི་པ་རྣམས་ཀྱི་རིགས་བརྒྱུད་ཀོ་ཧད་ཀྱི་བུ་རྣམས་ཀྱི་ལྷག་ལུས་ཀྱི་སྐལ་བ་ནི་ཨེབ་ར་ཨིམ་གྱི་སྡེ་ལས་གྲོང་ཁྱེར་རྣམས་ཡིན་ནོ། ༢༡ ཡང་དེ་དག་ལ་ཨེབ་ར་ཨིམ་གྱི་རི་རྒྱུད་ན་མི་གསོད་ཀྱི་སྐྱབས་གནས་སི་ཀེམ་ཡུལ་འཁོར་དང་བཅས་པ་དང་། གེ་ཟེར་ཡུལ་འཁོར་དང་བཅས་པ་དང་། ༢༢ ཁིབ་ཚ་ཨིམ་ཡུལ་འཁོར་དང་བཅས་པ་དང་། བེད་ཧོ་རོན་ཡུལ་འཁོར་དང་བཅས་པ་གྲོང་ཁྱེར་བཞིའོ། ༢༣ ཡང་དཱན་གྱི་སྡེ་ལས་ཨེལ་ཐེ་ཁེ་ཡུལ་འཁོར་དང་བཅས་པ་དང་། གིབ་བེ་ཐོན་ཡུལ་འཁོར་དང་བཅས་པ་དང་། ༢༤ ཨ་ཡ་ལོན་ཡུལ་འཁོར་དང་བཅས་པ་དང་། གད་རིམ་མོན་ཡུལ་འཁོར་དང་བཅས་པ་གྲོང་ཁྱེར་བཞིའོ། ༢༥ ཡང་མ་ན་ཤེའི་སྡེ་ཕྱེད་ལས་ཐ་ཨ་ནག་ཡུལ་འཁོར་དང་བཅས་པ་དང་། གད་རིམ་མོན་ཡུལ་འཁོར་དང་བཅས་པ་གྲོང་ཁྱེར་གཉིས་སོ། ༢༦ ཀོ་ཧད་ཀྱི་བུ་དག་གི་ལྷག་ལུས་ཀྱི་རིགས་བརྒྱུད་རྣམས་ཀྱི་གྲོང་ཁྱེར་ཡུལ་འཁོར་དང་བཅས་པ་ཐམས་ཅད་ཀྱི་གྲངས་ནི་བཅུའོ༎
༢༧ ཡང་ལེ་ཝི་པ་རྣམས་ཀྱི་རིགས་བརྒྱུད་རྣམས་ལས་གེར་ཤོན་གྱི་བུ་རྣམས་ལ་མ་ན་ཤེའི་སྡེ་ཕྱེད་ལས་མི་གསོད་ཀྱི་སྐྱབས་གནས་བཱ་ཤན་ན་ཡོད་པའི་གོ་ལན་ཡུལ་འཁོར་དང་བཅས་པ་དང་། བེ་ཨེས་ཐེ་རཱ་ཡུལ་འཁོར་དང་བཅས་པ་གྲོང་ཁྱེར་གཉིས་སོ། ༢༨ ཡང་ཨི་ས་གར་གྱི་སྡེ་ལས་ཁིས་ཡོན་ཡུལ་འཁོར་དང་བཅས་པ་དང་། དབ་རེད་ཡུལ་འཁོར་དང་བཅས་པ་དང་། ༢༩ ཡར་མུད་ཡུལ་འཁོར་དང་བཅས་པ་དང་། ཨེན་གན་ནིམ་ཡུལ་འཁོར་དང་བཅས་པ་གྲོང་ཁྱེར་བཞིའོ། ༣༠ ཡང་ཨ་ཤེར་གྱི་སྡེ་ལས་མི་ཤེ་ཨལ་ཡུལ་འཁོར་དང་བཅས་པ་དང་། ཨབ་དོན་ཡུལ་འཁོར་དང་བཅས་པ་དང་། ༣༡ ཧེལ་ཁད་ཡུལ་འཁོར་དང་བཅས་པ་དང་། རེ་ཧོབ་ཡུལ་འཁོར་དང་བཅས་པ་གྲོང་ཁྱེར་བཞིའོ། ༣༢ ཡང་ནབ་ཐ་ལི་ཡི་སྡེ་ལས་མི་གསོད་ཀྱི་སྐྱབས་གནས་ག་ལིལ་ཡུལ་ན་ཀེ་དེས་ཡུལ་འཁོར་དང་བཅས་པ་དང་། ཧམ་མོད་དོར་ཡུལ་འཁོར་དང་བཅས་པ་དང་། ཁར་ཐན་ཡུལ་འཁོར་དང་བཅས་པ་གྲོང་ཁྱེར་གསུམ་མོ། ༣༣ རེ་རང་གི་རིགས་བརྒྱུད་རྣམས་བཞིན་དུ་གེར་ཤོན་པའི་གྲོང་ཁྱེར་ཐམས་ཅད་ཀྱི་གྲངས་ནི་གྲོང་ཁྱེར་ཡུལ་འཁོར་དང་བཅས་པ་བཅུ་གསུམ་མོ༎
༣༤ ཡང་ལེ་ཝི་པ་ལྷག་ལུས་རྣམས་ནི་མེ་རཱ་རིའི་བུ་རྣམས་ཀྱི་རིགས་བརྒྱུད་རྣམས་ལ་ཟེ་བུ་ལོན་གྱི་སྡེ་ལས་ཡོག་ནེ་ཨམ་ཡུལ་འཁོར་དང་བཅས་པ་དང་། ཁར་ཐཱ་ཡུལ་འཁོར་དང་བཅས་པ་དང་། ༣༥ དིམ་ནཱ་ཡུལ་འཁོར་དང་བཅས་པ་དང་། ན་ཧ་ལལ་ཡུལ་འཁོར་དང་བཅས་པ་གྲོང་ཁྱེར་བཞིའོ། ༣༦ ཡང་རུ་བེན་གྱི་སྡེ་ལས་བེ་ཚེར་ཡུལ་འཁོར་དང་བཅས་པ་དང་། ཡ་ཧཱས་ཡུལ་འཁོར་དང་བཅས་པ་དང་། ༣༧ ཁེ་དེ་མོད་ཡུལ་འཁོར་དང་བཅས་པ་དང་། མེ་ཕ་ཨད་ཡུལ་འཁོར་དང་བཅས་པ་གྲོང་ཁྱེར་བཞིའོ། ༣༨ ཡང་གད་ཀྱི་སྡེ་ལས་མི་གསོད་ཀྱི་སྐྱབས་གནས་གིལ་ཨད་ན་རཱ་མོད་ཡུལ་འཁོར་དང་བཅས་པ་དང་། མ་ཧ་ནཱ་ཨིམ་ཡུལ་འཁོར་དང་བཅས་པ་དང་། ༣༩ ཧེས་བོན་ཡུལ་འཁོར་དང་བཅས་པ་དང་། ཡ་ཟེར་ཡུལ་འཁོར་དང་བཅས་པ་གྲོང་ཁྱེར་སྡོམ་བཞིའོ། ༤༠ ལེ་ཝི་པའི་རིགས་བརྒྱུད་རྣམས་ཀྱི་ལྷག་ལུས་མེ་རཱ་རི་ཡི་བུ་དག་གི་རིགས་བརྒྱུད་རྣམས་ཀྱི་གྲོང་ཁྱེར་ཐམས་ཅད་ནི་དེ་དག་གི་ས་སྐལ་གྲོང་ཁྱེར་བཅུ་གཉིས་སོ༎
༤༡ ལེ་ཝི་པ་རྣམས་ཀྱི་གྲོང་ཁྱེར་ནི་ཨིས་ར་ཨེལ་གྱི་བུ་དག་གི་ནོར་སྐལ་གྱི་དབུས་སུ་ཡོད་པ་རྣམས་ཀྱི་གྲངས་ནི་གྲོང་ཁྱེར་ཡུལ་འཁོར་དང་བཅས་པ་བཞི་བཅུ་ཞེ་བརྒྱད་དོ། ༤༢ གྲོང་ཁྱེར་རེ་རེ་ཡུལ་འཁོར་དང་བཅས་སུ་ཡིན་ཏེ་དེ་བཞིན་དུ་གྲོང་ཁྱེར་ཐམས་ཅད་ཡོད་པ་ཡིན།
༤༣ ཡང་ཡ་ཧོ་ཝཱས་ཕ་མེས་ལ་གནང་བའི་ཕྱིར་དབུ་མནའ་བཞེས་པ་བཞིན་དུ་ཡུལ་དེ་ཐམས་ཅད་ཨིས་ར་ཨེལ་ལ་གནང་བས་དེ་དག་གིས་བདག་ཏུ་བཟུང་ནས་དེར་གནས་སོ། ༤༤ ཡང་ཡ་ཧོ་ཝཱས་མེས་པོ་རྣམས་ལ་དབུ་མནའ་བཞེས་པ་བཞིན་དུ་ཕྱོགས་བཞི་ནས་དེ་དག་ལ་དུས་བདེ་གནང་བར་མཛད་པས། ཕ་རོལ་པའི་ནང་ནས་མི་གཅིག་ཀྱང་དེ་དག་ལ་འགྲན་མ་བཏུབ་བོ། ཡ་ཧོ་ཝཱས་ཕ་རོལ་པ་ཐམས་ཅད་དེ་དག་གི་ལག་ཏུ་གནང་ངོ་། ༤༥ ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་ཁྱིམ་ལ་མཛད་པའི་གསུང་བཟང་པོ་ཀུན་གྱི་ནང་ནས་གཅིག་ཀྱང་མ་ཆག་པར་ཐམས་ཅད་བསྒྲུབས་སོ༎