༡༩
ཡང་ཤིམ་ཨོན་གྱི་ཕྱིར་རྟགས་རིལ་འདེབས་ཤིང་ནོར་སྐལ་གཉིས་པ་ནི་ཤིམ་ཨོན་གྱི་བུ་རྣམས་ཀྱི་སྡེ་རེ་རང་གི་བརྒྱུད་བཞིན་དུ་ཐོན་ནས། ཡུ་དཱ་ཡི་བུ་རྣམས་ཀྱི་ནོར་སྐལ་གྱི་དབུས་སུ་དེ་དག་ལ་ས་སྐལ་བརྙེད་དོ། ༢ ཡང་དེ་དག་ལ་བརྙེད་པའི་ས་སྐལ་ནི་བེ་ཨེར་ཤེ་བཱའམ་ཤེ་བཱ་དང་མོ་ལ་དཱ་དང་། ༣ ཧ་ཚར་ཤུ་ཨལ་དང་། བ་ལཱ་དང་། ཨེ་ཚེམ་དང་། ༤ ཨེལ་ཐོ་ལད་དང་། བེ་ཐུལ་དང་། ཧོར་མཱ་དང་། ༥ ཙིག་ལག་དང་། བེད་མར་ཁ་བོད་དང་། ཧ་ཚར་སུ་སཱ་དང་། ༦ བེད་ལེ་བ་ཨོད་དང་། ཤ་རུ་ཧེན་དང་གྲོང་ཁྱེར་བཅུ་གསུམ་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ། ༧ ཡང་ཨ་ཨིན་དང་། རིམ་མོན་དང་། ཨེ་ཐེར་དང་། ཨ་ཤན་དང་གྲོང་ཁྱེར་བཞི་དེ་དག་གི་ཡུལ་ཚོ་རྣམས་སུ་བཅས་པ་དང་། ༨ བ་ཨ་ལད་བེ་ཨེར་རམ་རཱ་མད་ཀྱི་བར་དུ་ལྷོ་ཕྱོགས་སུ་ཡུལ་ཚོ་ཐམས་ཅད་གྲོང་ཁྱེར་དེ་རྣམས་ཀྱི་ཡུལ་འཁོར་དུ་ཡོད་པ་རྣམས་སོ། དེ་ནི་རེ་རང་གི་བརྒྱུད་བཞིན་དུ་ཤིམ་ཨོན་གྱི་བུ་རྣམས་ཀྱི་སྡེ་ལ་བརྙེད་པའི་ས་སྐལ་ལོ། ༩ ཤིམ་ཨོན་གྱི་བུ་རྣམས་ཀྱི་ས་སྐལ་ནི་ཡུ་དཱ་ཡི་བུ་རྣམས་ཀྱི་ཐོབ་ཐང་ལས་བྱུང་ངོ་། དེ་ཅིའི་ཕྱིར་ཞེ་ན། ཡུ་དཱ་ཡི་བུ་རྣམས་ཀྱི་ཐོབ་ཐང་ནི་རང་གི་ཕྱིར་ཧ་ཅང་མང་བ་ཡིན་པས་དེ་དག་གི་ནོར་སྐལ་གྱི་དབུས་ནས་ཤིམ་ཨོན་གྱི་བུ་རྣམས་ལ་ནོར་སྐལ་བརྙེད་དོ༎༡༠ ཡང་རྟགས་རིལ་འདེབས་ཤིང་རེ་རང་གི་བརྒྱུད་བཞིན་དུ་ཟེ་བུ་ལོན་གྱི་བུ་རྣམས་ཀྱི་ཕྱིར་ནོར་སྐལ་གསུམ་པ་ཐོན་ནོ། དེ་དག་གི་ས་མཚམས་ནི་ས་རིད་ཀྱི་བར་དུ་ཕྱིན་ནོ། ༡༡ ཡང་དེ་དག་གི་ས་ཚིགས་ནི་རྒྱ་མཚོའི་ཕྱོགས་སུ་མར་ཧ་ལཱ་ཡི་བར་དུ་ཡར་སོང་ནས། དབ་བ་ཤེད་དུ་ཕྱིན་ནས་ཡོག་ནེ་ཨམ་གྱི་མདུན་དུ་ཡོད་པའི་གྲོག་པོ་ཐུག་ཕྱིན་ཏོ། ༡༢ ཡང་ས་རིད་ནས་ཤར་ཕྱོགས་སུ་ཀིས་ལོད་ཐ་བོར་གྱི་མཐར་ཉི་ཤར་ཕྱོགས་སུ་འཁོར་ནས། དབ་རད་དུ་ཐོན་པ་དང་ཡ་ཕི་ཡཱ་ཡི་བར་དུ་ཡར་ཕྱིན་ཏོ། ༡༣ ཡང་དེ་ནས་ཉི་ཤར་ཕྱོགས་སུ་གད་ཧེ་ཕེར་དང་ཨེད་ཁ་ཚིན་གྱི་བར་དུ་ཕ་རོལ་ཏུ་སོང་བ་དང་། རིམ་མོན་གྱི་བར་དུ་ཐོན་ནས་ནེ་ཨ་ཐུག་ཕྱིན་ཏོ། ༡༤ ཡང་ས་ཚིགས་ནི་ཡུལ་དེ་འཁོར་ནས་བྱང་ཕྱོགས་སུ་ཧན་ན་ཐོན་གྱི་བར་དུ་སོང་བ་དང་ལུང་པ་ཡིབ་ཐ་ཨེལ་དུ་ཕྱིན་ཏོ། ༡༥ ཡང་ཁད་ཏད་དང་། ན་ཧ་ལལ་དང་། ཤིམ་རོན་དང་། ཡིད་ཨ་ལཱ་དང་། བེད་ལེ་ཧེམ་དང་གྲོང་ཁྱེར་བཅུ་གཉིས་ནི་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ། ༡༦ དེ་ནི་རེ་རང་གི་བརྒྱུད་བཞིན་དུ་ཟེ་བུ་ལོན་གྱི་བུ་རྣམས་ཀྱི་ས་སྐལ་ཞེ་ན་གྲོང་ཁྱེར་རྣམས་ནི་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ༎
༡༧ ཡང་ཨི་ས་གར་གྱི་ཕྱིར་རྟགས་རིལ་འདེབས་ཤིང་རེ་རང་གི་བརྒྱུད་བཞིན་དུ་ཨི་ས་གར་གྱི་བུ་རྣམས་ལ་ས་སྐལ་བཞི་པ་ཐོན་ནོ། ༡༨ དེ་དག་གི་ས་ཚིགས་ནི་ཡིས་རེ་ཨེལ་དང་། ཀེ་སུལ་ལོད་དང་། ཤུ་ནེམ་དང་། ༡༩ ཧ་ཕར་ཨིམ་དང་། ཤི་ཨོན་དང་། ཨ་ན་ཧ་རད་དང་། ༢༠ ར་བིད་དང་། ཁིས་ཡོན་དང་། ཨེ་བེས་དང་། ༢༡ རེ་མེད་དང་། ཨེན་གན་ནིམ་དང་། ཨེན་ཧད་དཱ་དང་། བེད་ཕ་ཚེས་རྣམས་སོ། ༢༢ ཡང་ས་མཚམས་ཐ་བོར་དང་། ཤ་ཧ་ཚི་མཱ་དང་། བེད་ཤེ་མེས་ཐུག་སླེབས་ནས་དེའི་ས་མཚམས་ཡོར་དན་དུ་ཕྱིན་པ་དང་། གྲོང་ཁྱེར་བཅུ་དྲུག་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ། ༢༣ ཡང་དེ་ནི་རེ་རང་གི་བརྒྱུད་བཞིན་དུ་ཨི་ས་གར་གྱི་བུ་རྣམས་ཀྱི་སྡེའི་ས་སྐལ་ཞེ་ན་གྲོང་ཁྱེར་རྣམས་ནི་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ༎
༢༤ ཡང་རྟགས་རིལ་འདེབས་ཤིང་རེ་རང་གི་བརྒྱུད་བཞིན་དུ་ཨ་ཤེར་གྱི་བུ་རྣམས་ཀྱི་སྡེའི་ཕྱིར་ས་སྐལ་ལྔ་པ་ཐོན་ནས། ༢༥ དེ་དག་གི་ས་ཚིགས་ནི་ཧེལ་ཁད་དང་། ཧ་ལི་དང་། བེ་ཏེན་དང་། ཨག་ཤབ་དང་། ༢༦ ཨལ་ལམ་མེ་ལེག་དང་། ཨམ་ཨད་དང་། མི་ཤེ་ཨལ་དང་། རྒྱ་མཚོའི་ཕྱོགས་སུ་རི་ཀར་མེལ་དང་ཤི་ཧོར་ལིབ་ནད་དུ་ཕྱིན་ནོ། ༢༧ ཡང་ཤར་ཕྱོགས་སུ་བེད་ད་གོན་དུ་འཁོར་ནས་ཟེ་བུ་ལོན་དང་། བེད་ཨེ་མེག་དང་། ནེ་ཨི་ཨེལ་གྱི་བྱང་ཕྱོགས་སུ་ལུང་པ་ཡིབ་ཐ་ཨེལ་དུ་ཕྱིན་ནས་གཡོན་ཕྱོགས་སུ་ཡོད་པའི་ཀ་བུལ་དུ་ཕྱིན་པ་དང་། ༢༨ ཨེབ་རོན་དང་། རེ་ཧོབ་དང་། ཧམ་མོན་དང་། ཁ་ནཱ་་ཚི་དོན་ཆེན་པོའི་བར་དུ་སོང་ངོ་། ༢༩ ཡང་ས་ཚིགས་རཱ་མཱ་དང་གྲོང་ཁྱེར་བཙན་པོ་ཚོར་གྱི་བར་དུ་འཁོར་རོ། ཡང་ས་མཚམས་ཧོ་སཱ་རུ་འཁོར་ནས་ཨག་ཟིབ་ཀྱི་ངོགས་ནས་རྒྱ་མཚོའི་ཕྱོགས་སུ་ཕྱིན་ཏོ། ༣༠ ཡང་ཨུ་མཱ་དང་། ཨ་ཕེག་དང་། རེ་ཧོབ་དང་གྲོང་ཁྱེར་ཉི་ཤུ་རྩ་གཉིས་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ། ༣༡ དེ་ནི་རེ་རང་གི་བརྒྱུད་བཞིན་དུ་ཨ་ཤེར་གྱི་བུ་རྣམས་ཀྱི་སྡེའི་ས་སྐལ་ཞེ་ན་གྲོང་ཁྱེར་དེ་རྣམས་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ༎
༣༢ ཡང་ནབ་ཐ་ལིའི་བུ་རྣམས་ཀྱི་ཕྱིར་རྟགས་རིལ་འདེབས་ཤིང་རེ་རང་གི་བརྒྱུད་བཞིན་དུ་ནབ་ཐ་ལི་ཡི་བུ་རྣམས་ལ་ས་སྐལ་དྲུག་པ་ཐོན་ནོ། ༣༣ ཡང་དེ་དག་གི་ས་མཚམས་ནི་ཧེ་ལེབ་དང་། ཚ་ཨ་ནན་ནིམ་དང་ཉེ་བའི་བེ་ཤིང་དང་། ཨ་ད་མི་ནེ་ཁེབ་དང་། ཡབ་ནེ་ཨེལ་ནས་ལ་ཁུམ་གྱི་བར་དུ་སོང་བ་དང་ཡོར་དན་ཆུ་བོ་ཐུག་ཕྱིན་ཏོ། ༣༤ ཡང་ས་མཚམས་ནི་རྒྱ་མཚོའི་ཕྱོགས་སུ་ཨས་ནོད་ཐ་བོར་དུ་འཁོར་ཞིང་དེ་ནས་ཧུ་ཁོག་ཏུ་ཕྱིན་ཏེ། ལྷོ་ཕྱོགས་སུ་ཟེ་བུ་ལོན་དང་རྒྱ་མཚོའི་ཕྱོགས་སུ་ཨ་ཤེར་དང་ཡུ་དཱ་དང་འབྲེལ་བས་ཤར་ཕྱོགས་སུ་ཡོར་དན་ཆུ་བོའོ། ༣༥ ཡང་གྲོང་ཁྱེར་བཙན་པོ་རྣམས་ནི་ཚིད་དིམ་དང་། ཚེར་དང་། ཧམ་མད་དང་། ར་ཁད་དང་། ཀིན་ནེ་རེད་དང་། ༣༦ ཨ་ད་མཱ་དང་། རཱ་མཱ་དང་། ཧ་ཙོར་དང་། ༣༧ ཀེ་དེས་དང་། ཨེ་དྲེ་ཨི་དང་། ཨེན་ཧ་ཙོར་དང་། ༣༨ ཡི་རེ་ཨོན་དང་། མིག་དལ་ཨེལ་དང་། ཧོ་རེམ་དང་། བེད་ཨ་ནད་དང་། བེད་ཤེ་མེས་དང་གྲོང་ཁྱེར་བཅུ་དགུ་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ། ༣༩ དེ་ནི་རེ་རང་གི་བརྒྱུད་བཞིན་དུ་ནབ་ཐ་ལི་ཡི་བུ་རྣམས་ཀྱི་སྡེའི་ས་སྐལ་ཞེ་ན། གྲོང་ཁྱེར་དེ་རྣམས་ནི་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ༎
༤༠ ཡང་རྟགས་རིལ་འདེབས་ཤིང་རེ་རང་གི་བརྒྱུད་བཞིན་དུ་དཱན་གྱི་བུ་རྣམས་ཀྱི་སྡེའི་ཕྱིར་ས་སྐལ་བདུན་པ་ཐོན་ནོ། ༤༡ དེ་དག་གི་ནོར་སྐལ་གྱི་ས་མཚམས་ནི་ཚོར་ཨ་དང་། ཨེས་ཐ་ཨོལ་དང་། ཨིར་ཤེ་མེས་དང་། ༤༢ ཤ་ཨལ་ལཱ་བིན་དང་། ཨ་ཡ་ལོན་དང་། ཡིད་ལཱ་དང་། ༤༣ ཨེ་ལོན་དང་། ཐིམ་ན་ཐཱ་དང་། ཨེག་རོན་དང་། ༤༤ ཨེལ་ཐེ་ཁེ་དང་། གིབ་བེ་ཐོན་དང་། བ་ཨ་ལད་དང་། ༤༥ ཡེ་ཧུད་དང་། བེ་ནེ་བེ་རག་དང་། གད་རིམ་མོན་དང་། ༤༦ མེ་ཡར་ཁོན་དང་། རཱ་ཁོན། ཡོ་ཕཱའི་ཐད་དུ་ཡོད་པའི་ཡུལ་འཁོར་དང་བཅས་པའོ། ༤༧ ཡང་དཱན་གྱི་བུ་རྣམས་ཀྱི་ས་མཚམས་ནི་དེ་བས་ཕར་ཐལ་བས། དཱན་གྱི་བུ་རྣམས་སོང་བ་ལས་ལེ་ཤེམ་ལ་དམག་དྲངས་ནས། བཅོམ་ཞིང་རལ་གྲིའི་ཁས་བརྡུངས་པ་དང་། ཡུལ་དེ་བླངས་ཤིང་བཟུང་ནས་དེ་དག་གིས་ལེ་ཤེམ་གྱི་མིང་ཕའི་མིང་ལྟར་དུ་དཱན་ཞེས་བཏགས་སོ། ༤༨ དེ་ནི་རེ་རང་གི་བརྒྱུད་བཞིན་དུ་དཱན་གྱི་བུ་རྣམས་ཀྱི་སྡེའི་ས་སྐལ་ཞེ་ན་གྲོང་ཁྱེར་དེ་རྣམས་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ༎
༤༩ ཡང་ཡུལ་དེ་རང་གི་ས་མཚམས་རྣམས་བཞིན་དུ་བགོད་ཟིན་ནས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་རང་གི་དབུས་ན་ནུན་གྱི་བུ་ཡོ་ཤུ་ཨ་ལ་ས་སྐལ་ཞིག་བཏང་ངོ་། ༥༠ དེས་བཙལ་བའི་ཐིམ་ནད་སེ་རཱ་་ཨེབ་ར་ཨིམ་གྱི་རི་རྒྱུད་ན་ཡོད་པའི་གྲོང་ཁྱེར་དེ་ཡ་ཧོ་ཝཱའི་བཀའ་བཞིན་དུ་ཁོ་ལ་བཏང་ནས། དེས་གྲོང་ཁྱེར་དེ་བརྩིགས་ནས་དེར་གནས་སོ༎
༥༡ བླ་མ་ཨེལ་ཨ་ཟར་དང་ནུན་གྱི་བུ་ཡོ་ཤུ་ཨ་དང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་སྡེ་དཔོན་དག་གིས་རྟགས་རིལ་འདེབས་ཤིང་། ཤི་ལོ་རུ་ཡ་ཧོ་ཝཱའི་ཞལ་ངོར་འདུ་བའི་གུར་མཆོག་གི་སྒོའི་འགྲམ་དུ་བགོས་པའི་ནོར་སྐལ་དེ་རྣམས་ཡིན་པས། ཡུལ་ལ་བགོ་བཤའ་བྱེད་པ་རྫོགས་སོ༎