༡༧
ཡང་རྟགས་རིལ་བརྒྱབས་ནས་མ་ན་ཤེ་ནི་ཡོ་སེབ་ཀྱི་སྔོན་སྐྱེས་ཡིན་པས་དེའི་སྡེ་ལ་ནོར་སྐལ་བརྙེད་དོ། མ་ན་ཤེའི་སྔོན་སྐྱེས་གིལ་ཨད་ཀྱི་ཕ་མ་ཀིར་མི་དཔའ་ཅན་ཞིག་ཡོད་པས་གིལ་ཨད་དང་བཱ་ཤན་དེ་ལ་བརྙེད་དོ།  ཡང་མ་ན་ཤེའི་བུ་གཞན་རྣམས་དེ་དག་གི་བརྒྱུད་དང་བཅས་པ་ནི། ཨ་བི་ཨེ་སེར་གྱི་བུ་རྣམས་དང་ཧེ་ལེག་གི་བུ་རྣམས་དང་ཨས་རི་ཨེལ་གྱི་བུ་རྣམས་དང་སི་ཀེམ་གྱི་བུ་རྣམས་དང་ཧེ་ཕེར་གྱི་བུ་རྣམས་དང་ཤེ་མི་དཱ་ཡི་བུ་རེ་ལ་ནོར་སྐལ་རེ་བྱུང་ངོ་། དེ་དག་ནི་ཡོ་སེབ་ཀྱི་བུ་མ་ན་ཤེ་ནས་ཆད་པའི་སྐྱེས་པ་དག་རེ་རང་གི་བརྒྱུད་བཞིན་ནོ།  འོན་ཀྱང་མ་ན་ཤེའི་བུ་མ་ཀིར། དེའི་བུ་གིལ་ཨད། དེའི་བུ་ཧེ་ཕེར། དེའི་བུ་ཚེ་ལོ་ཕེ་ཧད་དེ་ལ་ནི་བུ་མེད་ཀྱི་བུ་མོ་རྣམས་ཡོད་པས་བུ་མོ་རྣམས་ཀྱི་མིང་ནི། མ་ལཱནོ་ཨཧོག་ལཱམིལ་ཀཱཐིར་ཙཱ་དང་ལྔའོ།  དེ་དག་བླ་མ་ཨེལ་ཨ་ཟར་དང་ནུན་གྱི་བུ་ཡོ་ཤུ་ཨ་དང་སྡེ་དཔོན་རྣམས་ཀྱི་དྲུང་དུ་བྱུང་སྟེ། ཡ་ཧོ་ཝཱས་མོ་ཤེ་ལ་ངེད་ཀྱི་སྤུན་རྣམས་ཀྱི་ཁྲོད་ན་ནོར་སྐལ་ཞིག་བཏང་བའི་ཕྱིར་བཀའ་སྩལ་མཛད་དོ་དེ་སྐད་ཅེས་བྱས་པས། ཡ་ཧོ་ཝཱའི་བཀའ་བཞིན་དུ་ཕའི་སྤུན་གྱི་ཁྲོད་ན་དེ་དག་ལ་ནོར་སྐལ་ཞིག་བཏང་ངོ་།  ཡང་ཡོར་དན་ཆུའི་ཕ་རོལ་ན་ཡོད་པའི་གིལ་ཨད་དང་བཱ་ཤན་ཡུལ་གཉིས་མ་གཏོགས་པར་མ་ན་ཤེ་ལ་ཡུལ་གྱི་ཆ་བཅུ་ཐོབ་བོ།  མ་ན་ཤེའི་བུ་མོ་རྣམས་ལ་དེའི་བརྒྱུད་ཀྱི་ཁྲོད་དུ་ནོར་སྐལ་ཐོབ་པའི་ཕྱིར་རོ། ཡང་གིལ་ཨད་ཡུལ་མ་ན་ཤེའི་བུ་གཞན་དག་ལ་ཐོབ་བོ༎
 ཡང་མ་ན་ཤེའི་ས་ཚིགས་ནི་ཨ་ཤེར་ནས་སི་ཀེམ་གྱི་མདུན་དུ་ཡོད་པའི་མིག་མེ་ཐད་ཀྱི་བར་དུ་ཡོད་དེ། གཡས་སུ་ས་ཚིགས་ནི་ཨེན་ཐ་ཕུ་ཨ་པ་རྣམས་ཀྱི་བར་དུ་ཕྱིན་ཏོ།  ཡུལ་འཁོར་ཐ་ཕུ་ཨ་་མ་ན་ཤེ་ལ་བརྙེད་ཀྱི། མ་ན་ཤེའི་ས་ཚིགས་ཀྱི་གན་དུ་ཡོད་པའི་ཐ་ཕུ་ཨ་རང་ཨེབ་ར་ཨིམ་གྱི་བུ་རྣམས་ལ་བརྙེད་དོ།  ཡང་ས་མཚམས་ནི་གྲོག་པོ་ཁ་ནཱ་དེའི་བྱང་ཕྱོགས་སུ་བབས་པ་དང་། མ་ན་ཤེའི་གྲོང་ཁྱེར་རྣམས་ཀྱི་ཁྲོད་ན་གྲོང་ཁྱེར་འདི་དག་ཨེབ་ར་ཨིམ་ལ་ཐོབ་བོ། ཡང་མ་ན་ཤེའི་ས་མཚམས་ནི་གྲོག་པོ་བྱང་ཕྱོགས་སུ་སོང་ནས་རྒྱ་མཚོའི་ཕྱོགས་སུ་ཕྱིན་ཏོ། ༡༠ ལྷོ་ཕྱོགས་ཀྱི་ཡུལ་ཨེབ་ར་ཨིམ་ལ་ཐོབ་ཀྱང་བྱང་ཕྱོགས་ཀྱི་ཡུལ་ནི་མ་ན་ཤེ་ལ་བརྙེད་ཅིང་དེའི་ས་ཚིགས་ནི་རྒྱ་མཚོའོ། བྱང་ཕྱོགས་སུ་ཨ་ཤེར་དང་འབྲེལ་ཞིང་ཤར་ཕྱོགས་སུ་ཨི་ས་གར་དང་འབྲེལ་ལོ། ༡༡ ཡང་ཨི་ས་གར་དང་ཨ་ཤེར་གྱི་ཁྲོད་ན་མ་ན་ཤེ་ལ་ཐོབ་པ་ནི་འདི་ལྟ་སྟེ། བེད་ཤེ་ཨན་དེའི་གྲོང་ཁྱེར་རྣམས་དང་བཅས་པ་དང་། ཡིབ་ལེ་ཨམ་དེའི་གྲོང་ཁྱེར་རྣམས་དང་བཅས་པ་དང་། དཱོར་པ་རྣམས་ཀྱང་དེའི་གྲོང་ཁྱེར་རྣམས་དང་བཅས་པ་དང་། ཨེན་དོར་པ་རྣམས་དེའི་གྲོང་ཁྱེར་རྣམས་དང་བཅས་པ་དང་། ཐ་ཨ་ནག་པ་རྣམས་དེའི་གྲོང་ཁྱེར་རྣམས་དང་བཅས་པ་དང་། མེ་གིད་དོ་པ་རྣམས་དེའི་གྲོང་ཁྱེར་རྣམས་དང་བཅས་པ་རི་ལ་ཡོད་པའི་གྲོང་ཁྱེར་གསུམ་པོ་དེ་ཡིན་ནོ། ༡༢ འོན་ཀྱང་མ་ན་ཤེའི་བུ་རྣམས་ཀྱིས་གྲོང་ཁྱེར་དེ་དག་ནང་ཡོད་པ་རྣམས་སྐྲོད་མ་ཐུབ་པར་ཀ་ན་ཨན་པ་རྣམས་ཡུལ་དེར་གནས་སོ། ༡༣ ཡང་ཨིས་ར་ཨེལ་གྱི་བུ་དག་གི་སྟོབས་འཕེལ་བའི་ཚེ་ན་ཀ་ན་ཨན་པ་རྣམས་བྲན་འཁོལ་དུ་བཅུག་གིས་སྐྲོད་པར་མ་བྱས་སོ༎
༡༤ ཡང་ཡོ་སེབ་ཀྱི་བུ་རྣམས་ཀྱིས་ཡོ་ཤུ་ཨ་ལ་འདི་སྐད་དུ། ད་ཙམ་གྱི་བར་དུ་ཡ་ཧོ་ཝཱས་ང་ལ་བྱིན་རླབས་མཛད་པས་ང་ནི་མི་ཚོགས་གྲངས་ཆེ་བ་ཡིན་ཀྱང་ས་བདག་ཏུ་འཛིན་པའི་ཕྱིར་ཁྱོད་ཀྱིས་ཅིའི་ཕྱིར་ནོར་སྐལ་གཅིག་དང་ཐོབ་ཐང་གཅིག་འབའ་ཞིག་བཏང་ཞེས་སྨྲས་པས། ༡༥ ཡོ་ཤུ་ཨས་དེ་དག་ལ་ཁྱོད་ནི་མི་ཚོགས་གྲངས་ཆེ་བ་ཡིན་པས། གལ་ཏེ་རི་རྒྱུད་ཨེབ་ར་ཨིམ་ཁྱོད་ཀྱི་ཕྱིར་གནས་དོག་པོ་ཡོད་ན། ཡར་སོང་ལ་ནགས་སུ་ཕེ་རི་ཟི་པ་དང་རེ་ཕ་ཨིམ་པའི་ཡུལ་ན་ཁྱོད་ལ་གནས་ཐོབ་པའི་ཕྱིར་ནགས་ཀྱི་ཤིང་ཆོད་ཅིག་ཅེས་ཟིར་ནས། ༡༦ ཡོ་སེབ་ཀྱི་བུ་དག་ན་རེ། རི་རྒྱུད་འདི་ངེད་ཀྱི་ཕྱིར་མི་ཆོག་ཅིང་ལུང་པ་ན་གནས་པའི་ཀ་ན་ཨན་པ་ཐམས་ཅད་ཅེ་ན། བེད་ཤེ་ཨན་པ་རྣམས་དེ་དག་གི་གྲོང་ཁྱེར་དང་བཅས་པ་དང་ཡིས་རེ་ཨེལ་གྱི་ལུང་པ་ན་གནས་པ་དག་ལ་ལྕགས་ཀྱི་ཤིང་རྟ་རྣམས་ཡོད་དོ། ༡༧ ཡང་ཡོ་ཤུ་ཨས་ཡོ་སེབ་ཀྱི་ཁྱིམ་ཨེབ་ར་ཨིམ་དང་མ་ན་ཤེ་ལ་འདི་སྐད་དུ། ཁྱོད་མི་ཚོགས་གྲངས་ཆེ་ཞིང་དབང་ཅན་ཡོད་པས་ནོར་སྐལ་གཅིག་འབའ་ཞིག་ཐོབ་པར་མི་རུང་གི། ༡༨ རི་རྒྱུད་ཅིག་ཁྱོད་ལ་བརྙེད་པར་འགྱུར། ནགས་ཡིན་པས་དེ་བཅད་དེ་དེའི་མཐའ་འཁོར་ཁྱོད་ཀྱི་ཡིན་པར་རུང་ངོ་། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་ནི་ལྕགས་ཀྱི་ཤིང་རྟ་རྣམས་དང་ལྡན་པའི་ཀ་ན་ཨན་པ་དབང་ཆེ་བ་རྣམས་སྐྲོད་པར་འགྱུར་བའི་ཕྱིར་རོ༎