༡༥
ཡང་རྟགས་རིལ་བརྒྱབས་ནས་ཡུ་དཱའི་བུ་རྣམས་ཀྱི་སྡེ་རེ་རང་གི་བརྒྱུད་རྣམས་བཞིན་དུ་ཐོན་པ་དེ་ནི་ལྷོ་ཕྱོགས་སུ་ཨེ་དོམ་གྱི་ས་མཚམས་དང་འབྲོག་སྟོང་ཚིན་ལས་ལྷོ་ཕྱོགས་ཀྱི་བར་དུའོ།  དེ་དག་གི་ས་ཚིགས་ནི་ལྷོ་ཕྱོགས་སུ་ཚྭ་མཚོའི་མཇུག་དང་ལྷོ་ཕྱོགས་སུ་ལྟ་བའི་མཚོ་ཁུག་ནས།  ལྷོ་ཕྱོགས་སུ་རི་ཨག་རབ་བིམ་གྱི་བར་དུ་ཕྱིན་པ་དང་། ཚིན་དུ་ཕྱིན་ནས་ཁ་དཱེས་བར་ནེ་ཨ་ཡི་ལྷོ་ཕྱོགས་སུ་ཡར་སོང་བ་དང་། ཕ་རོལ་ཏུ་ཧེས་རོན་རྒྱུད་ནས་ཨ་དཱར་དུ་ཡར་སོང་ཞིང་ཁར་ཁ་ཨ་རུ་འཁོར་ནས།  ཨ་ཚ་མོན་དུ་ཕ་རོལ་ཏུ་ཕྱིན་ནས་མི་སེར་ཡུལ་གྱི་གྲོག་པོ་རུ་ཕྱིན་ནོ། ཡང་ས་ཚིགས་ཀྱི་ཟུར་ནི་རྒྱ་མཚོའི་བར་དུའོ། དེ་ནི་ཁྱེད་ཀྱི་ཕྱིར་ལྷོ་ཕྱོགས་ཀྱི་ས་ཚིགས་ཡོད་པར་དགོས་སོ།  ཡང་ཤར་ཕྱོགས་ཀྱི་ས་ཚིགས་ནི་ཚྭ་མཚོ་་ཡོར་དན་གྱི་མཐའ་མའི་བར་དུའོ། བྱང་ཕྱོགས་ཀྱི་ས་ཚིགས་ནི་མཚོ་ཁུག་ཡོར་དན་ཆུ་བོའི་མཇུག་ཏུ་ཡོད་པ་ནས།  ས་ཚིགས་བེད་ཧོག་ལཱའི་ཕྱོགས་སུ་ཡར་སོང་ནས་བྱང་ཕྱོགས་སུ་བེད་ཨ་ར་བཱ་ཡི་ཕར་སོང་བ་དང་། རུ་བེན་གྱི་བུ་བོ་ཧན་གྱི་རྡོའི་བར་དུ་ས་མཐའ་ཡར་སོང་ངོ་།  ཡང་ལུང་པ་ཨ་ཀོར་ནས་ས་མཚམས་ནི་དེ་བིར་གྱི་ཕྱོགས་སུ་ཡར་སོང་བ་དང་། བྱང་ཕྱོགས་སུ་ཨ་དུམ་མེམ་གྱི་རིའི་ཐད་དུ་གྲོག་པོའི་ལྷོ་ཕྱོགས་སུ་ཡོད་པའི་གིལ་གལ་གྱི་ཕྱོགས་སུ་འཁོར་བ་དང་། ས་མཚམས་ནི་ཨེན་ཤེ་མེས་ཀྱི་ཆུ་རྣམས་ཀྱི་བར་དུ་ཕ་རོལ་ཏུ་རྒྱུ་ཞིང་ཨེན་རོ་གེལ་དུ་ཕྱིན་ནོ།  ཡང་ས་མཚམས་ཧིན་ནོམ་གྱི་བུའི་ལུང་པ་རྒྱུད་དེ་ཡེ་བུས་པའི་གནས་སམ་ཡེ་རུ་ཤ་ལེམ་གྱི་ལྷོ་ཕྱོགས་སུ་ཡར་སོང་ངོ་། དེ་ནས་ཡང་ས་ཚིགས་ནི་ཧིན་ནོམ་ལུང་པ་ནས་རྒྱ་མཚོའི་ཕྱོགས་དང་རེ་ཕ་ཨིམ་གྱི་ལུང་པའི་མཇུག་ཏུ་བྱང་ཕྱོགས་སུ་ཡོད་པའི་རི་རྩེར་ཡར་འཛེགས་སོ།  ཡང་ས་ཚིགས་ནི་རིའི་རྩེ་མོ་ནས་གྲོག་པོ་ནེབ་ཐོ་ཨའི་ཆུ་མིག་གི་བར་དུ་རྒྱུ་ཞིང་རི་རྒྱུད་ཨེབ་རོན་གྱི་གྲོང་ཁྱེར་རྣམས་ཀྱི་བར་དུ་ཕྱིན་པ་དང་། ས་ཚིགས་ནི་བ་ཨ་ལཱའི་ཁིར་ཡད་ཡེ་ཨ་རིམ་གྱི་བར་དུ་འཁོར་རོ། ༡༠ ཡང་བ་ཨ་ལཱ་ནས་ས་ཚིགས་ནི་རྒྱ་མཚོའི་ཕྱོགས་སུ་རི་རྒྱུད་སེ་ཨིར་གྱི་བར་དུ་འཁོར་ཞིང་། ཡེ་ཨ་རིམ་མམ་ཀེས་ལོན་གྱི་ཟུར་གྱི་བྱང་ཕྱོགས་སུ་ཕ་རོལ་ཏུ་སོང་ནས་བེད་ཤེ་མེས་སུ་བབ་སྟེ་ཕ་རོལ་ཏུ་ཐིམ་ནཱ་རུ་སོང་། ༡༡ ཡང་ས་ཚིགས་ནི་ཨེག་རོན་གྱི་ཟུར་གྱི་བྱང་ཕྱོགས་སུ་ཕྱིན་ནས། ས་ཚིགས་སེག་རོན་གྱི་བར་དུ་ཐོན་ཏེ་རི་བ་ཨ་ལཱའི་བར་དུ་ཕ་རོལ་ཏུ་སོང་བ་དང་། ཡབ་ནེ་ཨེལ་ལ་ཕྱིན་ནས། ས་མཚམས་ཀྱི་མཐའ་མ་རྒྱ་མཚོ་རུ་ཕྱིན་ནོ། ༡༢ ཡང་ནུབ་ཕྱོགས་ཀྱི་ས་མཚམས་ནི་རྒྱ་མཚོ་ཆེན་པོ་དང་དེའི་ཉེ་འཁོར་རོ། དེ་ནི་རེ་རང་གི་བརྒྱུད་བཞིན་དུ་ཡུ་དཱ་ཡི་བུ་རྣམས་ཀྱི་ས་ཚིགས་སོ༎
༡༣ ཡང་ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ་བཀའ་གནང་བཞིན་དུ་ཡུ་དཱ་ཡི་བུ་རྣམས་ཀྱི་དབུས་སུ་ཡེ་ཕུན་ནེའི་བུ་ཀ་ལེབ་ལ། ཨ་ནག་པའི་ཕ་ཨར་བཱ་ཡི་གྲོང་ཁྱེར་ཧེབ་རོན་ཞེས་བྱ་བ་ས་སྐལ་དུ་བཏང་ངོ་། ༡༤ ཡང་ཀ་ལེབ་ཀྱིས་དེའི་ནང་ནས་ཨ་ནག་གི་བརྒྱུད་ལས་ཆད་པའི་ཨ་ནག་གི་བུ་ཤེ་ཤཱ་ཨི་དང་ཨ་ཧི་མན་དང་ཐལ་མཱ་ཨི་གསུམ་བསྐྲད་དོ། ༡༥ ཡང་དེ་ནས་དེ་བིར་པ་རྣམས་ལ་དམག་འདྲེན་དུ་ཡར་སོང་ངོ་། སྔར་གྱི་དུས་སུ་དེ་བིར་གྱི་མིང་ནི་ཁིར་ཡད་སེ་ཕེར་ཡོད་པ་ཡིན། ༡༦ ཡང་ཀ་ལེབ་ན་རེ། ཁིར་ཡད་སེ་ཕེར་བརྡུངས་ཤིང་བཅོམ་པའི་མི་དེ་ལ་ནི་ངའི་བུ་མོ་ཨག་སཱ་བག་མར་བཏང་ངོ་། ༡༧ ཡང་ཁེ་ནཱས་ཀྱི་བུ་ཀ་ལེབ་ཀྱི་སྤུན་ཨོད་ནི་ཨེལ་གྱིས་ཡུལ་དེ་བཅོམ་པས་བུ་མོ་ཨག་སཱ་དེ་ལ་བག་མར་བཏང་ངོ་། ༡༨ ཡང་མོ་དྲུང་དུ་འོངས་པའི་ཚེ་མོས་དེ་ལ་ཕ་ནས་ཞིང་ཞིག་འཚོལ་དགོས་ཤེས་བསྐུལ་བ་དང་བོང་བུ་ལས་བབས་སོ། ཡང་ཀ་ལེབ་ཀྱིས་བུ་མོ་ལ་ཁྱོད་ཀྱི་དོན་ཅི་ཡིན་ཞེས་བྱས་པའི་ལན་དུ། ༡༩ བྱིན་རླབས་ཤིག་གནོང་ཞིག ལྷོ་ཕྱོགས་སུ་ས་ཆ་ཞིག་བདག་ལ་གནང་ནས། ཆུ་མིག་རྣམས་ཀྱང་གནོང་ཞིག་ཞུས་པས།
༢༠ དེས་མོ་ལ་གོང་འོག་གཉིས་ན་ཡོད་པའི་ཆུ་མིག་རྣམས་གནང་ངོ་། དེ་ནི་སྡེ་ཡུ་དཱ་ཡི་བུ་རྣམས་ཀྱི་ནོར་སྐལ་རེ་རང་གི་བརྒྱུད་བཞིན་དུའོ། ༢༡ ཡང་ཡུ་དཱའི་བུ་རྣམས་ཀྱི་སྡེའི་ས་ཚིགས་ནི་ལྷོ་ཡུལ་ན་ཨེ་དོམ་གྱི་ས་མཚམས་ན་ཡོད་པའི་གྲོང་ཁྱེར་རྣམས་འདི་ལྟ་སྟེ། ཁབ་ཙེ་ཨེལ་དང་། ཨེ་དེར་དང་ཡ་གུར་དང་། ༢༢ ཁི་ནཱ་དང་དི་མོ་ནཱ་དང་ཨ་ད་དཱ་དང་། ༢༣ ཀེ་དེས་དང་ཧ་ཙོར་དང་ཨིད་ནན་དང་། ༢༤ སིབ་དང་ཏེ་ལེམ་དང་བེ་ཨ་ལོད་དང་། ༢༥ ཧ་ཙོར་ཧད་ཐཱ་དང་། ཁེར་ཡོད་ཧེས་རོན་ནམ་ཧ་ཙོར་རོ། ༢༦ ཡང་ཨ་མམ་དང་ཤེ་མཱ་དང་མོ་ལ་དཱ་དང་། ༢༧ ཧ་ཚར་གད་དཱ་དང་ཧེས་མོན་དང་བེད་ཕེ་ལེད་དང་། ༢༨ ཧ་ཚར་ཤུ་ཨལ་དང་བེ་ཨེར་ཤེ་བཱ་དང་བིས་ཡོད་ཡཱའོ། ༢༩ ཡང་བ་ཨ་ལཱ་དང་ཨི་ཡིམ་དང་ཨེ་ཚེམ་དང་། ༣༠ ཨེལ་ཐོ་ལད་དང་ཀེ་སིལ་དང་ཧོར་མཱ་དང་། ༣༡ ཙིག་ལག་དང་མད་མན་ནཱ་དང་སན་སན་ནཱ་དང་། ༣༢ ལེ་བ་ཨོད་དང་ཤིལ་ཧིམ་དང་ཨ་ཡིན་དང་རིམ་མོན་དང་གྲོང་ཁྱེར་ཐམས་ཅད་ཀྱི་གྲངས་ནི་ཉི་ཤུ་རྩ་དགུ་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ༎
༣༣ ཡང་ལུང་པ་ན་ཨེས་ཐ་ཨོལ་དང་ཚོར་ཨ་དང་ཨས་ནཱ་དང་། ༣༤ ཟ་ནོ་ཨ་དང་ཨེན་གན་ནིམ་དང་ཐ་ཕུ་ཨ་དང་ཨེ་ནམ་མོ། ༣༥ ཡང་ཡར་མུད་དང་ཨ་དུལ་ལམ་དང་སོ་ཀོ་དང་ཨ་ཟེ་ཀཱ་དང་། ༣༦ ཤ་ཨ་རཱ་ཨིམ་དང་ཨ་དི་ཐ་ཡིམ་དང་གེ་དེ་རཱ་དང་གེ་དེ་རོ་ཐཱ་ཨིམ་དང་གྲོང་ཁྱེར་བཅུ་བཞི་དེ་དག་གི་ཡུལ་ཚོ་དང་བཅས་པའོ༎
༣༧ ཡང་ཚེ་ནན་དང་ཧ་ད་ཤཱ་དང་མིག་དལ་གད་དང་། ༣༨ དིལ་ཧན་དང་མིས་ཕེ་དང་ཡོག་ཐེ་ཨེལ་དང་། ༣༩ ལཱ་ཁིས་དང་བོས་ཁད་དང་ཨེག་ལོན་དང་། ༤༠ ཀབ་བོན་དང་ལག་མས་དང་ཀིད་ལིས་དང་། ༤༡ གེ་དེ་རོད་དང་བེད་ད་གོན་དང་ན་ཨ་མཱ་དང་མ་ཀེ་དཱ་དང་གྲོང་ཁྱེར་བཅུ་དྲུག་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ༎
༤༢ ཡང་ལིབ་ནཱ་དང་ཨེ་ཐེར་དང་ཨ་ཤན་དང་། ༤༣ ཡིབ་ཐཱ་དང་ཨས་ནཱ་དང་ནེ་ཚིབ་དང་། ༤༤ ཀེ་ཨི་ལཱ་དང་ཨག་ཟིབ་དང་མ་རེ་ཤཱ་དང་གྲོང་ཁྱེར་དགུ་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ༎
༤༥ ཡང་ཨེག་རོན་དང་དེ་ལ་གཏོགས་པའི་གྲོང་ཁྱེར་དང་ཡུལ་ཚོ་རྣམས་སོ། ༤༦ ཡང་ཨེག་རོན་དང་རྒྱ་མཚོའི་ཕྱོགས་ནས་ཨས་དོད་དང་དེའི་ཡུལ་ཚོའི་ཟུར་ན་ཡོད་པ་ཐམས་ཅད་དོ༎
༤༧ ཡང་ཨས་དོད་དང་དེ་ལ་གཏོགས་པའི་གྲོང་ཁྱེར་དང་ཡུལ་ཚོ་རྣམས་དང་། ག་ཟཱ་དང་དེ་ལ་གཏོགས་པའི་གྲོང་ཁྱེར་དང་ཡུལ་ཚོ་རྣམས་མི་སེར་ཡུལ་གྱི་གྲོག་པོའི་བར་དུ་ཕྱིན་པ་དང་རྒྱ་མཚོ་ཆེན་པོ་དང་དེའི་ཉེ་འཁོར་རྣམས་སོ༎
༤༨ ཡང་རི་རྒྱུད་ལ་ཤ་མིར་དང་ཡ་ཐིར་དང་སོ་ཀོ་དང་། ༤༩ དན་ནཱ་དང་ཁིར་ཡད་སན་ནཱའམ་དེ་བིར་དང་། ༥༠ ཨ་ནབ་དང་ཨེས་ཐེ་མོ་དང་ཨ་ནིམ་དང་། ༥༡ གོ་ཤེན་དང་ཧོ་ལོན་དང་གི་ལོ་དང་གྲོང་ཁྱེར་བཅུ་གཅིག་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ༎
༥༢ ཡང་ཨ་རཱབ་དང་དུ་མཱ་དང་ཨེ་ས་ཨན་དང་། ༥༣ ཡ་ནུམ་དང་བེད་ཐ་ཕུ་ཨ་དང་ཨ་ཕེ་ཀཱ་དང་། ༥༤ ཧུམ་ཏཱ་དང་ཁིར་ཡད་ཨར་བཱ་འམ་ཧེབ་རོན་དང་ཚི་ཨོར་དང་གྲོང་ཁྱེར་དགུ་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ༎
༥༥ ཡང་མཱ་ཨོན་དང་ཀར་མེལ་དང་སིབ་དང་ཡུ་ཏཱ་དང་། ༥༦ ཡིས་རེ་ཨེལ་དང་ཡོག་དེ་ཨམ་དང་ཟ་ནོ་ཨ་དང་། ༥༧ ཁ་ཡིན་དང་གི་བེ་ཨ་དང་ཐིམ་ནཱ་དང་གྲོང་ཁྱེར་བཅུ་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ༎
༥༨ ཡང་ཧལ་ཧུལ་དང་བེད་ཙུར་དང་གེ་དོར་དང་། ༥༩ མ་ཨ་རད་དང་བེད་ཨ་ནོད་དང་ཨེལ་ཐེ་ཁོན་དང་གྲོང་ཁྱེར་དྲུག་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ༎
༦༠ ཡང་ཁིར་ཡད་བ་ཨཱལ་ལམ་ཁིར་ཡད་ཡེ་ཨ་རིམ་དང་རབ་བཱ་དང་གྲོང་ཁྱེར་གཉིས་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ༎
༦༡ ཡང་འབྲོག་སྟོང་ན་བེད་ཨ་ར་བཱ་དང་མིད་དིན་དང་སེ་ཀ་ཀཱ་དང་། ༦༢ ནིབ་ཤན་དང་ཨིར་ཧ་མེ་ལག་དང་ཨེན་གེ་དཱི་དང་གྲོང་ཁྱེར་དྲུག་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ༎
༦༣ འོན་ཀྱང་ཡེ་རུ་ཤ་ལེམ་ན་གནས་པའི་ཡེ་བུས་པ་རྣམས་ཡུ་དཱ་ཡི་བུ་རྣམས་ཀྱིས་མ་བསྐྲད་པས། དེ་རིང་གི་བར་དུ་ཡེ་བུས་པ་རྣམས་ཡུ་དཱའི་བུ་རྣམས་དང་འགྲོགས་ཤིང་ཡེ་རུ་ཤ་ལེམ་ན་གནས་སོ༎