༡༣
ཡང་ཡོ་ཤུ་ཨ་རྒས་ཤིང་ལོ་ཆེན་པོར་ཕྱིན་པའི་ཚེ་ཡ་ཧོ་ཝཱས་དེ་ལ་བཀའ་སྩལ་པ། ཁྱོད་རྒས་ཤིང་ལོ་ཆེན་པོར་ཕྱིན་ཏེ་ད་དུང་བདག་འཛིན་པའི་ཡུལ་ཤིན་ཏུ་མང་པོ་ལུས་སོ།  ད་དུང་ལུས་ཡོད་པའི་ཡུལ་རྣམས་ནི། ཕེ་ལེ་ཤེད་པའི་ཡུལ་འཁོར་དང་གེ་ཤུ་རི་ཐམས་ཅད་དང་།  མི་སེར་ཡུལ་གྱི་མདུན་དུ་ཡོད་པའི་ཆུ་བོ་སི་ཧོར་ནས་བྱང་ཕྱོགས་སུ་ཨེག་རོན་གྱི་ས་མཚམས་ཀྱི་བར་དུ་ཡུལ་དེ་ཀ་ན་ཨན་པ་ལ་གཏོགས་པར་བརྩིས་པ་ཡིན། འདི་ལྟ་སྟེ། ཕེ་ལེ་ཤེད་པའི་སྡེ་དཔོན་ནི་ག་ཟཱ་པ་དང་ཨས་དོད་པ་དང་ཨས་ཀ་ལོན་པ་དང་གད་པ་དང་ཨེག་རོན་པ་དང་ལྔའོ། ཡང་ལྷོ་ཕྱོགས་སུ་ཨ་ཝིམ་པ་རྣམས་དང་།  ཀ་ན་ཨན་པ་རྣམས་ཀྱི་ཡུལ་ཐམས་ཅད་དང་། ཚི་དོན་པའི་མེ་ཨ་རཱ་་ཨ་ཕེག་དང་ཨ་མོར་པ་རྣམས་ཀྱི་ས་མཚམས་ཀྱི་བར་དུའོ།  ཡང་གེ་བལ་པའི་ཡུལ་དང་ཤར་ཕྱོགས་སུ་རི་རྒྱུད་ལི་བ་ནོན་རི་ཧེར་མོན་གྱི་འགྲམ་དུ་ཡོད་པའི་བ་ཨཱལ་གད་ནས་ཧ་མད་དུ་ཕྱིན་པའི་བར་དུའོ།  རི་རྒྱུད་ལི་བ་ནོན་ནས་མིས་རེ་ཕོད་མཱ་ཨིམ་གྱི་བར་དུ་གནས་པའི་ཚི་དོན་པ་ཐམས་ཅད་ངས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་མདུན་ནས་སྐྲོད་པར་བྱ། ད་ངས་ཁྱོད་ལ་བསྒོ་བ་བཞིན་དུ་རྟགས་རིལ་རྒྱབ་ཅིང་ཡུལ་དེ་ཨིས་ར་ཨེལ་ལ་ནོར་སྐལ་དུ་བགོས་ལ།  སྐབས་འདིར་ཡུལ་འདི་སྡེ་དགུ་དང་མ་ན་ཤེའི་སྡེ་ཕྱེད་ཀྱི་ནོར་སྐལ་དུ་བགོས་ཤིག
 དེ་དང་མཉམ་དུ་རུ་བེན་པ་དང་གད་པ་རྣམས་ལ་མོ་ཤེས་ཤར་ཕྱོགས་སུ་ཡོར་དན་ཆུ་བོའི་ཕ་རོལ་ན་བཏང་བའི་ཡུལ་དེ་བརྙེན་ཟིན་ཏོ། ཡ་ཧོ་ཝཱའི་བྲན་པོ་མོ་ཤེས་དེ་དག་ལ་བཏང་བའི་ཡུལ་གང་ཞེ་ན།  གྲོག་པོ་ཨར་ནོན་གྱི་འགྲམ་ལ་ཡོད་པའི་ཨ་རོ་ཨེར་དང་། གྲོག་པོའི་གཞུང་ན་ཡོད་པའི་གྲོང་ཁྱེར་དང་མེ་དེ་བཱ་ཡི་ཐང་ནས་བཟུང་སྟེ་དི་བོན་གྱི་བར་དུའོ། ༡༠ ཡང་ཨ་མོར་པའི་རྒྱལ་པོ་སི་ཧོན་གྱིས་ཧེས་བོན་ལ་དབང་བྱས་པ་དེའི་གྲོང་ཁྱེར་ཐམས་ཅད་ཨམ་མོན་གྱི་བུ་རྣམས་ཀྱི་ས་མཚམས་ཀྱི་བར་དུའོ། ༡༡ ཡང་གིལ་ཨད་དང་གེ་ཤུ་རི་པ་དང་མ་ཨ་ཀད་པ་རྣམས་ཀྱི་ཡུལ་འཁོར་དང་། རི་ཧེར་མོན་ཐམས་ཅད་དང་སལ་ཀཱའི་བར་དུ་ཡུལ་བཱ་ཤན་ཐམས་ཅད་ཞེ་ན། ༡༢ ཨས་ཐཱ་རོད་དང་ཨེ་དྲེ་ཨི་རུ་དབང་བྱས་པའི་ཨོག་གྱད་པ་རྣམས་ལས་ལུས་པ་དེའི་རྒྱལ་ཁམས་བཱ་ཤན་བྱ་བ་ཐམས་ཅད་དོ། དེ་དག་མོ་ཤེས་དྲལ་ནས་བསྐྲད་དོ། ༡༣ འོན་ཀྱང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་གེ་ཤུ་རི་པ་དང་མ་ཨ་ཀད་པ་རྣམས་བསྐྲད་པར་མ་བྱས་ཤིང་དེ་རིང་གི་བར་དུ་གེ་ཤུར་དང་མ་ཨ་ཀད་ཅེས་བྱ་བ་ཨིས་ར་ཨེལ་གྱི་དབུས་ན་གནས་སོ༎
༡༤ ལེ་ཝི་ཡི་སྡེ་འབའ་ཞིག་ལ་ས་སྐལ་མ་བཏང་ངོ་། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལ་ཕུལ་བའི་མཆོད་པ་རྣམས་དེ་དག་གི་ནོར་སྐལ་ཡིན་ཞེས་དེ་དག་ལ་གསུངས་པ་བཞིན་དུའོ༎
༡༥ ཡང་རུ་བེན་གྱི་བུ་རྣམས་ཀྱི་སྡེ་ལ་རང་རང་གི་བརྒྱུད་རྣམས་བཞིན་དུ་མོ་ཤེས་བཏང་བའི་ས་སྐལ་གྱི་ས་ཚིགས་ནི། ༡༦ གྲོག་པོ་ཨར་ནོན་གྱི་འགྲམ་ལ་ཡོད་པའི་ཨ་རོ་ཨེར་དང་གྲོག་པོའི་གཞུང་ལ་ཡོད་པའི་གྲོང་ཁྱེར་དང་མེ་དེ་བཱའི་ཐང་ཐམས་ཅད་དང་། ༡༧ ཧེས་བོན་དང་དེའི་གྲོང་ཁྱེར་ཐང་ན་ཡོད་པ་ཐམས་ཅད་ཞེ་ན། དི་བོན་དང་བ་མོད་བ་ཨཱལ་དང་བེད་བ་ཨཱལ་མེ་ཨོན་དང་། ༡༨ ཡ་ཧཱས་དང་ཁེ་དེ་མོད་དང་མེ་ཕ་ཨད་དང་། ༡༩ ཁིར་ཡད་ཨ་ཨིམ་དང་སིབ་མཱ་དང་ལུང་པའི་ནང་ན་རིར་ཡོད་པའི་ཚེ་རེད་ཤཱ་ཧར་དང་། ༢༠ བེད་ཕེ་ཨོར་དང་རི་ཕིས་ཀཱའི་ལོགས་དང་བེད་ཡེ་ཤི་མོད་དང་། ༢༡ ཐང་གི་གྲོང་ཁྱེར་ཐམས་ཅད་དང་། ཨ་མོར་པའི་རྒྱལ་པོ་སི་ཧོན་གྱིས་ཧེས་བོན་ལ་དབང་བྱས་པ་དེའི་རྒྱལ་ཁམས་ཐམས་ཅད་དོ། རྒྱལ་པོ་དེ་དང་མིད་ཨན་གྱི་སྡེ་དཔོན་ཨེ་ཝི་དང་རེ་ཁེམ་དང་ཙུར་དང་ཧུར་དང་རེ་བཱ་་སི་ཧོན་གྱི་འོག་ཏུ་ཡུལ་ན་གནས་པའི་རྒྱལ་ཕྲན་ལྔ་དང་བཅས་པ་མོ་ཤེས་བཏུལ་བར་བྱས་སོ། ༢༢ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་དྲལ་བ་རྣམས་ཀྱི་ཁྲོད་དུ་བེ་ཨོར་གྱི་བུ་ལྷ་པ་བ་ལ་ཨམ་ཡང་རལ་གྲིས་བསད་དོ། ༢༣ ཡང་རུ་བེན་གྱི་བུ་རྣམས་ཀྱི་ས་ཚིགས་ནི་ཡོར་དན་ཆུ་དང་དེའི་ཡུལ་འཁོར་རོ། དེ་ནི་རུ་བེན་གྱི་བུ་རྣམས་ཀྱི་བརྒྱུད་རེ་བཞིན་དུ་ནོར་སྐལ་ལ་གཏོགས་པའི་གྲོང་ཁྱེར་དང་ཡུལ་ཚོ་རྣམས་སོ༎
༢༤ ཡང་མོ་ཤེས་གད་ཀྱི་སྡེ་ཞེ་ན། གད་ཀྱི་བུ་རྣམས་ཀྱི་བརྒྱུད་རེ་བཞིན་དུ་དེ་དག་ལ་བཏང་བ་ནི་གང་ཡིན་ཞེ་ན། ༢༥ དེ་དག་གི་ས་ཚིགས་ནི་ཡ་ཟེར་དང་གིལ་ཨད་ཀྱི་གྲོང་ཁྱེར་ཐམས་ཅད་དང་ཨམ་མོན་གྱི་བུ་རྣམས་ཀྱི་ཡུལ་ཕྱེད་རབ་བཱའི་མདུན་དུ་ཡོད་པའི་ཨ་རོ་ཨེར་གྱི་བར་དུའོ། ༢༦ ཡང་ཧེས་བོན་ནས་ར་མད་མིས་ཕེ་དང་བེ་ཏོ་ནིམ་དང་མ་ཧ་ནཱ་ཨིམ་ནས་དེ་བིར་གྱི་ས་མཚམས་ཀྱི་བར་དུའོ། ༢༧ ཡང་ལུང་པ་ན་བེད་ཧ་རམ་དང་བེད་ནིམ་རཱ་དང་ཧེས་བོན་གྱི་རྒྱལ་པོ་སི་ཧོན་གྱི་རྒྱལ་ཁམས་ཀྱི་ལྷག་ལུས་སུ་ཀོད་དང་ཚ་ཕོན་གཉིས་ཡོར་དན་དང་དེའི་ཡུལ་འཁོར་ཤར་ཕྱོགས་སུ་ཡོར་དན་ཆུ་བོའི་ཕ་རོལ་ན་ཀིན་ནེ་རེད་ཀྱི་མཚོའི་མཐའ་མའི་བར་དུའོ། ༢༨ དེ་ནི་གད་ཀྱི་བུ་རྣམས་ཀྱི་བརྒྱུད་རེ་བཞིན་དུ་ས་སྐལ་ལ་གཏོགས་པའི་གྲོང་ཁྱེར་དང་ཡུལ་ཚོ་རྣམས་སོ༎
༢༩ ཡང་མོ་ཤེས་མ་ན་ཤེའི་སྡེ་ཕྱེད་ལ་ས་སྐལ་བཏང་ནས། མ་ན་ཤེའི་བུ་རྣམས་ཀྱི་སྡེ་ཕྱེད་ལ་བརྒྱུད་རེ་བཞིན་དུ་བྱུང་བ་ནི་འདི་ལྟ་སྟེ། ༣༠ དེ་དག་གི་ས་ཚིགས་མ་ཧ་ནཱ་ཨིམ་ནས་བཱ་ཤན་ཐམས་ཅད་ཅེ་ན། བཱ་ཤན་གྱི་རྒྱལ་པོ་ཨོག་གི་རྒྱལ་ཁམས་ཐམས་ཅད་དང་། ཡ་ཨིར་གྱི་ཡུལ་བཱ་ཤན་གྱི་ཁྲོད་ན་ཡོད་པ་ཐམས་ཅད་གྲོང་ཁྱེར་དྲུག་ཅུ་དང་། ༣༡ གིལ་ཨད་ཀྱི་ཕྱེད་དང་ཨས་ཐཱ་རོད་དང་ཨེ་དྲེ་ཨི་ཞེ་ན་བཱ་ཤན་ན་ཨོག་གི་རྒྱལ་ཁམས་ཀྱི་གྲོང་ཁྱེར་གཉིས་ནི་མ་ན་ཤེའི་བུ་མ་ཀིར་གྱི་བུ་རྣམས་ལས་བརྒྱུད་རེ་བཞིན་དུ་མ་གིར་གྱི་བུ་རྣམས་ཀྱི་ཕྱེད་ལ་ཐོབ་བོ༎
༣༢ ཤར་ཕྱོགས་སུ་ཡེ་རི་ཀོ་ནས་ཡོར་དན་གྱི་ཕ་རོལ་ཏུ་མོ་ཨབ་ཀྱི་ཐང་རྣམས་ལ་མོ་ཤེས་བགོས་པའི་ཡུལ་དེ་ཡིན་ནོ། ༣༣ འོན་ཀྱང་ལེ་ཝིའི་སྡེ་ལ་མོ་ཤེས་ས་སྐལ་ཅིའང་མ་བཏང་ངོ་། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་གསུངས་པ་བཞིན་དུ་ཨིས་ར་ཨེལ་གྱི་དཀོན་མཆོག་ཁོང་ཉིད་དེ་དག་གི་ནོར་སྐལ་ལགས་པའི་ཕྱིར་རོ༎