༡༢
ཡོར་དན་ཆུའི་ཕ་རོལ་ཏུ་ཉི་མ་ཤར་བའི་ཕྱོགས་སུ་གྲོག་པོ་ཨར་ནོན་ནས་རི་ཧེར་མོན་གྱི་བར་དུ་དང་ཤར་ཕྱོགས་ཀྱི་ཐང་ཐམས་ཅད་ཡུལ་དེ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་བདག་ཏུ་བཟུང་སྟེ། དེ་དག་གིས་ཡུལ་དེའི་རྒྱལ་པོ་བཅོམ་པ་རྣམས་ནི་འདི་ལྟ་སྟེ།  ཨ་མོར་པའི་རྒྱལ་པོ་སི་ཧོན་་ཧེས་བོན་ན་གནས་པ་དེའི་རྒྱལ་སྲིད་ནི། གྲོག་ཆུ་ཨར་ནོན་གྱི་འགྲམ་དང་གྲོག་པོའི་གཞུང་ན་ཡོད་པའི་ཨ་རོ་ཨེར་ནས་གིལ་ཨད་ཀྱི་ཡུལ་འཁོར་གྱི་ཕྱེད་དང་། ཨམ་མོན་པའི་ཕྱོགས་སུ་ཡོད་པའི་ས་མཚམས་ཡབ་བོག་གྲོག་པོ་དང་།  ཤར་ཕྱོགས་སུ་ཐང་མཚོ་ཀིན་ནེ་རེད་དང་། ཤར་ཕྱོགས་སུ་ཐང་གི་རྒྱ་མཚོའམ་ཚྭ་མཚོ་དང་བེད་ཡེ་ཤི་མོད་དུ་འགྲོ་བའི་ལམ་དང་། ལྷོ་ཕྱོགས་སུ་རི་ཕིས་ཀཱའི་འགྲམ་གྱི་བར་དུའོ།  ཡང་བཱ་ཤན་གྱི་རྒྱལ་པོ་ཨོག་གི་ས་མཚམས་སུ་ཡོད་པའི་རེ་ཕ་ཨིམ་༼བོད་སྐད་དུ་གྱད་པ་རྣམས་༽ཀྱི་བརྒྱུད་པ་ཡིན་པ་ཨས་ཐཱ་རོད་དང་ཨེ་དྲེ་ཨི་རུ་གནས་པ་ཡིན།  ཧེར་མོན་གྱི་རི་རྒྱུད་དང་སལ་ཀཱ་དང་གེ་ཤུ་རི་པ་དང་མམ་ཨ་ཀད་པ་རྣམས་ཀྱི་ས་མཚམས་ཀྱི་བར་དུ་བཱ་ཤན་ཡུལ་ཐམས་ཅད་དང་། གིལ་ཨད་ཡུལ་ཕྱེད་ཧེས་བོན་གྱི་རྒྱལ་པོ་སི་ཧོན་གྱི་ས་མཚམས་ཀྱི་བར་དུ་སྲིད་བྱས་སོ།  ཡ་ཧོ་ཝཱའི་བྲན་པོ་མོ་ཤེ་དང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་དེ་དག་བཅོམ་ནས། ཡ་ཧོ་ཝཱའི་བྲན་པོ་མོ་ཤེས་ཡུལ་དེ་རུ་བེན་པ་དང་གད་པ་རྣམས་དང་མ་ན་ཤེའི་སྡེ་ཕྱེད་ལ་བདག་ཏུ་འཛིན་བའི་ཕྱིར་བཏང་ངོ་༎
 ཡང་ཡོར་དན་ཆུའི་ཕ་རོལ་ཏུ་རྒྱ་མཚོའི་ཕྱོགས་སུ་ལི་བ་ནོན་གྱི་ལུང་པ་ན་ཡོད་པའི་བ་ཨཱལ་གད་ནས་བཟུང་སྟེ། སེ་ཨིར་གྱི་ཕྱོགས་སུ་འགྲོ་བའི་རི་སྟོང་གི་བར་དུ་ཡུལ་དེ་ཡོ་ཤུ་ཨ་དང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་བཅོམ་ནས། རི་རྒྱུད་དང་མདོ་དང་ཐང་དང་ཕྲེད་དང་འབྲོག་སྟོང་དང་།  ལྷོ་ཕྱོགས་ཀྱི་ཡུལ་ན་ཧེད་པ་དང་ཨ་མོར་པ་དང་ཀ་ན་ཨན་པ་དང་ཕེ་རི་ཟི་པ་དང་ཧི་ཝི་པ་དང་ཡེ་བུས་པ་རྣམས་ནི་ཡོ་ཤུ་ཨས་ཨིས་ར་ཨེལ་གྱི་སྡེ་རྣམས་ལ་རང་རང་གི་བརྒྱུད་བཞིན་དུ་བདག་ཏུ་འཛིན་པའི་ཕྱིར་བཏང་ངོ་། དེ་དག་གིས་བཅོམ་པའི་ཡུལ་དེའི་རྒྱལ་པོ་རྣམས་ནི་འདི་ལྟ་སྟེ།  ཡེ་རི་ཀོའི་རྒྱལ་པོ་གཅིག ཨ་ཨི་་བེད་ཨེལ་གྱི་ཟུར་ན་ཡོད་པའི་རྒྱལ་པོ་གཅིག ༡༠ ཡེ་རུ་ཤ་ལེམ་གྱི་རྒྱལ་པོ་གཅིག ཧེབ་རོན་གྱི་རྒྱལ་པོ་གཅིག ༡༡ ཡར་མུད་ཀྱི་རྒྱལ་པོ་གཅིག ལཱ་ཁིས་ཀྱི་རྒྱལ་པོ་གཅིག ༡༢ ཨེག་ལོན་གྱི་རྒྱལ་པོ་གཅིག གེ་ཟེར་གྱི་རྒྱལ་པོ་གཅིག ༡༣ དེ་བིར་གྱི་རྒྱལ་པོ་གཅིག གེ་དེར་གྱི་རྒྱལ་པོ་གཅིག ༡༤ ཧོར་མཱའི་རྒྱལ་པོ་གཅིག ཨ་རཱད་ཀྱི་རྒྱལ་པོ་གཅིག ༡༥ ལིབ་ནཱ་ཡི་རྒྱལ་པོ་གཅིག ཨ་དུལ་ལམ་གྱི་རྒྱལ་པོ་གཅིག ༡༦ མ་ཀེ་དཱའི་རྒྱལ་པོ་གཅིག བེད་ཨེལ་གྱི་རྒྱལ་པོ་གཅིག ༡༧ ཐ་ཕུ་ཨའི་རྒྱལ་པོ་གཅིག ཧེ་ཕེར་གྱི་རྒྱལ་པོ་གཅིག ༡༨ ཨ་ཕེག་གི་རྒྱལ་པོ་གཅིག ལ་ཤཱ་རོན་གྱི་རྒྱལ་པོ་གཅིག ༡༩ མ་དོན་གྱི་རྒྱལ་པོ་གཅིག ཧ་ཙོར་གྱི་རྒྱལ་པོ་གཅིག ༢༠ ཤིམ་རོན་མེ་རོན་གྱི་རྒྱལ་པོ་གཅིག ཨག་ཤབ་ཀྱི་རྒྱལ་པོ་གཅིག ༢༡ ཐ་ཨ་ནག་གི་རྒྱལ་པོ་གཅིག མེ་གིད་དོའི་རྒྱལ་པོ་གཅིག ༢༢ ཀེ་དེས་ཀྱི་རྒྱལ་པོ་གཅིག རི་ཀར་མེལ་ན་ཡོད་པའི་ཡོག་ནེ་ཨམ་གྱི་རྒྱལ་པོ་གཅིག ༢༣ དཱོར་གྱི་རི་ཆུང་ན་ཡོད་པའི་དཱོར་གྱི་རྒྱལ་པོ་གཅིག གིལ་གལ་ན་ཡོད་པའི་གོ་ཡིམ་གྱི་རྒྱལ་པོ་གཅིག ༢༤ ཐིར་ཙཱའི་རྒྱལ་པོ་གཅིག རྒྱལ་པོ་དེ་ཐམས་ཅད་ཀྱི་གྲངས་ནི་སུམ་ཅུ་སོ་གཅིག་གོ།