ཡང་མི་བརྒྱུད་ཐམས་ཅད་ཡོར་དན་ཆུ་བོའི་ཕ་རོལ་ཏུ་ཕྱིན་ཟིན་པའི་ཚེ་ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ།  མི་སྡེ་ལས་མི་བཅུ་གཉིས་ཞེ་ན། སྡེ་རེ་ལས་མི་རེ་ཤོག་ཟེར་ནས།  དེ་དག་ལ་འདི་སྐད་དུ། འདིར་ཡོར་དན་ཆུའི་དབུས་སུ་བླ་མ་རྣམས་ཀྱི་རྐང་པ་བཞག་པའི་ས་ནས་རྡོ་བཅུ་གཉིས་ལེན་ཏེ་ཁྱེད་ཅག་དང་མཉམ་དུ་ཁྱེར་ཞིང་། མཚན་འདི་ལ་ཁྱེད་ཀྱིས་དགོངས་ས་བྱེད་སར་ཞོག་ཅིག་ཅེས་སྒོ་བར་བྱོས་སྨྲོས་ཤིག་གསུངས་སོ།  ཡང་ཡོ་ཤུ་ཨས་ཨིས་ར་ཨེལ་གྱི་བུ་རྣམས་ལས་བསྐོས་པའི་མི་བཅུ་གཉིས་ནི་སྡེ་རེ་ལས་མི་རེ་བོས་ནས།  ཡོ་ཤུ་ཨས་དེ་དག་ལ། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་སྒྲོམ་ལས་ཕར་འགྲོ་ཞིང་ཡོར་དན་གྱི་དབུས་སུ་སོང་ལ། ཨིས་ར་ཨེལ་གྱི་བུ་དག་གི་སྡེ་རྣམས་ཀྱི་གྲངས་བཞིན་དུ་མི་རེས་རྡོ་རེ་ཐོགས་ཏེ་རང་གི་དཔུང་པ་ལ་ཁུར་ཅིག  དེ་ནས་རྡོ་དེ་ཁྱེད་ཚོའི་ནང་ན་རྟགས་སུ་འགྱུར་བར་འགྱུར། མ་འོངས་པའི་དུས་ན་གལ་ཏེ་ཁྱེད་ཀྱི་ཕྲུག་གུ་རྣམས་ཀྱིས་རྡོ་འདི་རྣམས་ཀྱི་དོན་གང་ཡིན་འདྲི་ན།  ཁྱེད་ཚོས་དེ་དག་ལ་ཡ་ཧོ་ཝཱ་ཡི་ཞལ་ཆད་ཀྱི་སྒྲོམ་གྱི་དྲུང་ནས་ཡོར་དན་གྱི་ཆུ་ཆད་པའི་དོན་དེ་ཡིན། སྒྲོམ་དེ་ཡོར་དན་གྱི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་ཡོར་དན་གྱི་ཆུ་ཆད་པས། རྡོ་འདི་རྣམས་ནི་དུས་རྒྱུན་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཕྱིར་དྲན་པའི་རྟགས་ཡོད་པར་དགོས་ཞེས་སྨྲོས་ཤིག
 ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡོ་ཤུ་ཨས་བསྒོ་བ་བཞིན་དུ་བྱས། ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ་གསུངས་པ་ལྟར་ཨིས་ར་ཨེལ་གྱི་བུ་ཚོ་ལས་སྡེ་རྣམས་ཀྱི་གྲངས་བཞིན་དུ། ཡོར་དན་ཆུའི་དཀྱིལ་ནས་རྡོ་བཅུ་གཉིས་ཐོགས་ནས་དགོངས་སར་མཉམ་དུ་ཁྱེར་ཞིང་དེར་བཞག་གོ།  ཡང་ཞལ་ཆད་ཀྱི་སྒྲོམ་ཁྱེར་བའི་བླ་མ་རྣམས་ཀྱི་རྐང་པ་བཞག་པའི་གནས་ཡོར་དན་ཆུའི་དཀྱིལ་དུ་དེར་ཡོ་ཤུ་ཨས་རྡོ་བཅུ་གཉིས་བཙུགས་སོ། དེ་དག་དེ་རིང་གི་ཉིན་མོའི་བར་དུ་དེར་ཡོད་དོ། ༡༠ ཡང་ཡ་ཧོ་ཝཱས་མི་སྡེ་ལ་ཅི་དང་ཅི་གནང་རྒྱུ་ཡོད་པའི་བཀའ་ནི་མོ་ཤེས་ཡོ་ཤུ་ཨ་ལ་བཀའ་གནང་བ་བཞིན་དུ་ཚང་མ་མ་སྒྲུབ་པའི་བར་དུ་སྒྲོམ་ཁྱེར་བའི་བླ་མ་རྣམས་ཡོར་དན་ཆུའི་དཀྱིལ་དུ་བསྡད་དོ༎
ཡང་མི་སྡེ་རྒྱུག་ཅིང་ཕ་རོལ་ཏུ་སོང་ངོ་། ༡༡ ཡང་མི་བརྒྱུད་ཐམས་ཅད་ཕ་རོལ་ཏུ་ཕྱིན་ཟིན་པའི་རྗེས་ལ་ཡ་ཧོ་ཝཱའི་སྒྲོམ་དང་བླ་མ་རྣམས་མི་སྡེའི་མཐོང་ངོར་ཕ་རོལ་ཏུ་སོང་ངོ་། ༡༢ ཡང་རུ་བེན་གྱི་བུ་རྣམས་དང་གད་ཀྱི་བུ་རྣམས་དང་མ་ན་ཤེའི་སྡེ་ཕྱེད་ནི་མོ་ཤེས་དེ་དག་ལ་བཀའ་གནང་བ་བཞིན་དུ། དམག་ཆས་སྤྲད་དེ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་སྔོན་དུ་ཕ་རོལ་ཏུ་སོང་ངོ་། ༡༣ དམག་ཚོགས་གོ་ཆ་གོན་པ་ཁྲི་བཞི་ཙམ་ཡ་ཧོ་ཝཱའི་མདུན་དུ་འཐབ་མོ་བྱེད་དུ་ཡེ་རི་ཀོའི་ཐང་རྣམས་སུ་སོང་ངོ་། ༡༤ ཉིན་དེ་རང་དུ་ཡ་ཧོ་ཝཱས་ཡོ་ཤུ་ཨ་་ཨིས་ར་ཨེལ་ཐམས་ཅད་ཀྱི་སྣང་ངོར་ཆེན་པོར་མཛད་པས། དེ་དག་མོ་ཤེ་ལ་འཇིགས་པ་ལྟར་དེ་ནམ་འཚོ་བའི་བར་དུ་དེ་ལ་ཡང་འཇིགས་སོ༎
༡༥ ཡང་ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ། ༡༦ དཔང་པོའི་སྒྲོམ་འཁྱེར་བའི་བླ་མ་རྣམས་ལ་ད་ཡོར་དན་ལས་གྱེན་དུ་འོང་ཞིག་ཅེས་སྨྲོས་ཤིག་ཅེས་བཀའ་སྩལ་ཏོ། ༡༧ དེ་ནས་ཡོ་ཤུ་ཨས་བླ་མ་རྣམས་ལ་ཡོར་དན་ལས་གྱེན་དུ་ཤོག་ཅིག་ཅེས་སྨྲས་པས། ༡༨ ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་འཁྱེར་བའི་བླ་མ་རྣམས་ཡོར་དན་གྱི་དཀྱིལ་ནས་གྱེན་དུ་འོང་ཞིང་། བླ་མ་རྣམས་ཀྱི་རྐང་མཐིལ་སྐམ་སར་བཞག་པ་དང་ཡོར་དན་གྱི་ཆུ་རང་གི་མལ་དུ་ཕྱིར་ལོག་ཅིང་སྔར་བཞིན་འགྲམ་ཐམས་ཅད་ལས་ལུད་དོ༎
༡༩ ཟླ་བ་དང་པོའི་ཚེས་བཅུ་པ་ལ་མི་སྡེ་ཡོར་དན་ཆུ་ལས་གྱེན་དུ་ཡོངས་པ་དང་། ཡེ་རི་ཀོའི་ཤར་ཕྱོགས་སུ་གིལ་གལ་དུ་སྒར་བཏབ་བོ། ༢༠ ཡང་དེ་དག་གིས་ཡོར་དན་ཆུ་ལས་ཁྱེར་བའི་རྡོ་བཅུ་གཉིས་དེ་ནི་ཡོ་ཤུ་ཨས་གིལ་གལ་དུ་བཙུགས་ནས། ༢༡ ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲས་པ། མ་འོངས་པའི་དུས་སུ་ཁྱེད་ཀྱི་བུ་རྣམས་ཀྱིས་རང་གི་ཕ་རྣམས་ལས་རྡོ་འདི་དག་གི་དོན་ནི་གང་ཡིན་འདྲི་ན། ༢༢ ཁྱེད་ཀྱི་བུ་རྣམས་ལ། ས་སྐམ་ལ་འགྲོ་ཞིང་ཨིས་ར་ཨེལ་་ཡོར་དན་ཆུ་ལས་བརྒལ་བ་ཡིན། ༢༣ ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་རྒྱ་མཚོ་དམར་པོའི་སྐབས་སུ་མཛད་ཅིང་ངེད་ཕ་རོལ་ཏུ་ཕྱིན་མ་ཟིན་པའི་བར་དུ་ངེད་ཀྱི་སྔོན་སྐེམས་པར་མཛད་པའི་ཚུལ་དུ། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ཅག་ཕ་རོལ་ཏུ་ཕྱིན་མ་ཟིན་པའི་བར་དུ་ཡོར་དན་གྱི་ཆུ་ཁྱེད་ཅག་གི་སྔོན་དུ་སྐེམས་པར་མཛད་དོ། ༢༤ དེ་ཅིའི་ཕྱིར་ཞེ་ན། ས་གཞིའི་མི་བརྒྱུད་ཐམས་ཅད་ཀྱིས་ཡ་ཧོ་ཝཱའི་ཕྱག་མཐུ་ལྡན་ལགས་པ་དེ་རྟོགས་ཤིང་། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་དུས་རྒྱུན་དུ་འཇིགས་པའི་ཕྱིར་ཡིན་ཞེས་འཆད་པར་དགོས༎