༣༣
ཡང་དཀོན་མཆོག་གི་སྐྱེས་བུ་མོ་ཤེ་ཚེ་འདའ་བའི་སྔོན་དུ་ཨིས་ར་ཨེལ་གྱི་བུ་རྣམས་ལ་བྱས་པའི་བྱིན་རླབས་འདི་ལྟར་རོ༎
 དེས་ནི་གསུངས་པ། ཡ་ཧོ་ཝཱ་ནི་རི་སི་ནཱ་ནས་ཕེབས། སེ་ཨིར་ནས་དེ་དག་གི་ཕྱོགས་སུ་བཞེངས། ཁོང་ནི་རི་བརྒྱུད་ཕ་རན་གྱི་ཕྱོགས་ནས་ཤར་ཏེ། སྐྱེས་བུ་དམ་པ་ཁྲི་ཚོ་ནས་གཤེགས། ཁོང་གི་ཕྱག་གཡས་སུ་དེ་དག་གི་དོན་དུ་མེ་ལྡན་པའི་བཀའ་ཁྲིམས་ཤིག་ཡོད།
 འོན་ཁོང་གིས་མི་ཚོ་ལ་བྱམས་པ་མཛད། ཁོང་གི་སྐྱེས་བུ་དམ་པ་ཐམས་ཅད་ཁྱོད་ཀྱི་ལག་ཏུ་ཡོད། ཡང་དེ་ཚོ་ཁྱོད་ཀྱི་ཞབས་དྲུང་དུ་བསྡད། ཁྱོད་ཀྱི་བཀའ་རྣམས་ལས་རེ་རེས་ཐོབ་ཡོང་།
 མོ་ཤེས་ང་ཚོ་ལ་བཀའ་ཁྲིམས་ཤིག་བཤད། ཡ་ཀོབ་ཀྱི་ཆོས་ཚོགས་ལ་ནོར་སྐལ་ཞིག་ཡིན།
 མི་ཚོའི་འགོ་བྱེད་རྣམས་འདུས་སྐབས་སུ། ཨིས་ར་ཨེལ་གྱི་སྡེ་ཐམས་ཅད་མཉམ་དུ་ཡོད་དུས་སུ། ཁོང་ནི་ཡེ་ཤུ་རུན་རྒྱལ་པོ་མཛད་དོ༎
 རུ་བེན་དེ་མ་ཤི་སྟེ་འཚོ་བར་བྱ། དེའི་མི་རྣམས་མང་པོ་མེད་ཀྱང་ཆོག
 ཡང་ཡུ་དཱ་ཡི་བྱིན་རླབས་འདི་ཡིན་ཟེར་པ། ཡུ་དཱ་ཡི་སྐད་ཡ་ཧོ་ཝཱས་གསན་པར་མཛོད། ཁོ་རང་གི་མི་ཚོའི་ཁྲོད་དུ་དེ་འཁྲིད་པར་མཛོད། རང་གི་ལག་ནས་ཁོས་ནི་རང་ལ་བརྟེན་ཏེ་འཐབ་མོ་བྱས། ཁོ་རང་གི་དགྲ་ལ་བལྟས་ཏེ་ཁྱོད་ནི་གྲོགས་མཛད་དོ༎
 ཡང་ལེ་ཝི་ལ་རྟེན་ཏེ་ཁོང་རང་གིས་འདི་ཟེར་པ། ཁྱོད་ཀྱི་ཐུམ་མིམ་དང་ཁྱོད་ཀྱི་ཨུ་རིམ་ཁྱོད་ཀྱི་མི་དམ་པ་དང་བཅས། ཁྱོད་ནི་མ་སཱ་བྱ་བའི་སྐབས་སུ་ཁོང་གི་ཐུགས་སད། མེ་རི་བཱ་ཡི་ཆུ་རྣམས་དེར་འཁྲུག་པ་བྱས།
 དེས་རང་གི་ཕ་དང་རང་གི་མ་ལ་བརྟེན་ཏེ་སྨྲས་པ། ངས་དེ་དག་མ་མཐོང་། རང་གི་སྤུན་རྣམས་ཡང་ངོ་མ་ཤེས། དེ་དག་གིས་ཁྱོད་ཀྱི་བཀའ་བསྲུངས། ཁྱོད་ཀྱི་ཞལ་ཆད་བཞིན་བྱེད་དོ༎
༡༠ དེ་དག་གིས་ཡ་ཀོབ་ལ་ཁྱེད་ཀྱི་སྤྱད་མཚམས་དང་། ཨིས་ར་ཨེལ་ལ་ཁྱེད་ཀྱི་བཀའ་ཁྲིམས་སྟོན་པར་བྱ། དེ་དག་བདུག་སྤོས་ཁྱེད་ཀྱི་དྲུང་དུ་བཞག སྦྱིན་སྲེག་ཧྲིལ་པོ་རྣམས་མཆོད་ཁྲིའི་སྟེང་དུ་འབུལ་བར་བྱ།
༡༡ ཀྱེ་ཡ་ཧོ་ཝཱ་དེ་ཚོའི་ནོར་རྫས་བྱིན་གྱིས་རློབས། དེ་དག་གི་ལག་པའི་ལས་ཀ་བཞེས་པར་མཛོད། དེའི་ཐོག་ཏུ་ལང་མཁན་རྣམས་ཀྱི་རྐེད་པ་གཅོག་པར་མཛོད། ཡང་དེའི་དགྲ་བྱེད་དེ་ལ་སྡང་བ་རྣམས། ཡང་སྐྱར་ལང་མི་ནུས་པར་མཛོད།
༡༢ བེན་ཡ་མིན་གྱི་སྐོར་ལ་འདི་སྐད་དུ། ཡ་ཧོ་ཝཱའི་གཅེས་པ་དེ་ནི་ཁོང་དང་འཇིགས་མེད་ལ་གནས། ཁོང་གིས་དེ་ནི་ཉིན་གང་སྐྱོང་བར་མཛད། ཁོང་གི་སྐུ་ཕྲག་གཉིས་ལ་སྡོད་དོ༎
༡༣ ཡོ་སེབ་ཀྱི་སྐོར་ལ་སྨྲས་པ། དེའི་ཡུལ་ཡ་ཧོ་ཝཱས་བྱིན་གྱིས་བརླབས། ནམ་མཁའི་རིན་པོ་ཆེ་ནི་ཟིལ་པ་དེ་དང་། འོག་ན་ཉལ་བའི་གཏིང་རིང་གི་ཕྱིར་རོ༎
༡༤ ཉི་མའི་རྫས་ཀྱི་འབྲས་བུ་རིན་ཅན་དང་། ཟླ་བའི་རྫས་རིན་ཅན་དེའི་སྐྱེ་བའི་བསྐྱེད།
༡༥ ཡང་རྙིང་པའི་དུས་ཀྱི་རི་བོ་ཚོའི་རྫས་མཆོག རྒྱུན་དུ་གནས་པའི་རི་བོའི་རྫས་རིན་ཅན།
༡༦ ས་གཞིའི་འབྲས་བུ་དཔལ་ཅན་དང་། དེའི་ནང་ན་ཇི་ཡོད་པ་དང་། ཚེར་སེབ་ལ་བཞུགས་ཡོད་པ་དེའི་ཐུགས་རྗེས། ཡོ་སེབ་ཀྱི་མགོ་ལ་བྱིན་རླབས་འབབ་པར་ཤོག རང་གི་སྤུན་ཚོ་དང་བྲལ་ཡོད་པ་དེའི་སྤྱི་བོ་ལ་འབབ་པར་བྱའོ༎
༡༧ རང་གི་གླང་ཐུག་གི་སྔོན་སྐྱེས། རྔོམ་བརྗིད་དེའི་ཡིན། དེའི་རྭ་རྣམས་འབྲོང་གི་རྭ་དང་འདྲ། དེས་ནི་མི་ཚོ་ཐམས་ཅད་ཅེ་ན། ས་གཞི་ཐམས་ཅད་རྡུང་བར་བྱ། དེ་ནི་ཨེབ་ར་ཨིམ་གྱི་ཁྲི་ཚོ་རྣམས་དང་། མ་ན་ཤེའི་སྟོང་ཕྲག་དེ་རྣམས་ཡིན།
༡༨ ཡང་ཟེ་བུ་ལོན་གྱི་སྐོར་ལ་སྨྲས་པ། ཟེ་བུ་ལོན་དེ་རང་གི་ཕྱི་རོལ་ཏུ་འཐོན་པ། དེ་ལ་དགའ་བར་གྱུར་ཅིག་དང་། ཨི་ས་གར་དེ་རང་གི་གུར་རྣམས་ན་དེ་བཞིན་ནོ༎
༡༩ དེ་དག་གིས་མི་ཚོ་ལ་རིའི་ཕྱོགས་སྐད་གཏང་། དེ་རུ་དྲང་བ་ཉིད་ཀྱི་མཆོད་པ་འབུལ་བར་བྱ། རྒྱ་མཚོའི་ལོངས་སྤྱོད་དེ་དག་གིས་འཐུང་ཡོང་། བྱེ་མ་དེའི་གསང་བའི་གཏེར་མྱོང་བར་འགྱུར།
༢༠ གད་ལ་བརྟེན་ནས་སྨྲས་པ། གད་རྒྱས་པར་བྱེད་མཁན་བཀྲ་ཤིས་པར་གྱུར་ཅིག ཁོ་སེང་གེ་མོ་ལྟར་ཉལ། ལག་རལ་བར་བྱེད་མ་ཟད། སྤྱི་བོ་རལ་བར་བྱེད་དོ༎
༢༡ རང་གི་དོན་དུ་ནོར་སྐལ་དང་པོ་འབྱོར་བར་བྱས། སྡེ་དཔོན་གྱི་སྐལ་བ་དེར་བཞག་ཡོད་པའི་ཕྱིར་རོ། ཁོང་ནི་རང་གི་མི་ཚོའི་འགོ་བྱེད་རྣམས་དང་བཅས་པ་ཕེབས། ཡ་ཧོ་ཝཱ་ཡི་ཁྲིམས་དེ་དྲང་པོ་དང་། ཨིས་ར་ཨེལ་གྱི་ཁྲིམས་ཡང་དེ་བཞིན་བཤག
༢༢ དཱན་གྱི་སྐོར་ལ་སྨྲས་པ། དཱན་ནི་སེང་གེ་ཞིག་གི་ཕྲུ་གུ་ཡིན། བཱ་ཤན་ནང་ནས་མཆོང་ངོ་༎
༢༣ ཡང་ནབ་ཐ་ལིའི་སྐོར་ལ་འདི་ལྟར་རོ། ཀྱེ་ནབ་ཐ་ལི་བཀའ་དྲིན་ནས་ཚིམ་ཡོད་པ། ཡ་ཧོ་ཝཱའི་བྱིན་རླབས་ཀྱིས་ཁྱབ་པ། ཁྱོད་ནུབ་དང་ལྷོ་གཉིས་བདག་ཏུ་ཟུངས་ཤིག
༢༤ ཡང་ཨ་ཤེར་ལ་བརྟེན་ཏེ་སྨྲས་པ། ཨ་ཤེར་ལ་ཕྲུ་གུ་འབྱུང་བའི་བྱིན་གྱིས་རློབས་པར་གྱུར་ཅིག རང་གི་སྤུན་ཚོའི་དྲུང་དུ་དྲིན་ཐོབ་པར་བྱ།
༢༥ རང་གི་རྐང་པ་མར་ཁུས་སྙུག་པར་བྱ། ཁྱོད་ཀྱི་སྒོ་གཏན་ལྩགས་དང་རག་གི་ཡིན་པར་བྱ། ཡང་ཁྱོད་ཀྱི་སྐྱེ་ཞག་ལྟར་དུ་ཁྱོད་ཀྱི་ཉམས་སྟོབས་ཡོད་པར་དགོས།
༢༦ ཀྱེ་ཡེ་ཤུ་རུན། དཀོན་མཆོག་དང་འདྲ་བར་སུ་ཡང་མེད། ཁྱོད་ལ་གྲོགས་མཛད་པའི་དོན་དུ་ཁོང་ནམ་མཁའ་ལ་ཞོན། ཁོང་རང་གི་དཔལ་བརྗིད་ནམ་མཁའ་ལ་རྒྱུའོ༎
༢༧ ཐོག་མཐའ་མེད་པའི་དཀོན་མཆོག་དེ་ནི། ཁྱོད་ཀྱི་གནས་ས་ཡིན། འོག་ན་ནམ་ཡང་ཆད་མི་ཡོང་བའི་ཕྱག་རྣམས་ཡོད། དགྲ་བོ་ཁོང་གིས་ཁྱོད་ཀྱི་མདུན་ནས་སྐྲོད་པར་མཛད། ཡང་ཁོང་གིས། བཤིག་ཅིག་ཅེས་གསུངས་སོ༎
༢༨ ཨིས་ར་ཨེལ་ཞི་བདེ་ལ་སོ་སོར་གནས། ཡ་ཀོབ་ཁྲོན་པ་འབྲུ་དང་རྒུན་ཆང་ལྡན་པའི་ཡུལ་དུ་ཡོད། ནམ་མཁའ་དེས་ནི་ཟིལ་པ་འཛག་པར་མཛད།
༢༩ ཀྱེ་ཨིས་ར་ཨེལ་ཁྱོད་ནི་བདེའོ། ཁྱོད་དང་འདྲ་བར་སུ་ཡོད། ཡ་ཧོ་ཝཱས་ཐར་བར་མཛད་པའི་མི་ཚོ། ཁྱོད་ཀྱི་གྲོགས་མཛད་པའི་ཕུབ། དེ་ནི་ཁྱོད་ཀྱི་དཔལ་གྱི་རལ་གྲི། ཁྱོད་ཀྱི་དགྲ་རྣམས་ཁྱོད་ལ་མགོ་དགུར་བྱེད་པར་འགྱུར། ཡང་དེའི་མཐོ་ས་རྣམས་ཁྱོད་ཀྱིས་རྫི་བར་བྱའོ་ཞེས་གསུངས་སོ༎