གྲངས་ཀའམ་མོ་ཤེའི་མདོ་བཞི་པ་བྱ་བ།
ཡང་མི་སེར་ཡུལ་ནས་འཐོན་འོངས་པ་ནས་བཟུང་སྟེ་ལོ་གཉིས་པའི་ཟླ་བ་གཉིས་པའི་ཚེས་དང་པོ་ལ་འབྲོག་སྟོང་སི་ནཱ་རུ་ཡ་ཧོ་ཝཱས་མོ་ཤེ་ལ་འདུན་མའི་གུར་མཆོག་ན་འདི་སྐད་དུ།  ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཚོགས་ཐམས་ཅད་ཀྱི་གྲངས་བརྒྱུད་དང་ཕ་རྣམས་ཀྱི་ཁང་པ་བཞིན་དུ་རེ་རེའི་མིང་ཞེ་ན།  སྐྱེས་པ་གང་ཡོད་པ་ལོ་ཉི་ཤུ་པ་ནས་ཡན་ཆད་ཨིས་ར་ཨེལ་གྱི་དམག་འདྲེན་དུ་འགྲོ་ཐུབ་པ་རེ་ནི་ཁྱོད་དང་ཨ་རོན་གྱིས་དམག་ཚོགས་བཞིན་དུ་རྩི་བར་དགོས།  ཡང་སྡེ་རེ་ལས་མི་གཅིག་རང་གི་ཕའི་ཁང་པའི་འགོ་བྱེད་ཡིན་པ་དེ་ཁྱེད་དང་འགྲོགས་པར་དགོས་སོ།  ཡང་ཁྱེད་དང་འགྲོགས་པའི་མི་རྣམས་ཀྱི་མིང་འདི་ཡིན། རུ་བེན་ནས་ཤེ་དེ་ཨུར་གྱི་བུ་ནི་ཨེ་ལི་ཚུར་དང་།  ཤིམ་ཨོན་ནས་ཚུ་རི་ཤད་དཱ་ཨི་ཡི་བུ་ཤེ་ལུ་མི་ཨེལ་དང་།  ཡ་ཧུ་དཱ་ནས་ཨ་མི་ནཱ་དབ་ཀྱི་བུ་ན་ཧ་ཤོན་དང་།  ཨི་ས་གར་གྱི་ཕྱིར་ཚུ་ཨར་གྱི་བུ་ནེ་ཐན་ཨེལ་དང་།  ཟེ་བུ་ལོན་གྱི་ཕྱིར་ཧེ་ལོན་གྱི་བུ་ཨེ་ལི་ཨབ་དང་། ༡༠ ཡོ་སེབ་ཀྱི་བུ་གཉིས་ཨེབ་ར་ཨིམ་ནས་ཨམ་མི་ཧུད་ཀྱི་བུ་ཨེ་ལི་ཤ་མཱ་དང་། མ་ན་ཤེ་ནས་ཕེ་དཱ་ཚུར་གྱི་བུ་ག་མ་ལི་ཨེལ་དང་། ༡༡ བེན་ཡ་མིན་ནས་གིད་ཨོ་ནིའི་བུ་ཨ་བི་དན་དང་། ༡༢ དཱན་ནས་ཨམ་མི་ཤད་ད་ཨི་ཡི་བུ་ཨ་ཧི་ཨེ་ཟེར་དང་། ༡༣ ཨ་ཤེར་གྱི་ཕྱིར་ཨོག་རན་གྱི་བུ་ཕ་གི་ཨེལ་དང་། ༡༤ གད་ནས་དེ་ཨུ་ཨེལ་གྱི་བུ་ཨེལ་ཡ་སབ་དང་། ༡༥ ནབ་ཐ་ལི་ནས་ཨེ་ནན་གྱི་བུ་ཨ་ཀི་རཱའོ། ༡༦ དེ་དག་ནི་ཆོས་ཚོགས་ལས་བོས་པ་ཡིན་ཞིང་ཕ་མེས་ཀྱི་སྡེ་རྣམས་ཀྱི་དཔོན་པོ་དང་། ཨིས་ར་ཨེལ་གྱི་སྟོང་དཔོན་རྣམས་ཡིན་ནོ༎
༡༧ ཡང་མོ་ཤེ་དང་ཨ་རོན་གཉིས་ཀྱིས་མིང་ནས་བརྗོད་པའི་མི་དེ་རྣམས་ཁྲིད་དེ། ༡༨ ཟླ་བ་གཉིས་པའི་ཚེས་དང་པོ་ལ་ཆོས་ཚོགས་ཐམས་ཅད་བསྡུས་ནས་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་སྩལ་པ་བཞིན་དུ་དེ་དག་གི་རིགས་བརྒྱུད་དང་ཕ་རྣམས་ཀྱི་ཁང་པ་རྣམས་ལོ་ཉི་ཤུ་པ་ནས་ཡན་ཆད་མིང་རེ་བཞིན་དུ་ཐོ་རུ་འབྲི་བཅུག་གོ། ༡༩ ཡང་འབྲོག་སྟོང་སི་ནཱ་རུ་དེ་དག་གི་གྲངས་བརྩིས་སོ༎
༢༠ ཡང་ཨིས་ར་ཨེལ་གྱི་སྔོན་སྐྱེས་ཀྱི་བུ་རུ་བེན་གྱི་བུ་རྣམས་དེ་དག་གི་བུ་རབས་དང་རིགས་བརྒྱུད་དང་ཕའི་ཁང་པ་ལྟར་སྐྱེས་པ་རེ་རེའི་མིང་གི་གྲངས་བཞིན་དུ་ལོ་ཉི་ཤུ་པ་ནས་ཡན་ཆད་དམག་འཐབ་ནུས་པ་ཐམས་ཅད། ༢༡ རུ་བེན་གྱི་སྡེ་ལས་བརྩིས་པའི་གྲངས་བཞི་ཁྲི་དྲུག་སྟོང་ལྔ་བརྒྱའོ༎
༢༢ ཤིམ་ཨོན་གྱི་བུ་རྣམས་དེ་དག་གི་བུ་རབས་དང་རིགས་བརྒྱུད་དང་ཕའི་ཁང་པ་ལྟར་སྐྱེས་པ་རེའི་མིང་གི་གྲངས་བཞིན་དུ་ལོ་ཉི་ཤུ་པ་ཡན་ཆད་དམག་འཐབ་པར་ནུས་པ་ཐམས་ཅད། ༢༣ ཤིམ་ཨོན་གྱི་སྡེ་ལས་བརྩིས་པའི་མིའི་གྲངས་ནི་ལྔ་ཁྲི་དགུ་སྟོང་གསུམ་བརྒྱའོ༎
༢༤ གད་ཀྱི་བུ་རྣམས་དེ་དག་གི་བུ་རབས་དང་རིགས་བརྒྱུད་དང་ཕའི་ཁང་པར་སྐྱེས་པ་རེའི་མིང་གི་གྲངས་བཞིན་དུ་ལོ་ཉི་ཤུ་པ་ཡན་ཆད་དམག་འཐབ་པར་ནུས་པ་ཐམས་ཅད། ༢༥ གད་ཀྱི་སྡེ་ལས་བརྩིས་པའི་མིའི་གྲངས་ནི་བཞི་ཁྲི་ལྔ་སྟོང་དྲུག་བརྒྱ་དང་ལྔ་བཅུའོ༎
༢༦ ཡ་ཧུ་དཱ་ཡི་བུ་རྣམས་དེ་དག་གི་བུ་རབས་དང་རིགས་བརྒྱུད་དང་ཕའི་ཁང་པ་ལྟར་སྐྱེས་པ་རེའི་མིང་གི་གྲངས་བཞིན་དུ་ལོ་ཉི་ཤུ་པ་ཡན་ཆད་དམག་འཐབ་པར་ནུས་པ་ཐམས་ཅད། ༢༧ ཡ་ཧུ་དཱ་ཡི་སྡེ་ལས་བརྩིས་པའི་མིའི་གྲངས་ནི་བདུན་ཁྲི་བཞི་སྟོང་དྲུག་བརྒྱའོ༎
༢༨ ཨི་ས་གར་གྱི་བུ་རྣམས་དེ་དག་གི་བུ་རབས་དང་རིགས་བརྒྱུད་དང་ཕའི་ཁང་པ་ལྟར་སྐྱེས་པ་རེའི་མིང་གི་གྲངས་བཞིན་དུ་ལོ་ཉི་ཤུ་པ་ཡན་ཆད་དམག་འཐབ་པར་ནུས་པ་ཐམས་ཅད། ༢༩ ཨི་ས་གར་གྱི་སྡེ་ལས་བརྩིས་པའི་མིའི་གྲངས་ནི་ལྔ་ཁྲི་བཞི་སྟོང་བཞི་བརྒྱའོ༎
༣༠ ཟེ་བུ་ལོན་གྱི་བུ་རྣམས་དེ་དག་གི་བུ་རབས་དང་རིགས་བརྒྱུད་དང་ཕའི་ཁང་པ་ལྟར་སྐྱེས་པ་རེའི་མིང་གི་གྲངས་བཞིན་དུ་ལོ་ཉི་ཤུ་པ་ཡན་ཆད་དམག་འདྲེན་པར་ནུས་པ་ཐམས་ཅད། ༣༡ ཟེ་བུ་ལོན་གྱི་སྡེ་ལས་བརྩིས་པའི་མིའི་གྲངས་ནི་ལྔ་ཁྲི་བདུན་སྟོང་བཞི་བརྒྱའོ༎
༣༢ ཡོ་སེབ་ཀྱི་བུ་རྣམས་ཟེར་ན་ཨེབ་ར་ཨིམ་གྱི་བུ་རྣམས་དེ་དག་གི་བུ་རབས་དང་རིགས་བརྒྱུད་དང་ཕའི་ཁང་པ་ལྟར་རེའི་མིང་གི་གྲངས་བཞིན་དུ་ལོ་ཉི་ཤུ་པ་ཡན་ཆད་དམག་འཐབ་པར་ནུས་པ་ཐམས་ཅད། ༣༣ ཨེབ་ར་ཨིམ་གྱི་སྡེ་ལས་བརྩིས་པའི་མིའི་གྲངས་ནི་བཞི་ཁྲི་ལྔ་བརྒྱའོ༎
༣༤ མ་ན་ཤེའི་བུ་རྣམས་དེ་དག་གི་བུ་རབས་དང་རིགས་བརྒྱུད་དང་ཕའི་ཁང་པ་ལྟར་རེའི་མིང་གི་གྲངས་བཞིན་དུ་ལོ་ཉི་ཤུ་པ་ཡན་ཆད་དམག་འཐབ་པར་ནུས་པ་ཐམས་ཅད། ༣༥ མ་ན་ཤེའི་སྡེ་ལས་བརྩིས་པའི་མིའི་གྲངས་ནི་སུམ་ཁྲི་ཉིས་སྟོང་ཉིས་བརྒྱའོ༎
༣༦ བེན་ཡ་མིན་གྱི་བུ་རྣམས་དེ་དག་གི་བུ་རབས་དང་རིགས་བརྒྱུད་དང་ཕའི་ཁང་པ་ལྟར་རེའི་མིང་གི་གྲངས་བཞིན་དུ་ལོ་ཉི་ཤུ་པ་ཡན་ཆད་དམག་འཐབ་པར་ནུས་པ་ཐམས་ཅད། ༣༧ བེན་ཡ་མིན་གྱི་སྡེ་ལས་བརྩིས་པའི་མིའི་གྲངས་ནི་སུམ་ཁྲི་ལྔ་སྟོང་བཞི་བརྒྱའོ༎
༣༨ དཱན་གྱི་བུ་རྣམས་དེ་དག་གི་བུ་རབས་དང་རིགས་བརྒྱུད་དང་ཕའི་ཁང་པ་རེའི་མིང་གི་གྲངས་བཞིན་དུ་ལོ་ཉི་ཤུ་པ་ཡན་ཆད་དམག་འཐབ་པར་ནུས་པ་ཐམས་ཅད། ༣༩ དཱན་གྱི་སྡེ་ལས་བརྩིས་པའི་མིའི་གྲངས་ནི་དྲུག་ཁྲི་ཉིས་སྟོང་བདུན་བརྒྱའོ༎
༤༠ ཨ་ཤེར་གྱི་བུ་རྣམས་དེ་དག་གི་བུ་རབས་དང་རིགས་བརྒྱུད་དང་ཕའི་ཁང་པ་རེའི་མིང་གི་གྲངས་བཞིན་དུ་ལོ་ཉི་ཤུ་པ་ཡན་ཆད་དམག་འཐབ་པར་ནུས་པ་ཐམས་ཅད། ༤༡ ཨ་ཤེར་གྱི་སྡེ་ལས་བརྩིས་པའི་མིའི་གྲངས་ནི་བཞི་ཁྲི་གཅིག་སྟོང་ལྔ་བརྒྱའོ༎
༤༢ ནབ་ཐ་ལི་ཡི་བུ་རྣམས་དེ་དག་གི་བུ་རབས་དང་རིགས་བརྒྱུད་དང་ཕའི་ཁང་པ་རེའི་མིང་གི་གྲངས་བཞིན་དུ་ལོ་ཉི་ཤུ་པ་ཡན་ཆད་དམག་འཐབ་པར་ནུས་པ་ཐམས་ཅད། ༤༣ ནབ་ཐ་ལི་ཡི་སྡེ་ལས་བརྩིས་པའི་མིའི་གྲངས་ནི་ལྔ་ཁྲི་སུམ་སྟོང་བཞི་བརྒྱའོ༎
༤༤ དེ་ནི་མོ་ཤེ་དང་ཨ་རོན་དང་ཨིས་ར་ཨེལ་གྱི་སྡེ་དཔོན་བཅུ་གཉིས་པོས་བརྩིས་པའི་མི་ནི་ཕའི་ཁང་པ་རེ་ལས་མི་རེའི་གྲངས་ཡིན་ཏེ། ༤༥ ཨིས་ར་ཨེལ་གྱི་བུ་རྣམས་ལས་ཕའི་ཁང་པ་རྣམས་བཞིན་དུ་ལོ་ཉི་ཤུ་པ་ཡན་ཆད་ཨིས་ར་ཨེལ་ན་དམག་འཐབ་པར་ནུས་པ་ཐམས་ཅད། ༤༦ བརྩིས་པར་གྱུར་པ་ཐམས་ཅད་ཀྱི་གྲངས་ནི་དྲུག་འབུམ་སུམ་སྟོང་ལྔ་བརྒྱ་ལྔ་བཅུའོ༎
༤༧ འོན་ཀྱང་ལེ་ཝི་པ་རྣམས་རང་གི་ཕ་རྣམས་ཀྱི་རིགས་བརྒྱུད་བཞིན་དུ་དེ་དག་དང་མཉམ་དུ་རྩི་བར་མ་གྱུར་ཏོ། ༤༨ ཅི་ལ་ཟེར་ན། ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༤༩ ལེ་ཝིའི་སྡེ་འབའ་ཞིག་ཨིས་ར་ཨེལ་གྱི་བུ་རྣམས་དང་མཉམ་དུ་རྩི་བ་དང་དེ་དག་གི་གྲངས་འདེབས་པར་མི་རུང་། ༥༠ འོན་ཀྱང་དཔང་པོའི་གུར་མཆོག་དང་དེའི་མཆོད་རྫས་ཐམས་ཅད་དང་དེ་ལ་གཏོགས་པ་ཀུན་གྱི་ཁག་དེ་དག་ལ་ཁོལ་ཞིག དེ་རྣམས་ཀྱིས་གུར་མཆོག་མཆོད་རྫས་ཐམས་ཅད་དང་བཅས་པ་འཁུར་བ་དང་དེའི་ཞབས་ཏོག་བྱེད་པ་དང་། གུར་མཆོག་གི་མཐའ་འཁོར་དུ་རང་གི་གུར་རྣམས་འདེབས་པར་དགོས་སོ། ༥༡ ཡང་གུར་མཆོག་འཕོ་བའི་དུས་སུ་ལེ་ཝི་པ་རྣམས་ཀྱིས་དེ་འབེབས་པ་དང་། གུར་མཆོག་བཞུགས་པའི་དུས་སུ་ལེ་ཝི་པ་རྣམས་ཀྱིས་དེ་འབུབས་པར་དགོས། འོན་ཀྱང་ཉེ་བར་འོང་བའི་ཕྱིར་མི་དེ་གསོད་པར་དགོས་སོ། ༥༢ ཡང་ཨིས་ར་ཨེལ་གྱི་བུ་རྣམས་རེ་རང་གི་གུར་རེ་རང་གི་དར་པོ་ཆེའི་མདུན་དུ་དང་། རེ་རང་གི་ཚོ་རྣམས་བཞིན་དུ་སྒར་འདེབས་པར་དགོས། ༥༣ འོན་ཀྱང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཆོས་ཚོགས་ལ་ཐུགས་ཁྲོ་མི་འབབ་པའི་ཕྱིར་ལེ་ཝི་པ་རྣམས་དཔང་པོའི་གུར་མཆོག་གི་མཐའ་འཁོར་དུ་སྒར་འདེབས་པ་དང་། ལེ་ཝི་པ་རྣམས་ཀྱིས་དཔང་པོའི་གུར་མཆོག་གི་ཞབས་ཏོག་བྱེད་པར་དགོས་སོ་ཞེས་བཀའ་གནང་ངོ་། ༥༤ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་དེ་བཞིན་དུ་བྱས། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་དེ་དག་གིས་ཐམས་ཅད་བྱས་སོ༎