༣༤
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་བཀའ་སྩལ་པ།  ཨིས་ར་ཨེལ་གྱི་བུ་རྣམས་ལ་བཀའ་གནང་ཞིང་ཁོ་རྣམས་ལ་སྨྲོས་ཤིག ནམ་ཁྱོད་ཚོ་ལ་ས་སྐལ་དུ་གནང་བར་བྱ་བའི་ཡུལ་ཀ་ན་ཨན་དེའི་ས་མཚམས་བཞི་ལ་རྟེན་ཞིང་ནང་དུ་ཡོང་བའི་དུས་སུ།  ཁྱེད་ཀྱི་ལྷོ་ཡུལ་ཁག་ནི་འབྲོག་སྟོང་ཚིན་ནས་ཨེ་དོམ་གྱི་འགྲམ་དང་། ལྷོ་ཕྱོགས་ཀྱི་མཐའ་དེ་ཚྭ་མཚོ་ནས་ཤར་ཕྱོགས་སུ་ཡོད་པར་བྱ།  དེ་ནས་ཁྱེད་ཀྱི་ས་མཚམས་ནི་ཨག་རབ་བིམ་གྱེན་འཛེག་གི་ཤར་ཕྱོགས་སུ་འཁོར་ཞིང་ཚིན་གྱི་ཟུར་ལ་འགྲོ་བ་དང་། དེ་ནས་ཤར་རེ་ཁ་དཱེས་བར་ནེ་ཨ་དེའི་ལྷོ་ཕྱོགས་སུ་ཡོད་པར་དགོས། ཡང་ཧ་ཚར་ཨད་དར་གྱི་ལམ་བརྒྱུད་ཅིང་ཨ་ཚ་མོན་དུ་ཕྱིན་པར་བྱ།  ཡང་ས་མཚམས་ནི་ཨ་ཚ་མོན་ནས་འཁོར་ཏེ་མི་སེར་གྱི་གྲོག་པོ་རུ་སོང་ནས། ཤར་རེ་རྒྱ་མཚོའི་རྩར་ཡོད་པར་བྱོའོ༎
 ཡང་ནུབ་ཕྱོགས་ཀྱི་ས་མཚམས་ལ་བལྟ་སྟེ། ཁྱེད་ལ་རྒྱ་མཚོ་ཆེན་པོ་དེ་ནི་ནུབ་ཕྱོགས་ཀྱི་མཐའ་ཡོད་པར་བྱ།
 རྒྱ་མཚོ་ཆེན་པོ་ནས་ཁྱེད་ཀྱི་བྱང་ཕྱོགས་ཀྱི་མཐའ་ནི་འདི་ཡོད་པར་བྱ། རང་གི་ཕྱིར་རི་ཧོར་དུ་རྟགས་རྒྱོབ་ཅིག  རི་ཧོར་ནས་སོང་ནས་ཧ་མད་ནང་དུ་འཇུག་ས་བར་དུ་རྟགས་རྒྱོབ་དང་། ས་མཚམས་ནི་ཤར་རེ་ཚེ་དཱད་ཡོད་པར་བྱ།  དེ་ནས་ས་མཚམས་ནི་ཚིབ་རོན་བརྒྱུད་ནས། ཤར་རེ་ཧ་ཚར་ཨེ་ནན་དུ་ཡོད་པར་བྱ། དེ་ནི་ཁྱེད་ཀྱི་བྱང་ཕྱོགས་ཀྱི་ས་མཚམས་ཡོད་པར་དགོས་སོ༎
༡༠ ཡང་ཤར་ཕྱོགས་ཀྱི་ས་མཚམས་ནི་ཧ་ཚར་ཨེ་ནན་་ཤེབ་ཨམ་དུ་རྟགས་རྒྱབ་དགོས། ༡༡ དེ་ནས་ས་མཚམས་ནི་ཤེབ་ཨམ་ནས་ཨ་ཡིན་གྱི་ཤར་ཕྱོགས་སུ་ཡོད་པའི་རིབ་ལཱ་རུ་འབབ་པར་བྱ། ས་མཚམས་ཡང་འབབ་ཅིང་ཤར་ཕྱོགས་སུ་ཡོད་པའི་མཚོ་ཀིན་ནེ་རེད་དུ་ཕྱིན་པར་བྱ། ༡༢ དེ་ནས་ས་མཚམས་ནི་ཡོར་དན་དུ་འབབ་པ་དང་། ཤར་རེ་ཚྭ་མཚོ་ལ་ཡོད་པར་དགོས་སོ། དེ་ནི་ཁྱོད་ཅག་གི་ཡུལ་དང་དེའི་མཐའ་བཞིའི་ས་མཚམས་ཡོད་པར་དགོས་སོ༎
༡༣ ཡང་མོ་ཤེས་ཨིས་ར་ཨེལ་གྱི་བུ་རྣམས་ལ་བཀའ་གནང་ཞིང་གསུངས་པ། དེ་ནི་ཁྱོད་ཚོ་ལ་རྟགས་རིལ་ནང་ཐོབ་པར་བྱ་བའི་ཡུལ་དེ་ཡིན་ནོ། དེ་ནི་སྡེ་དགུ་དང་སྡེ་ཕྱེད་ལ་སྟེར་བའི་དོན་དུ་ཡ་ཧོ་ཝཱས་བཀའ་གནང་ངོ་། ༡༤ རུ་བེན་གྱི་བུ་རྣམས་ཀྱིས་ནི་རང་གི་ཕ་རྣམས་ཀྱི་ཁང་ཚོ་བཞིན་དུ་དང་། གད་ཀྱི་བུ་རྣམས་ཀྱིས་ནི་རང་གི་ཕ་རྣམས་ཀྱི་ཁང་པ་བཞིན་དུ་ཐོབ། མ་ན་ཤེའི་སྡེ་ཕྱེད་དེས་ཀྱང་རང་གི་ས་སྐལ་ཐོབ་བོ། ༡༥ སྡེ་གཉིས་དང་སྡེ་ཕྱེད་དེས་ནི་ཡོར་དན་གྱི་ཕ་རོལ་དུ་ཡེ་རི་ཀོའི་འཁོར་དུ་ཉི་མ་ཤར་བའི་ཤར་ཕྱོགས་སུ་རང་གི་ས་སྐལ་ཐོབ་བོ༎
༡༦ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་ཞིང་གསུངས་པ། ༡༧ ཁྱོད་རྣམས་ལ་ཡུལ་ནི་ས་སྐལ་དུ་བགོ་བར་བྱ་བའི་མིའི་མིང་རྣམས་འདི་ཡིན། བླ་མ་ཨེལ་ཨ་ཟར་དང་། ནུན་གྱི་བུ་ཡོ་ཤུ་ཨའོ། ༡༨ ཡང་ཁྱེད་ཀྱིས་ཡུལ་ནི་སྐལ་ནོར་དུ་བགོ་བའི་ཕྱིར་སྡེ་རེ་རེ་ནས་འགོ་པ་གཅིག་བསྐོ་དགོས། ༡༩ མི་དེ་དག་གི་མིང་འདི་ཡིན། ཡུ་དཱ་ཡི་སྡེ་ནས་ཡེ་ཕུན་ནེའི་བུ་ཀ་ལེབ ༢༠ ཤིམ་ཨོན་གྱི་བུ་རྣམས་ཀྱི་སྡེ་ནས་ཤེ་མུ་ཨེལ་གྱི་བུ་ཨམ་མི་ཧུད ༢༡ བེན་ཡ་མིན་གྱི་སྡེ་ནས་ཁིས་ལོན་གྱི་བུ་ཨེ་ལི་དཱད ༢༢ དཱན་གྱི་བུ་རྣམས་ཀྱི་སྡེ་ནས་གཙོ་ཆེ་བ་ཞིག ཡོག་ལིའི་བུ་བུག་ཀི ༢༣ ཡོ་སེབ་ཀྱི་བུ་རྣམས་ཞེ་ན། མ་ན་ཤེའི་བུ་རྣམས་ཀྱི་སྡེ་ནས་གཙོ་ཆེ་བ་ཞིག་ཨེ་ཕོད་ཀྱི་བུ་ཧམ་ནི་ཨེལ ༢༤ ཨེབ་ར་ཨིམ་གྱི་བུ་རྣམས་ཀྱི་སྡེ་ནས་གཙོ་ཆེ་བ་ཞིག་ཤིབ་ཏན་གྱི་བུ་ཁེ་མུ་ཨེལ ༢༥ ཟེ་བུ་ལོན་གྱི་བུ་རྣམས་ཀྱི་སྡེ་ནས་གཙོ་ཆེ་བ་ཞིག་ཕར་ནག་གི་བུ་ཨེ་ལི་ཚ་ཕན ༢༦ ཨི་ས་གར་གྱི་བུ་རྣམས་ཀྱི་སྡེ་ནས་གཙོ་ཆེ་བ་ཞིག ཨ་ཚན་གྱི་བུ་ཕལ་ཏི་ཨེལ ༢༧ ཨ་ཤེར་གྱི་བུ་རྣམས་ཀྱི་སྡེ་ནས་གཙོ་ཆེ་ཞིག ཤེ་ལོ་མིའི་བུ་ཨ་ཧི་ཧུད ༢༨ ནབ་ཐ་ལིའི་བུ་རྣམས་ཀྱི་སྡེ་ནས་གཙོ་ཆེ་ཞིག ཨམ་མི་ཧུད་ཀྱི་བུ་ཕེ་ད་ཧེལ་ཞེས་བྱ་བ་རྣམས་སོ༎
༢༩ དེ་ནི་ཀ་ན་ཨན་ཡུལ་དུ་ཨིས་ར་ཨེལ་གྱི་བུ་རྣམས་ལ་ས་སྐལ་བགོ་བཤའ་བྱེད་པའི་དོན་དུ་ཡ་ཧོ་ཝཱ་ནས་བཀའ་ཐོབ་པ་དེ་དག་གོ།