༣༣
ཨིས་ར་ཨེལ་གྱི་བུ་རྣམས་རང་གི་དཔུང་ཚོགས་བཞིན་དུ་མོ་ཤེ་དང་ཨ་རོན་གྱི་ཕྱག་གི་འོག་ཏུ་མི་སེར་ཡུལ་ནས་འཐོན་དུས་ནས་འགྲོ་ལམ་རྣམས་འདི་ཡིན། ༢ ཡང་ཡ་ཧོ་ཝཱའི་བཀའ་ལ་རྟེན་ཏེ་མོ་ཤེས་ཁོ་རྣམས་ཀྱི་ལམ་བཞིན་དུ་སྒར་བཏབ་པའི་གནས་རྣམས་ཡི་གེར་བྲིས་སོ། དེ་ནང་ལྟར་དེ་ཚོའི་ལམ་རྣམས་འདི་ལྟར་རོ། ༣ ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་ཁོ་རྣམས་ར་ཨེམ་སེས་ནས་ལམ་དུ་ཞུགས། པེ་སག་གི་རྗེས་ལ་སང་ཉིན་སྔ་དྲོ་ལ་མི་སེར་པ་ཐམས་ཅད་ཀྱིས་མིག་གིས་མཐོང་སྟེ། ཨིས་ར་ཨེལ་གྱི་བུ་རྣམས་ལག་པ་གདེང་ནས་ཐོན་པའི་དུས་སུ། ༤ མི་སེར་པ་རྣམས་ཀྱིས་རང་གི་སྔོན་སྐྱེས་ཡ་ཧོ་ཝཱས་བསད་པ་དེ་དག་ས་ལ་བསྐུངས་སོ། དེ་དག་གི་ལྷ་རྣམས་ལ་ཡ་ཧོ་ཝཱས་ཀྱང་ཁྲིམས་བཅད་དོ༎༥ ཡང་ཨིས་ར་ཨེལ་གྱི་བུ་ཚོ་ར་ཨེམ་སེས་ནས་སོང་སྟེ་སུ་ཀོད་དུ་སྒར་བཏབ་བོ། ༦ ཡང་ཆས་ཏེ་འབྲོག་སྟོང་གི་ཟུར་དུ་ཡོད་པའི་ཨེ་ཐམ་ལ་སྒར་བཏབ། ༧ ཡང་ཆས་ཏེ་ཨེ་ཐམ་ནས་སོང་སྟེ། བ་ཨཱལ་ཚེ་ཕོན་མདུན་དུ་ཡོད་པའི་ཕི་ཧ་ཀི་རོད་དུ་ལོག་པ་དང་། མིག་དོལ་དུ་སྒར་བཏབ། ༨ ཡང་ཆས་ཏེ་ཕི་ཧ་ཀི་རོད་ནས་རྒྱ་མཚོ་རྒྱུད་དེ་ཤུར་གྱི་འབྲོག་སྟོང་དུ་སོང་། ཡང་ཨེ་ཐམ་གྱི་འབྲོག་སྟོང་དུ་ཞག་གསུམ་གྱི་ལམ་སོང་ནས། མ་རཱ་ལ་སྒར་བཏབ། ༩ ཡང་མ་རཱ་ནས་སོང་བ་དང་། ཨེ་ལིམ་དུ་ཕྱིན་ནོ། ཨེ་ལིམ་དེ་རུ་ཆུ་མིག་བཅུ་གཉིས་དང་ཁ་ཟུར་ཤིང་བདུན་ཅུ་ཡོད་པས། དེ་རུ་སྒར་བཏབ་བོ། ༡༠ ཡང་ཨེ་ལིམ་ནས་སོང་སྟེ་རྒྱ་མཚོ་དམར་པོའི་འགྲམ་དུ་སྒར་བཏབ་བོ། ༡༡ ཡང་རྒྱ་མཚོ་དམར་པོ་ནས་སོང་ནས། སིན་བྱ་བའི་འབྲོག་སྟོང་དུ་སྒར་བཏབ། ༡༢ ཡང་སིན་འབྲོག་སྟོང་ནས་ལམ་དུ་ཞུགས་ནས། དོབ་ཀཱ་ལ་སྒར་བཏབ། ༡༣ ཡང་དོབ་ཀཱ་ནས་ལམ་དུ་ཞུགས་ནས། ཨ་ལུས་ལ་སྒར་བཏབ། ༡༤ ཡང་ཨ་ལུས་ནས་སོང་བ་དང་། མི་ལ་འཐུང་བའི་ཆུ་མེད་པའི་གནས་རེ་ཕི་དིམ་ལ་སྒར་བཏབ། ༡༥ ཡང་ཆས་ཏེ་རེ་ཕི་དིམ་ནས་སོང་བ་དང་། འབྲོག་སྟོང་སི་ནཱ་ཟེར་བ་ལ་སྒར་བཏབ། ༡༦ ཡང་འབྲོག་སྟོང་སི་ནཱ་ནས་ཆས་ཏེ་ཁིབ་རོད་ཧད་ཐ་ཨ་ཝཱ་ལ་སྒར་བཏབ། ༡༧ ཡང་ཁིབ་རོད་ཧད་ཐ་ཨ་ཝཱ་ནས་ཆས་ཏེ། ཧ་ཚེ་རོད་དུ་སྒར་བཏབ། ༡༨ ཡང་ལམ་དུ་ཞུགས་ནས། ཧ་ཚེ་རོད་ནས་རི་ཐི་མཱ་ལ་སྒར་བཏབ། ༡༩ ཡང་ཆས་ཏེ་རི་ཐི་མཱ་ནས་རིམ་མོན་ཕེ་རེས་ལ་སྒར་བཏབ། ༢༠ ཡང་རིམ་མོན་ཕེ་རེས་ནས་ཆས་ཏེ་ལིབ་ནཱ་རུ་སྒར་བཏབ། ༢༡ ཡང་ལིབ་ནཱ་ནས་ལམ་དུ་ཞུགས་ནས། རི་སཱ་ལ་སྒར་བཏབ། ༢༢ ཡང་རི་སཱ་ནས་སོང་བ་དང་། ཀེ་ཧེ་ལ་ཐཱ་ལ་སྒར་བཏབ། ༢༣ ཀེ་ཧེ་ལ་ཐཱ་ནས་ཆས་པ་དང་། རི་སེ་ཕེར་དུ་སྒར་བཏབ། ༢༤ རི་སེ་ཕེར་ནས་ཆས་པ་དང་། ཧ་ར་དཱ་ལ་སྒར་བཏབ། ༢༥ ཧ་ར་དཱ་ནས་སོང་བ་དང་། མ་ཀེ་ཧེ་ལོད་དུ་སྒར་བཏབ། ༢༦ མ་ཀེ་ཧེ་ལོད་ནས་སོང་བ་དང་། ཐ་ཧད་དུ་སྒར་བཏབ། ༢༧ ཐ་ཧད་ནས་ཆས་པ་དང་། ཐེ་རཱ་ལ་སྒར་བཏབ། ༢༨ ཐེ་རཱ་ནས་ཆས་པ་དང་། མིད་ཀཱ་རུ་སྒར་བཏབ། ༢༩ མིད་ཀཱ་ནས་ལམ་དུ་ཞུགས་ནས། ཧས་མོ་ནཱ་རུ་སྒར་བཏབ། ༣༠ ཧས་མོ་ནཱ་ནས་ཆས་པ་དང་། མོ་སེ་རོད་དུ་སྒར་བཏབ། ༣༡ མོ་སེ་རོད་ནས་ཆས་པ་དང་། བེ་ནེ་ཡ་ཀན་ལ་སྒར་བཏབ། ༣༢ བེ་ནེ་ཡ་ཀན་ནས་སོང་ནས། ཧོར་ཧག་གིད་གད་ལ་སྒར་བཏབ། ༣༣ ཧོར་ཧག་གིད་གད་ནས་སོང་བ་དང་། ཡོད་བད་ཐཱ་རུ་སྒར་བཏབ། ༣༤ ཡོད་བད་ཐཱ་ནས་སོང་བ་དང་། ཨ་བྲོ་ནཱ་རུ་སྒར་བཏབ། ༣༥ ཨ་བྲོ་ནཱ་ནས་ཆས་པ་དང་། ཨེ་ཙོན་གེ་བེར་ལ་སྒར་བཏབ། ༣༦ ཨེ་ཙོན་གེ་བེར་ནས་སོང་བ་དང་། འབྲོག་སྟོང་ཚིན་དུ་སྒར་བཏབ་བོ། དེའི་མིང་ནི་ཁ་དཱེས་ཀྱང་ཟེར་རོ། ༣༧ ཁ་དཱེས་ནས་ཆས་པ་དང་། ཨེ་དོམ་ཡུལ་གྱི་ཟུར་དུ་རི་ཧོར་དུ་སྒར་བཏབ་བོ༎
༣༨ ཡང་ཨིས་ར་ཨེལ་གྱི་བུ་རྣམས་མི་སེར་ཡུལ་ནས་ཐོན་པ་ནས་ལོ་བཞི་བཅུ་པ་དེའི་ཟླ་བ་ལྔ་པའི་ཚེས་དང་པོ་ལ་བླ་མ་ཨ་རོན་ཡ་ཧོ་ཝཱའི་བཀའ་བཞིན་དུ་རི་ཧོར་ལ་འཛེགས་ནས་དེར་གྲོངས་སོ། ༣༩ ཨ་རོན་ནི་རི་ཧོར་དུ་གྲོངས་པའི་དུས་སུ་ལོ་བརྒྱ་དང་ཉི་ཤུ་རྩ་གསུམ་ལོན་པ་ཡིན་ནོ༎
༤༠ ཡང་ཀ་ན་ཨན་པ་རྒྱལ་པོ་ཨ་རཱད་བྱ་བ་དེས་ཨིས་ར་ཨེལ་གྱི་བུ་ཚོ་འོང་བ་ཐོས་པ་ཡིན།
༤༡ ཨིས་ར་ཨེལ་པ་རི་ཧོར་ནས་ཆས་ཏེ། ཚལ་མོ་ནཱ་ལ་སྒར་བཏབ། ༤༢ ཚལ་མོ་ནཱ་ནས་ཆས་པ་དང་། ཕུ་ནོན་དུ་སྒར་བཏབ། ༤༣ ཕུ་ནོན་ནས་སོང་བ་དང་། ཨོ་བོད་དུ་སྒར་བཏབ། ༤༤ ཨོ་བོད་ནས་སོང་ནས། མོ་ཨབ་ཀྱི་མཐའ་ལ་ཨི་ཡེ་ཨ་བ་རིམ་དུ་སྒར་བཏབ། ༤༥ ཨི་ཡེ་ཨ་བ་རིམ་ནས་ཆས་པ་དང་། དི་བོན་གད་དུ་སྒར་བཏབ། ༤༦ དི་བོན་གད་ནས་ཆས་པ་དང་། ཨལ་མོན་དིབ་ལཱ་ཐ་ཨིམ་དུ་སྒར་བཏབ། ༤༧ ཨལ་མོན་དིབ་ལཱ་ཐ་ཨིམ་ནས་སོང་ནས། རི་བརྒྱུད་ཨ་བ་རིམ་ནང་ནེ་བོའི་རྩར་སྒར་བཏབ། ༤༨ རི་བརྒྱུད་ཨ་བ་རིམ་ནས་ཆས་པ་དང་། མོ་ཨབ་ཀྱི་ཐང་ལ་ཡོར་དན་དང་ཉེ་བའི་ཡེ་རི་ཀོ་ལ་སྒར་བཏབ། ༤༩ ཡང་ཡོར་དན་གྱི་འགྲམ་དུ་བེད་ཡིས་མོད་ནས་མོ་ཨབ་ཀྱི་ཐང་ལ་ཨ་བེལ་ཤིད་ཏིམ་བར་དུ་སྒར་བཏབ་བོ༎
༥༠ ཡང་མོ་ཨབ་ཀྱི་ཐང་ལ་ཡོར་དན་དང་ཉེ་བའི་ཡེ་རི་ཀོ་རུ་ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ། ༥༡ ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག ཁྱོད་རྣམས་ཀ་ན་ཨན་ཡུལ་དུ་འཇུག་པའི་ཕྱིར་དུ་ཡོར་དན་རྒལ་ན། ༥༢ ཡུལ་ན་གནས་པའི་མི་ཐམས་ཅད་མདུན་ནས་འདེད་ཅིང་། སྐྲོད་ཅིང་། དེ་དག་གི་རྡོ་བའི་ཀ་བ་རྣམས་འཇིག་པ་དང་། དེ་དག་གི་བླུག་སྐུ་རྣམས་མེད་པར་བྱེད་དེ། དེ་དག་གི་མཐོ་གླིང་རྣམས་ས་དང་སྙོམས་པར་བྱོས། ༥༣ ཡང་ཁྱོད་ཚོས་ཡུལ་བཟུང་ནས། དེའི་ནང་ན་གནས་པར་བྱོས། གང་ལ་ཞེ་ན། བདག་ཏུ་བྱེད་པའི་དོན་དུ་ངས་ཡུལ་དེ་ཁྱོད་རྣམས་ལ་བསྟེར་བ་ཡིན། ༥༤ ཡང་ཁྱེད་ཀྱི་ཁང་པའི་ནང་མི་བཞིན་དུ་རྟགས་རིལ་བཏང་ནས་ཡུལ་དེ་ས་སྐལ་དུ་ཐོབ་བར་འགྱུར། མང་པོ་ལ་སྐལ་ནོར་མང་པོ། ཉུང་བ་རྣམས་ལ་ས་སྐལ་ཉུང་བ་སྟེར་དགོས། གང་དུ་ཡང་མི་སུ་ཞིག་ལ་རྟགས་རིལ་ནང་ཅི་ཐོབ་ན། དེ་ནི་ཁོའི་ས་སྐལ་ཡིན། ཁྱོད་ཚོའི་ཕ་རྣམས་ཀྱི་སྡེ་བཞིན་དུ་ས་སྐལ་ཐོབ་དགོས་སོ། ༥༥ འོན་ཀྱང་ཁྱོད་རྣམས་ཀྱིས་ཡུལ་ན་གནས་པ་རྣམས་མདུན་ནས་འདེད་ཅིང་སྐྲོད་པར་མི་དགའ་ན། དེ་ནས་ཡུལ་ན་སྡོད་བཅུག་པ་རྣམས་ནི་ཁྱེད་ཀྱི་མིག་ཏུ་འཛུམ་པ་ཞིག་དང་། ཁྱེད་ཀྱི་གཞོགས་ལ་ཚེར་མ་ལྟར་འགྱུར་ཞིང་། ཁྱེད་གནས་པའི་ཡུལ་ན་ཁྱེད་ཚོ་སྐྱོ་འཇུག་པའི་རྒྱུ་ཞིག་ཡོད་པར་འགྱུར་རོ། ༥༦ ཡང་ཡ་ཧོ་ཝཱས་དེ་དག་ལ་ཇི་ལྟར་མཛད་པར་དགོངས་པ་ལྟར། ཁྱོད་རྣམས་ལ་མཛད་པར་འགྱུར་རོ༎