༢༦
ཡང་གཉན་ནད་དེའི་རྗེས་ལ་ཡ་ཧོ་ཝཱས་མོ་ཤེ་དང་བླ་མ་ཨ་རོན་གྱི་བུ་ཨེལ་ཨ་ཟར་ལ་འདི་སྐད་བཀའ་གནང་ངོ་། ༢ ཨིས་ར་ཨེལ་གྱི་ཆོས་ཚོགས་ཚང་མའི་མི་ལོ་ཉི་ཤུ་དང་ན་ཚོད་ལྷག་ཡོད་པ་དང་། དེ་དག་གི་ཕ་ཚོའི་ཁང་པ་སོ་སོ་བཞིན་དུ་ཨིས་ར་ཨེལ་ན་དམག་ལ་འགྲོ་ཐུབ་པ་ཐམས་ཅད་ཀྱི་གྲངས་རྩིས་ཤིག ༣ ཡང་མོ་ཤེ་དང་བླ་མ་ཨེལ་ཨ་ཟར་གྱིས་མོ་ཨབ་ཀྱི་ཐང་ལ་ཡོར་དན་གྱི་འགྲམ་ལ་ཡོད་པའི་ཡེ་རི་ཀོ་རུ་དེ་དག་ལ་སྨྲས་པ། ༤ ཡ་ཧོ་ཝཱས་མོ་ཤེ་དང་མི་སེར་ཡུལ་ནས་ཡོངས་པའི་ཨིས་ར་ཨེལ་གྱི་བུ་རྣམས་ལ་བཀའ་གནང་བ་བཞིན་དུ། ཆོས་ཚོགས་ན་ལོ་ཉི་ཤུ་དང་ན་ཚོད་ལྷག་ཡོད་པ་རྣམས་ཀྱི་གྲངས་རྩི་བར་དགོས་སོ༎༥ ཨིས་ར་ཨེལ་གྱི་སྔོན་སྐྱེས་རུ་བེན། རུ་བེན་གྱི་བུ་རྣམས་ནི། ཧ་ནོག་ནས་ཧ་ནོག་གི་བརྒྱུད་ཆད། ཕལ་ལུ་ནས་ཕལ་ལུའི་བརྒྱུད། ༦ ཧེས་རོན་ནས་ཧེས་རོན་གྱི་བརྒྱུད། ཀར་མི་ནས་ཀར་མིའི་བརྒྱུད་ཆད་དོ། ༧ དེ་དག་ནི་རུ་བེན་པ་རྣམས་ཀྱི་བརྒྱུད་དོ། དེའི་ནང་ནས་བརྩིས་པར་གྱུར་པ་རྣམས་ནི་སྟོང་བཞི་བཅུ་ཞེ་གསུམ་དང་བདུན་བརྒྱ་དང་སུམ་ཅུའོ། ༨ ཡང་ཕལ་ལུའི་བུ་རྣམས་ནི། ཨེ་ལི་ཨབ། ༩ ཨེ་ལི་ཨབ་ཀྱི་བུ་རྣམས། ནེ་མུ་ཨེལ་དང་། དཱ་ཐན་་ཨ་ཧི་རམ་དང་གསུམ་མོ། དེ་ནི་ཆོས་ཚོགས་ཀྱི་ནང་ན་འགོ་པ་ཡོད་པའི་དཱ་ཐན་དང་ཨ་ཧི་རམ་ཡ་ཧོ་ཝཱའི་བཀའ་ལ་མ་ཉན་པའི་དུས་སུ་ཀོ་རཱ་དང་འགྲོགས་སྟེ། མོ་ཤེ་དང་ཨ་རོན་ལ་འཁྲུག་པ་བྱེད་མཁན་དེ་ཡིན། ༡༠ དེ་དག་ཤི་བའི་སྐབས་སུ་སས་ནི་རང་གི་ཁ་ཕྱེས་ཏེ། ཀོ་རཱ་དང་མཉམ་དུ་མིད་དོ། དུས་དེ་རང་ལ་མེས་ནི་མི་ཉིས་བརྒྱ་དང་ལྔ་བཅུ་ཟོས་པས། དེ་དག་རྟགས་ཤིག་ཏུ་གྱུར་ཏོ། ༡༡ ཡིན་ཀྱང་ཀོ་རཱ་ཡི་བུ་རྣམས་མ་ཤིའོ༎
༡༢ ཤིམ་ཨོན་གྱི་བུ་ཚོའི་བརྒྱུད་རྣམས་ནི། ནེ་མུ་ཨེལ་ནས་ནེ་མུ་ཨེལ་པ་རྣམས་ཀྱི་བརྒྱུད་ཆད། ཡ་མིན་ནས་ཡ་མིན་པ་རྣམས་ཀྱི་བརྒྱུད། ཡ་ཀིན་ནས་ཡ་ཀིན་པ་རྣམས་ཀྱི་བརྒྱུད། ༡༣ སེ་རག་ནས་སེ་རག་པ་རྣམས་ཀྱི་བརྒྱུད། ཤ་ཨུལ་ནས་ཤ་ཨུལ་པ་རྣམས་ཀྱི་བརྒྱུད་དོ། ༡༤ ཤིམ་ཨོན་པ་རྣམས་ཀྱི་བརྒྱུད་རྣམས་ཀྱི་ནང་ནས་སྟོང་ཉི་ཤུ་རྩ་གཉིས་དང་ཉིས་བརྒྱའོ༎
༡༥ གད་ཀྱི་བུ་རྣམས་ཀྱི་བརྒྱུད་རྣམས་བཞིན་དུ་འདི་ཡིན། ཚེ་ཕོན་ནས་ཚེ་ཕོན་པ་རྣམས་ཀྱི་བརྒྱུད། ཧག་གི་ནས་ཧག་གི་པ་རྣམས་ཀྱི་བརྒྱུད། ཤུ་ནི་ནས་ཤུ་ནི་པ་རྣམས་ཀྱི་བརྒྱུད། ༡༦ ཨོས་ནི་ནས་ཨོས་ནི་པ་རྣམས་ཀྱི་བརྒྱུད། ཨེ་རི་ནས་ཨེ་རི་པ་རྣམས་ཀྱི་བརྒྱུད། ༡༧ ཨ་རོད་ནས་ཨ་རོད་པ་རྣམས་ཀྱི་བརྒྱུད། ཨ་རེ་ལི་ནས་ཨ་རེ་ལི་པ་རྣམས་ཀྱི་བརྒྱུད། ༡༨ དེ་དག་ནི་གད་ཀྱི་བུ་ཚོའི་བརྒྱུད་བརྩིས་པར་གྱུར་པ་རྣམས་ཡིན་ནོ། སྟོང་བཞི་བཅུ་དང་ལྔ་བརྒྱའོ༎
༡༩ ཡུ་དཱ་ཡི་བུ་རྣམས་ནི་ཨེར་དང་ཨོ་ནན། ཨེར་དང་ཨོ་ནན་གཉིས་དེ་ནི་ཀ་ན་ཨན་ཡུལ་དུ་ཤིའོ། ༢༠ ཡུ་དཱ་ཡི་བུ་རྣམས་རང་གི་བརྒྱུད་རྣམས་བཞིན་དུ་འདི་ཡིན། ཤེ་ལཱ་ནས་ཤེ་ལཱ་པ་རྣམས་ཀྱི་བརྒྱུད། ཕེ་རེས་ནས་ཕེ་རེས་པ་རྣམས་ཀྱི་བརྒྱུད། སེ་རག་ནས་སེ་རག་པ་རྣམས་ཀྱི་བརྒྱུད། ༢༡ ཡང་ཕེ་རེས་ཀྱི་བུ་རྣམས་ནི། ཧེས་རོན་ནས་ཧེས་རོན་པ་རྣམས་ཀྱི་བརྒྱུད། ཧ་མུལ་ནས་ཧ་མུལ་པ་རྣམས་ཀྱི་བརྒྱུད་དོ། ༢༢ དེ་དག་ནི་ཡུ་དཱ་ཡི་བུ་བརྩིས་པར་གྱུར་པ་དག་གོ། སྟོང་བདུན་ཅུ་དོན་དྲུག་དང་ལྔ་བརྒྱའོ༎
༢༣ ཨི་ས་གར་གྱི་བུ་ཚོ་རང་གི་བརྒྱུད་རྣམས་བཞིན་དུ་འདི་ཡིན། ཐོ་ལཱ་ནས་ཐོ་ལཱ་པ་རྣམས་ཀྱི་བརྒྱུད། ཕུ་ཝཱ་ནས་ཕུ་ཝཱ་པ་རྣམས་ཀྱི་བརྒྱུད། ༢༤ ཡ་ཤུབ་ནས་ཡ་ཤུབ་པ་རྣམས་ཀྱི་བརྒྱུད། ཤིམ་རོན་ནས་ཤིམ་རོན་པ་རྣམས་ཀྱི་བརྒྱུད། ༢༥ དེ་དག་ནི་ཨི་ས་གར་གྱི་བུ་བརྩིས་པར་གྱུར་པ་དག་གོ། སྟོང་དྲུག་ཅུ་རེ་བཞི་དང་གསུམ་བརྒྱའོ༎
༢༦ ཟེ་བུ་ལོན་གྱི་བུ་རྣམས་རང་གི་བརྒྱུད་རྣམས་བཞིན་དུའོ། སེ་རེད་ནས་སེ་རེད་པ་རྣམས་ཀྱི་བརྒྱུད། ཨེ་ལོན་ནས་ཨེ་ལོན་པ་རྣམས་ཀྱི་བརྒྱུད། ཡ་ལེ་ཨེལ་ནས་ཡ་ལེ་ཨེལ་པ་རྣམས་ཀྱི་བརྒྱུད་དོ། ༢༧ དེ་དག་ནི་ཟེ་བུ་ལོན་གྱི་བུ་བརྩིས་པར་གྱུར་པ་དག་གོ། སྟོང་དྲུག་ཅུ་དང་ལྔ་བརྒྱའོ༎
༢༨ ཡོ་སེབ་ཀྱི་བུ་རྣམས་རང་གི་བརྒྱུད་རྣམས་བཞིན་དུ། མ་ན་ཤེ་དང་ཨེབ་ར་ཨིམ། ༢༩ མ་ན་ཤེའི་བུ་རྣམས། མ་ཀིར་ནས་མ་ཀིར་པ་རྣམས་ཀྱི་བརྒྱུད། མ་ཀིར་ནས་གིལ་ཨད་ཆད་དོ། གིལ་ཨད་ནས་གིལ་ཨད་པ་རྣམས་ཀྱི་བརྒྱུད། ༣༠ གིལ་ཨད་ཀྱི་བུ་རྣམས་ནི། ཨི་ཨེ་ཟེར་ནས་ཨི་ཨེ་ཟེར་པ་རྣམས་ཀྱི་བརྒྱུད། ཧེ་ལེག་ནས་ཧེ་ལེག་པ་རྣམས་ཀྱི་བརྒྱུད། ༣༡ ཨས་རི་ཨེལ་ནས་ཨས་རི་ཨེལ་པ་རྣམས་ཀྱི་བརྒྱུད། སི་ཀེམ་ནས་སི་ཀེམ་པ་རྣམས་ཀྱི་བརྒྱུད། ༣༢ ཤེ་མི་དཱ་ནས་ཤེ་མི་དཱ་པ་རྣམས་ཀྱི་བརྒྱུད། ཧེ་ཕེར་ནས་ཧེ་ཕེར་པ་རྣམས་ཀྱི་བརྒྱུད། ༣༣ ཡང་ཧེ་ཕེར་གྱི་བུ་ཚེ་ལོ་ཕེ་ཧད་བྱ་བ་དེ་ལ་བུ་མེད་དེ། བུ་མོ་འབའ་ཞིག་ཡོད་དོ། ཚེ་ལོ་ཕེ་ཧད་ཀྱི་བུ་མོ་རྣམས་ཀྱི་མིང་ནི། མ་ལཱ་དང་། ནོ་ཨ་དང་། ཧོག་ལཱ་དང་། མིལ་ཀཱ་དང་ཐིར་ཙཱའོ། ༣༤ དེ་དག་མ་ན་ཤེའི་བུ་ནས་བརྩིས་པར་གྱུར་པ་རྣམས་སོ། སྟོང་ལྔ་བཅུ་ལྔ་གཉིས་དང་བདུན་བརྒྱའོ༎
༣༥ ཨེབ་ར་ཨིམ་གྱི་བུ་ཚོ་རང་གི་བརྒྱུད་རྣམས་བཞིན་དུ་ནི། ཤུ་ཏེ་ལཱ་ནས་ཤུ་ཏེ་ལཱ་པ་རྣམས་ཀྱི་བརྒྱུད། བེ་ཀེར་ནས་བེ་ཀེར་པ་རྣམས་ཀྱི་བརྒྱུད། ཐ་ཧན་ནས་ཐ་ཧན་པ་རྣམས་ཀྱི་བརྒྱུད་དོ། ༣༦ ཡང་ཤུ་ཏེ་ལཱ་ཡི་བུ་རྣམས་ནི། ཨེ་རན་ནས་ཨེ་རན་པ་རྣམས་ཀྱི་བརྒྱུད་དོ། ༣༧ དེ་དག་ནི་ཨེབ་ར་ཨིམ་གྱི་བུ་བརྩིས་པར་གྱུར་པ་རྣམས་སོ། སྟོང་སུམ་ཅུ་སོ་གཉིས་དང་ལྔ་བརྒྱའོ། དེ་ནི་ཡོ་སེབ་ཀྱི་བུ་རྣམས་རང་གི་བརྒྱུད་རྣམས་བཞིན་ནོ༎
༣༨ བེན་ཡ་མིན་གྱི་བུ་རྣམས་རང་གི་བརྒྱུད་རྣམས་བཞིན་དུ་འདི་ཡིན། བེ་ལཱ་ནས་བེ་ལཱ་པ་རྣམས་ཀྱི་བརྒྱུད། ཨས་བེལ་ནས་ཨས་བེལ་པ་རྣམས་ཀྱི་བརྒྱུད། ཨ་ཧི་རམ་ནས་ཨ་ཧི་རམ་པ་རྣམས་ཀྱི་བརྒྱུད། ༣༩ ཤེ་ཕུ་ཕམ་ནས་ཤེ་ཕུ་ཕམ་པ་རྣམས་ཀྱི་བརྒྱུད། ཧུ་ཕམ་ནས་ཧུ་ཕམ་པ་རྣམས་ཀྱི་བརྒྱུད་དོ། ༤༠ ཡང་བེ་ལཱ་ཡི་བུ་རྣམས་ནི་ཨ་རཱད་དང་ན་ཨ་མཱན། ཨ་རཱད་ནས་ཨ་རཱད་པ་རྣམས་ཀྱི་བརྒྱུད། ན་ཨ་མཱན་ནས་ན་ཨ་མཱན་པ་རྣམས་ཀྱི་བརྒྱུད་དོ། ༤༡ དེ་ནི་བེན་ཡ་མིན་གྱི་བུ་རྣམས་ཀྱི་བརྒྱུད་བཞིན་དུ་དེ་ཡིན། དེ་དག་ནས་བརྩིས་པར་གྱུར་པ་རྣམས་ནི་སྟོང་བཞི་བཅུ་ཞེ་ལྔ་དང་དྲུག་བརྒྱའོ༎
༤༢ དཱན་གྱི་བུ་རྣམས་རང་རང་གི་བརྒྱུད་བཞིན་དུ་འདི་ཡིན། ཤུ་ཧམ་ནས་ཤུ་ཧམ་པ་རྣམས་ཀྱི་བརྒྱུད། ༤༣ དེ་ནི་དཱན་གྱི་བརྒྱུད་རྣམས་རང་རང་གི་བརྒྱུད་བཞིན་དུ་ཡིན་ནོ། ཤུ་ཧམ་པ་རྣམས་ཀྱི་བརྒྱུད་ནས་བརྩིས་པར་གྱུར་པ་ཐམས་ཅད་ནི་སྟོང་དྲུག་ཅུ་རེ་བཞི་དང་བཞི་བརྒྱའོ༎
༤༤ ཨ་ཤེར་གྱི་བུ་རང་རང་བརྒྱུད་བཞིན་དུ། ཡིམ་ནཱ་ནས་ཡིམ་ནཱ་པ་རྣམས་ཀྱི་བརྒྱུད། ཡི་ཤ་ཝི་ནས་ཡི་ཤ་ཝི་པ་རྣམས་ཀྱི་བརྒྱུད། བེ་རི་ཡཱ་ནས་བེ་རི་ཡཱ་པ་རྣམས་ཀྱི་བརྒྱུད། ༤༥ ཡང་བེ་རི་ཡཱ་ཡི་བུ་རྣམས་ནི། ཧེ་བེར་ནས་ཧེ་བེར་པ་རྣམས་ཀྱི་བརྒྱུད། མལ་ཀི་ཨེལ་ནས་མལ་ཀི་ཨེལ་པ་རྣམས་ཀྱི་བརྒྱུད། ༤༦ ཡང་ཨ་ཤེར་གྱི་བུ་མོའི་མིང་ནི་སེ་རག་ཅེས་བྱའོ། ༤༧ དེ་དག་ནི་ཨ་ཤེར་གྱི་བུ་རྣམས་ཀྱི་བརྒྱུད་ཀྱི་བརྩིས་པར་གྱུར་པ་རྣམས་ཡིན། སྟོང་ལྔ་བཅུ་ལྔ་གསུམ་དང་བཞི་བརྒྱའོ༎
༤༨ ནབ་ཐ་ལི་ཡི་བུ་རྣམས་ཀྱི་བརྒྱུད་རྣམས་ནི། ཡ་ཚེ་ཨེལ་ནས་ཡ་ཚེ་ཨེལ་པ་རྣམས་ཀྱི་བརྒྱུད། གུ་ནི་ནས་གུ་ནི་པ་རྣམས་ཀྱི་བརྒྱུད། ༤༩ ཡེ་ཚེར་ནས་ཡེ་ཚེར་པ་རྣམས་ཀྱི་བརྒྱུད། ཤིལ་ལེམ་ནས་ཤིལ་ལེམ་པ་རྣམས་ཀྱི་བརྒྱུད། ༥༠ དེ་དག་ནི་ནབ་ཐ་ལི་ཡི་བརྒྱུད་རྣམས་ཀྱི་བརྒྱུད་བཞིན་ནོ། དེ་ལས་བརྩིས་པར་གྱུར་པ་རྣམས་སྟོང་བཞི་བཅུ་ཞེ་ལྔ་དང་བཞི་བརྒྱའོ༎
༥༡ དེ་དག་ནི་ཨིས་ར་ཨེལ་གྱི་བུ་རྣམས་ལས་བརྩིས་པར་གྱུར་པ་དེ་རྣམས་སོ། འབུམ་ཚོ་དྲུག་སྟོང་གཅིག་བདུན་བརྒྱ་དང་སུམ་ཅུའོ༎
༥༢ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་བཀའ་སྩལ་པ། ༥༣ ཁྱོད་ཀྱིས་དེ་དག་ལ་རང་རང་གི་མིང་གི་གྲངས་ཀ་བཞིན་དུ་ཡུལ་དེ་ནོར་སྐལ་དུ་བགོ་བཤའ་བྱེད་པར་དགོས་སོ། ༥༤ གྲངས་ཀ་ལ་བལྟས་ཏེ་མི་མང་པོ་ཡོད་པ་དེ་ལ་ནོར་སྐལ་མང་པོ། གྲངས་ལ་ཉུང་བ་ཡོད་པ་རྣམས་ལ་ནོར་སྐལ་ཉུང་བ་སྟེར་བར་བྱ། བརྩིས་པར་གྱུར་པ་བཞིན་དུ་རེ་རེ་ལ་དེའི་ནོར་སྐལ་གཏོང་བར་བྱའོ། ༥༥ ཡིན་ཀྱང་ཡུལ་ནི་རྒྱན་གྱིས་བགོ་བཤའ་བྱེད་པར་དགོས། ཕ་རྣམས་ཀྱི་སྡེའི་མིང་ལ་རྟེན་ཏེ་སྐལ་ནོར་ཐོབ་པར་དགོས། ༥༦ ནོར་སྐལ་དེ་གྲངས་ལ་མང་པོ་དང་གྲངས་ལ་ཉུང་བ་ཡོད་པ་རྣམས་ཀྱི་བར་ལ་བགོ་བཤའ་བྱེད་པར་དགོས་སོ༎
༥༧ ཡང་ལེ་ཝི་པ་རྣམས་ཀྱི་བརྒྱུད་རྣམས་བཞིན་དུ་བརྩིས་པར་གྱུར་པ་རྣམས་འདི་ཡིན། གེར་ཤོན་ནས་གེར་ཤོན་པ་རྣམས་ཀྱི་བརྒྱུད། ཀོ་ཧད་ནས་ཀོ་ཧད་པ་རྣམས་ཀྱི་བརྒྱུད། མེ་རཱ་རི་ནས་མེ་རཱ་རི་པ་རྣམས་ཀྱི་བརྒྱུད་དོ། ༥༨ ལེ་ཝིའི་བརྒྱུད་པ་རྣམས་འདི་ཡིན། ལིབ་ནི་པ་རྣམས་ཀྱི་བརྒྱུད། ཧེབ་རོན་པ་རྣམས་ཀྱི་བརྒྱུད། མ་ཧཱ་ལི་པ་རྣམས་ཀྱི་བརྒྱུད། མུ་ཤི་པ་རྣམས་ཀྱི་བརྒྱུད། ཀོ་རཱ་པ་རྣམས་ཀྱི་བརྒྱུད་དོ། ཡང་ཀོ་ཧད་ནས་ཨམ་རམ་ཆད་དོ། ༥༩ ཡང་ཨམ་རམ་གྱི་ཆུང་མ་ལེ་ཝིའི་བུ་མོ་ཡིན་པ་དེའི་མིང་ནི་ཡོ་ཀེ་བེད་ཅེས་བྱ་བ་དེ་མི་སེར་ཡུལ་དུ་ལེ་ཝི་ལས་ཆད། དེ་ལ་ཨ་རོན་དང་མོ་ཤེ་དང་དེ་གཉིས་ཀྱི་སྲིང་མོ་མིར་ཡམ་་ཨམ་རམ་དང་བར་ལ་ཆད་དོ། ༦༠ ཡང་ཨ་རོན་ལ་ནཱ་དབ་དང་ཨ་བི་ཧུ་དང་ཨེལ་ཨ་ཟར་དང་ཨི་ཐ་མར་ཆད། ༦༡ ཡང་ནཱ་དབ་དང་ཨ་བི་ཧུ་གཉིས་ནི་ཡ་ཧོ་ཝཱ་ལ་མེ་དཀྱུས་མ་ཕུལ་བའི་དུས་སུ་ཤིའོ། ༦༢ དེ་དག་ལས་ཟླ་བ་གཅིག་དང་དེ་ལས་ན་ཚོད་ལྷག་ཡོད་པའི་ཕོ་རེ་རེ་བརྩིས་པར་གྱུར་པ་རྣམས་སྟོང་ཉི་ཤུ་རྩ་གསུམ་མོ། གང་ལ་ཞེ་ན། ཁོ་རྣམས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ནང་ན་མ་བརྩིས་ཏེ། ཨིས་ར་ཨེལ་པའི་བུ་ཚོ་དང་བཅས་པ་ནོར་སྐལ་མ་ཐོབ་པའི་ཕྱིར་རོ༎
༦༣ དེ་དག་མོ་ཤེ་དང་བླ་མ་ཨེལ་ཨ་ཟར་གྱིས་བརྩིས་སོ། དེ་གཉིས་ཀྱིས་ནི་མོ་ཨབ་ཀྱི་ཐང་ལ་ཡོར་དན་གྱི་འགྲམ་ལ་ཡོད་པའི་ཡེ་རི་ཀོ་རུ་ཨིས་ར་ཨེལ་གྱི་བུ་རྣམས་རྩི་བར་བྱས་སོ། ༦༤ འོན་ཀྱང་མོ་ཤེ་དང་བླ་མ་ཨ་རོན་གྱིས་འབྲོག་སྟོང་སི་ནཱ་ལ་བརྩིས་པའི་ཨིས་ར་ཨེལ་གྱི་བུ་རྣམས་ནས་འདི་དག་གི་ནང་ན་མི་གཅིག་ཀྱང་མེད་དོ། ༦༥ ཅི་ལ་ཞེ་ན། ཡ་ཧོ་ཝཱས་དེ་དག་ལ་གཟིགས་ཏེ། དེ་དག་གདོན་མི་ཟ་བར་འབྲོག་སྟོང་དུ་འཆི་དགོས་ཞེས་གསུངས་པའི་ཕྱིར་རོ། དེ་དག་གི་ཁྲོད་ལས་ཡེ་ཕུན་ནེའི་བུ་ཀ་ལེབ་དང་ནུན་གྱི་བུ་ཡོ་ཤུ་ཨ་མ་གཏོགས་པར་གཞན་མི་སུ་ཞིག་ཀྱང་མ་ལུས་སོ༎