༢༣
ཡང་བ་ལ་ཨམ་གྱིས་བ་ལག་ལ་སྨྲས་པ། འདི་རུ་ང་ལ་མཆོད་ཁྲི་བདུན་བཟོས་ཤིག་དང་། གླང་བདུན་དང་ལུག་ཐུག་བདུན་འདི་རུ་ང་ལ་གྲལ་སྒྲིགས་ཤིག ༢ བ་ལག་གིས་བ་ལ་ཨམ་གྱིས་སྨྲས་པ་བཞིན་དུ་བྱས་པ་དང་། བ་ལག་དང་བ་ལ་ཨམ་གཉིས་ཀྱིས་མཆོད་ཁྲི་རེ་ལ་གླང་ཅིག་དང་ལུག་ཐུག་ཅིག་མཆོད་པར་ཕུལ་ལོ། ༣ དེ་ནས་བ་ལ་ཨམ་གྱིས་བ་ལག་ལ་ཟེར་པ། ཁྱོད་ནི་རང་གི་སྦྱིན་སྲེག་གི་རྩར་སྡོད་ཅིག་དང་། ང་འགྲོའོ། གཅིག་བྱེད་ན་ཡ་ཧོ་ཝཱ་ང་དང་ཐུག་ཏུ་ཕེབས་ཡོང་། ཁོང་གིས་ང་ལ་གང་གསུང་ཡང་ཁྱོད་ལ་བཤད་པར་བྱའོ། ཡང་ཁོ་རི་འབོག་སྟོང་པ་ཞིག་ལ་སོང་ངོ་། ༤ ཡང་དཀོན་མཆོག་བ་ལ་ཨམ་དང་ཐུག་ནས། དེས་དཀོན་མཆོག་ལ་ངས་མཆོད་ཁྲི་བདུན་བརྩིགས་པ་དང་། མཆོད་ཁྲི་རེ་ལ་གླང་ཅིག་དང་ལུག་ཐུག་ཅིག་འབུལ་བར་ཕུལ་ལོ། ༥ ཡ་ཧོ་ཝཱས་བ་ལ་ཨམ་གྱི་ཁ་རུ་བཀའ་ཞིག་གནང་ཞིང་གསུངས་པ། བ་ལག་གི་རྩར་ཕྱིར་ལོག་ལ་འདི་ལྟར་སྨྲོས་ཤིག ༦ དེའི་རྩར་ལོག་ནས། ལྟོས་ཤིག དེ་དང་མོ་ཨབ་ཀྱི་ཇོ་བོ་ཐམས་ཅད་དེའི་སྦྱིན་སྲེག་གི་རྩར་འགྲེང་ངོ་། ༧ ཡང་དེས་རང་གི་གཏམ་ནང་འདི་སྐད་དུ། ཨ་རམ་ནས་བ་ལག་གིས་ང་བོས། མོ་ཨབ་རྒྱལ་པོས་ང་ཤར་རི་ནས་ཁྲིད། ཤོག་ལ་ཡ་ཀོབ་ལ་ངའི་དོན་དམོད་བོར་ཞིག་ཤོག་ལ་ཨིས་ར་ཨེལ་ལ་སྨད་པར་བྱོས། ༨ དཀོན་མཆོག་གིས་དམོད་མ་བོར་བ་ལ། ངས་ཇི་ལྟར་དམོད་འབོར་བར་བྱ། ༩ བྲག་གི་རྩེ་ནས་ངས་དེ་དག་མཐོང་རི་རྣམས་ནས་ངས་དེ་རྣམས་མཐོང་། ལྟོས་དེ་གཅིག་པུར་གནས་པའི་མི་སྡེ་ཞིག་ཡིན། གཞན་མི་བརྒྱུད་རྣམས་ནང་དེ་ནི་རྩི་མི་ཡོང་། ༡༠ ཡ་ཀོབ་ཀྱི་རྡུལ་རྣམས་སུས་རྩི་ནུས། ཨིས་ར་ཨེལ་གྱི་བཞི་ཆའི་གྲངས་སུས་རྩི་ཐུབ། ཆོས་དྲང་པོའི་ཤི་ལུགས་ང་ལ་ཤོག ངའི་ཚེ་མཇུག་དེ་དག་ལྟར་གྱུར་ཤོག༡༡ ཡང་བ་ལག་གིས་བ་ལ་ཨམ་ལ་སྨྲས་པ། ཁྱོད་ཀྱིས་ང་ལ་ཅི་བྱས། ངའི་དགྲ་ཚོ་ལ་སྨོན་ལོག་འདེབས་པའི་དོན་དུ་ཁྱོད་འཁྲིད་ཡོངས། ཡང་ལྟོས་ཤིག དེ་ཐམས་ཅད་ལ་བྱིན་གྱིས་བརླབས་སོ། ༡༢ ལན་དུ་ཁོས་དེ་ལ། ཡ་ཧོ་ཝཱས་ངའི་ཁའི་ནང་དུ་གནང་བ་ལ་ངས་ཟོན་བྱེད་མི་དགོས་སམ།
༡༣ བ་ལག་གིས་དེ་ལ། དེ་དག་ཐམས་ཅད་མི་མཐོང་ཡང་། དེ་ཚོའི་གཞུག་གི་ཆ་ཤས་མཐོང་བའི་ཕྱིར་ང་དང་མཉམ་དུ་གནས་གཞན་ཞིག་ཏུ་ཕེབས་ཤིག་དེ་ནས་ཁོ་རྣམས་ལ་ངན་ཐོབ་ཅིག་ཅེས་ཞུའོ་སྨྲས་ཏེ། ༡༤ ཚོ་ཕིམ་བྱ་བའི་ཐང་ལ་ཕིས་ཀཱ་ཟེར་བའི་རི་རྩེ་རུ་ཁྲིད་པ་དང་། མཆོད་ཁྲི་བདུན་བརྩིགས་ནས། མཆོད་ཁྲི་རེ་ལ་གླང་ཞིག་དང་ལུག་ཐུག་ཅིག་ཕུལ་ལོ། ༡༥ ཡང་བ་ལ་ཨམ་གྱིས་བ་ལག་ལ། ང་ཡ་ཧོ་ཝཱ་དང་མཇལ་དུ་ཕར་འགྲོ་རིང་དུ། ཁྱོད་ནི་འདི་རུ་རང་གི་སྦྱིན་སྲེག་གི་རྩར་འགྲེང་སྟེ་སྡོད་ཅིག་སྨྲས་ནས། ༡༦ ཡ་ཧོ་ཝཱ་བ་ལ་ཨམ་དང་ཐུག་ནས། ཁོང་གིས་དེའི་ཁའི་ནང་དུ་བཀའ་ཞིག་གནང་ཞིང་དེ་ལ། བ་ལག་གི་རྩར་ལོག་ཅིག་དང་། འདི་ལྟར་སྨྲོས་ཤིག་གསུངས་ནས། ༡༧ ཁོ་དེའི་རྩར་ཕྱིར་ལོག་པ་དང་། ལྟོས་ཤིག་ཁོ་ནི་མོ་ཨབ་ཀྱི་ཇོ་བོ་རྣམས་དང་བཅས་པ་རང་གི་སྦྱིན་སྲེག་གི་མདུན་དུ་འགྲེང་སྟེ་བསྡད་ཡོད་དེ། བ་ལག་གིས་ཡ་ཧོ་ཝཱས་ཅི་གསུངས་དྲིས་པ་དང་། ༡༨ དེས་རང་གི་གཏམ་དཔེ་ནང་འདི་ལྟར་གསུངས་པ། བ་ལག་ད་ལོངས་ཤིག་དང་ཉོན་ཞིག་ཚིབ་ཕོར་གྱི་བུ་ང་ལ་གསན་དང་། ༡༩ དཀོན་མཆོག་ནི་རྫུན་གསུང་བའི་མི་མ་ཡིན། ཐུགས་འགྱོད་མཛད་དུ་ཁོང་མིའི་བུའང་མིན། ཁོང་གིས་གསུངས་ནས་དེ་མི་མཛད་དམ། ཡང་ན་ཁོང་གིས་གསུངས་པ་དེ་སྒྲུབ་པར་མི་མཛད་དམ། ༢༠ ལྟོས་ང་ལ་བྱིན་རླབས་བྱེད་པའི་བཀའ་ཕེབས། ཁོང་གིས་བྱིན་གྱིས་བརླབས་པ་ངས་ཟློག་མི་ནུས། ༢༡ ཁོང་གིས་ཡ་ཀོབ་ཀྱི་ནང་ཉེས་པ་མི་གཟིགས། ཨིས་ར་ཨེལ་གྱི་ཁྲོད་དུ་མི་རིགས་པ་ཡང་མ་གཟིགས་སོ། དེ་དག་གི་དཀོན་མཆོག་ཡ་ཧོ་ཝཱ་དེ་དག་མཉམ་དུ་བཞུགས། རྒྱལ་པོ་ཞིག་གི་འུར་སྒྲ་དེའི་ཁྲོད་དུ་འདུག ༢༢ དཀོན་མཆོག་གིས་ཁོ་རྣམས་མི་སེར་ནང་ནས་བཏོན་མཛད་དེ། དེ་ལ་འབྲོང་དང་བའི་སྟོབས་འདུག ༢༣ ཡ་ཀོབ་དང་བཅས་སུ་སྔགས་འདེབས་པ་ཅིའང་མེད། ཨིས་ར་ཨེལ་དང་བཅས་སུ་མོ་འདེབས་པའང་མེད། དཀོན་མཆོག་གིས་ཇི་ལྟ་བུའི་མཛད་པ་མཛད་པ་ཡིན། ཞེས་ཡ་ཀོབ་དང་ཨིས་ར་ཨེལ་སྐོར་ཟེར་བར་འགྱུར། ༢༤ ལྟོས་མི་སྡེ་དེ་སེང་གི་མོ་ལྟར་ལང་། སེང་གེ་ལྟར་དུ་ཡར་སྒྲེང་སྟེ། ཁྱི་ར་མ་ཟ་བའི་བར་དུ་དང་། དེའི་ཁྲག་མ་བཏུང་བའི་བར་དུ་དེ་ནི་ཉལ་མི་འོང་།
༢༥ ཡང་བ་ལག་གིས་བ་ལ་ཨམ་ལ། དེ་ཚོ་ལ་དམོད་པའང་ཅིའང་མ་འདེབས། བྱིན་རླབས་ཀྱང་ཅི་ཡང་དེ་དག་ལ་མ་བྱེད་ཟེར་ཏོ། ༢༦ འོན་ཀྱང་བ་ལ་ཨམ་གྱིས་བ་ལག་ལ། ངས་ནི་ཡ་ཧོ་ཝཱས་ཅི་གསུང་བ་ཐམས་ཅད་ངས་བྱེད་པར་དགོས་ཞེས་ཁྱོད་ལ་མ་ཟེར་རམ་སྨྲས་པ་དང་།
༢༧ ཡང་བ་ལག་གིས་བ་ལ་ཨམ་ལ། ད་ཕེབས་ཤིག་དང་། ངས་ཁྱོད་ས་ཆ་གཞན་ཞིག་ཏུ་ཁྲིད་ནས། དཀོན་མཆོག་ཐུགས་དགྱེས་ན། ཁྱོད་ས་དེ་ནས་ངའི་ཕྱིར་དེ་ཚོ་ལ་དམོད་པ་འབོར་བ་གནང་བ་ཡང་སྲིད་ཅེས་སྨྲས་སོ། ༢༨ དེ་ནས་བ་ལག་གིས་བ་ལ་ཨམ་འབྲོག་སྟོང་ལ་གདོང་སྟོན་པའི་ཕེ་ཨོར་བྱ་བའི་རི་དེའི་རྩེ་ལ་ཁྲིད་དོ། ༢༩ ཡང་བ་ལ་ཨམ་གྱིས་བ་ལག་ལ། འདི་རུ་ང་ལ་མཆོད་ཁྲི་བདུན་བཟོ་བར་བྱོས་ཤིག་དང་། གླང་བདུན་དང་ལུག་ཐུག་བདུན་གྲལ་སྒྲིག་བྱོས་ཟེར་ཏེ། ༣༠ བ་ལག་་བ་ལ་ཨམ་གྱིས་ཟེར་པ་བཞིན་དུ་བྱས་པ་དང་། མཆོད་ཁྲི་རེ་ལ་གླང་ཅིག་དང་ལུག་ཐུག་ཅིག་མཆོད་པར་ཕུལ་ལོ༎