༡༥
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་གསུངས་པ།  ཨིས་ར་ཨེལ་གྱི་བུ་རྣམས་ལ་ལབ་ཅིང་དེ་དག་ལ་སྨྲོས་ཤིག ཡ་ཧོ་ཝཱས་ཁྱོད་ཚོ་ལ་གནང་བའི་གནས་ཁང་ཡོད་པའི་ཡུལ་དུ་ཕྱིན་པའི་ཚེ།  ཡ་ཧོ་ཝཱ་ལ་མེ་ཡིས་མཆོད་པ་ཟེར་ན། སྦྱིན་སྲེག་ཅིག་གམ། དམ་བཅའ་ལེན་པའི་མཆོད་པའམ། སེམས་དགའ་བའི་མཆོད་པའམ། དུས་ཆེན་རྣམས་ཀྱི་སྐབས་སུ་ཡ་ཧོ་ཝཱ་ལ་གླང་ཡང་ན་ལུག་ཁྱུ་ནས་དྲི་ཞིམ་གྱི་མཆོད་པ་འབུལ་བའི་དུས་སུ།  མཆོད་པ་འབུལ་མཁན་དེས་ཨེ་ཕའི་བཅུ་ཆ་ཞིག་རྒྱ་ཞིབ་མར་ཁུ་དང་འདྲེས་པ་ཡ་ཧོ་ཝཱ་ལ་ཞལ་ཟས་ཀྱི་མཆོད་པར་འབུལ་དགོས་ཏེ།  གསེར་སྐྱེམས་ཀྱི་མཆོད་པའི་ཕྱིར་རྒུན་ཆང་ཧིན་གྱི་བཞི་ཆ་གཅིག་སྦྱིན་སྲེག་གམ་དམར་མཆོད་ཀྱི་དོན་དུ་ལུག་གུ་རེའི་ཕྱིར་དེ་ཙམ་གྲལ་སྒྲིག་དགོས།  ལུག་ཐུག་གཅིག་གི་ཕྱིར་ཁྱོད་ཀྱིས་ཞལ་ཟས་ཀྱི་མཆོད་པ་ལ་ཨེ་ཕ་ཞིག་གི་བཅུ་ཆ་གཉིས་རྒྱ་ཞིབ་ཧིན་གྱི་གསུམ་ཆ་ཞིག་མར་ཁུ་དང་འདྲེས་པ་དང་།  སྐྱེམས་ཀྱི་སྐོར་ལ་རྒུན་ཆང་ཧིན་གྱི་གསུམ་ཆ་ཞིག་ཡ་ཧོ་ཝཱ་ལ་དྲི་ཞིམ་གྱི་མཆོད་པ་འབུལ་དགོས།  ཡང་དམ་བཅའ་ལེན་པའམ། ཞི་བདེའི་མཆོད་པ་སྦྱིན་སྲེག་གམ། དམར་མཆོད་ཀྱི་ཕྱིར་གླང་ཐུག་ཅིག་གྲལ་སྒྲིག་ན།  དེ་ནས་གླང་ཐུག་དང་མཉམ་དུ་ཞལ་ཟས་ཀྱི་མཆོད་པ་ཞིག་ལ་ཨེ་ཕ་ཞིག་གི་བཅུ་ཆ་གསུམ་རྒྱ་ཞིབ་དང་ཧིན་གྱི་ཕྱེད་ཅིག་མར་ཁུ་དང་འདྲེས་པ་དང་། ༡༠ སྐྱེམས་ཀྱི་ཕྱིར་རྒུན་ཆང་ཧིན་གྱི་ཕྱེད་ཅིག་མེ་ཡིས་འབུལ་བའི་མཆོད་པ་དེ་ཡ་ཧོ་ཝཱ་ལ་དྲི་ཞིམ་དུ་འབུལ་དགོས།
༡༡ དེ་ལྟར་གླང་ཐུག་རེའམ། ལུག་ཐུག་རེའམ། ཕོ་ལུག་གུའམ་ར་གུ་རེའི་སྐོར་ལ་བྱེད་པར་བྱའོ། ༡༢ ཇི་ལྟར་ཁྱེད་ཀྱིས་གྲལ་སྒྲིག་པའི་མཆོད་པའི་གྲངས་བཞིན་དུ་བྱེད་པ། དེ་ལྟར་ཞལ་ཟས་དང་སྐྱེམས་ཀྱི་མཆོད་པའི་གྲངས་ཀྱང་ཡོད་པར་དགོས། ༡༣ ཡ་ཧོ་ཝཱ་ལ་མེ་ཡིས་དྲི་ཞིམ་དུ་འབུལ་བའི་མཆོད་པ་དེ་གཞིས་སྐྱེས་པ་ཐམས་ཅད་ཀྱིས་ལུགས་སྲོལ་དེ་བཞིན་དུ་བྱེད་པར་དགོས། ༡༤ ཡང་ཕྱི་མི་ཞིག་ཁྱོད་ཚོ་དང་མཉམ་དུ་སྡོད་པའམ། རྗེས་སུ་འབྱུང་བའི་རབས་རྣམས་ལ་བསྡད་ན། དེས་མེ་ཡིས་འབུལ་བའི་མཆོད་པ་ཞིག་ཡ་ཧོ་ཝཱ་ལ་དྲི་ཞིམ་དུ་འབུལ་བར་དགའ་ན། དེས་ནི་ཁྱེད་བཞིན་དུ་བྱེད་པར་བྱའོ། ༡༥ ཆོས་ཚོགས་ཀྱི་ཕྱིར་ཁྱོད་དང་ཕྱི་མི་ལ་སྤྱད་མཚམས་གཅིག་པ་ཡོད་པར་དགོས། ཁྱེད་ཀྱི་རྗེས་སུ་འབྱུང་བའི་མི་རབས་ཐམས་ཅད་དུ་སྤྱད་མཚམས་གཅིག་པ་ཡོད་པར་དགོས། ཡ་ཧོ་ཝཱའི་དྲུང་དུ་ཁྱེད་ཡོད་པ་བཞིན་དུ་ཕྱི་མི་དེ་ཡང་ཡོད་པར་དགོས། ༡༦ བཀའ་ཁྲིམས་གཅིག་པ་དང་སྤྱད་མཚམས་གཅིག་པ་ཁྱོད་དང་ཁྱོད་ཅག་གི་ཁྲོད་དུ་གནས་པའི་ཕྱི་མི་ལ་ཡོད་པར་དགོས་སོ༎
༡༧ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ། ༡༨ ཨིས་ར་ཨེལ་གྱི་བུ་ཚོ་ལ་ལབ་ཅིང་དེ་དག་ལ་སྨྲོས་ཤིག ཡ་ཧོ་ཝཱས་ཁྱོད་ཚོ་ཡུལ་དུ་འཁྲིད་ཅིང་དེར་ཕྱིན་པའི་ཚེ། ༡༩ དེ་ནས་ཁྱེད་ཀྱིས་ཡུལ་དེའི་བག་ལེབ་ཟ་བའི་དུས་སུ་ཁྱེད་ནི་ཡ་ཧོ་ཝཱ་ལ་སྤར་བའི་མཆོད་པ་ཞིག་འབུལ་དགོས། ༢༠ གཡུལ་ཁའི་སྤར་བའི་མཆོད་འབུལ་བ་ལྟར་ཁྱོད་ཚོས་བག་ཟན་དང་པོ་ནས་བག་ལེབ་ཅིག་སྤར་བའི་མཆོད་པར་འབུལ་བར་དགོས། ༢༡ བག་ཟན་དང་པོ་ནས་ཁྱེད་ཀྱིས་རྗེས་སུ་འབྱུང་བའི་མི་རབས་རྣམས་ལ་ཡ་ཧོ་ཝཱ་ལ་སྤར་བའི་མཆོད་པ་འབུལ་བར་དགོས་སོ༎
༢༢ ཡང་ཁྱེད་འཕྱུགས་ཏེ་ཡ་ཧོ་ཝཱས་མོ་ཤེ་ལ་གནང་བའི་བཀའ་ཚང་མ་མི་སྲུང་བ་འབྱུང་ཚེ། ༢༣ ཡ་ཧོ་ཝཱས་མོ་ཤེ་རྒྱུད་དེ་ཁྱོད་རྣམས་ལ་བཀའ་གནང་བའི་ཞག་དང་པོ་ནས་ཚུན་ཆད་རབས་ཐམས་ཅད་དུ་དེ་ལྟར་མཛད་པའི་ཕྱིར་དུ། ༢༤ འདི་ལྟར་བྱ། ཆོས་ཚོགས་ཀྱིས་མ་ཤེས་ཏེ་དེ་འཕྱུག་པ་ཡིན་ན། ཆོས་ཚོགས་ཐམས་ཅད་ཀྱིས་གླང་གཞོན་པ་ཞིག་ཡ་ཧོ་ཝཱ་ལ་དྲི་ཞིམ་གྱི་སྦྱིན་སྲེག་ཅིག་ཏུ་འབུལ་བ་དང་། དེ་དང་མཉམ་དུ་སྤྱད་མཚམས་བཞིན་དུ་དེའི་ཞལ་ཟས་ཀྱི་མཆོད་པ་དང་། དེའི་སྐྱེམས་ཀྱི་མཆོད་པ་དང་། སྡིག་པའི་ཕྱིར་ར་ཕོ་གཅིག་མཆོད་པ་འབུལ་བར་དགོས། ༢༥ ཡང་བླ་མས་ཨིས་ར་ཨེལ་གྱི་བུ་ཚོའི་ཆོས་ཚོགས་ཀྱི་ཕྱིར་སྡིག་བཤགས་བྱེད་དགོས་པ་དང་། དེ་བྱས་ནས་དེ་དག་ལ་སྡིག་སེལ་ཐོབ་པར་བྱའོ། གང་ལ་ཟེར་ན། དེ་ནི་འཕྱུགས་པ་ཞིག་ཡིན་པས། དེ་དག་གིས་རང་གི་མཆོད་པ་ཟེར་ན། ཡ་ཧོ་ཝཱ་ལ་མེ་ཡིས་ཕུལ་བའི་མཆོད་པ་དང་། རང་གི་སྡིག་པ་དང་རང་གི་ནོར་འཁྲུལ་གྱི་ཕྱིར་ཡ་ཧོ་ཝཱའི་དྲུང་དུ་མཆོད་པ་ཕུལ་བའི་ཕྱིར་རོ། ༢༦ ཨིས་ར་ཨེལ་གྱི་བུ་རྣམས་དང་དེའི་ནང་ན་གནས་པའི་ཕྱི་མིའི་སྡིག་པ་སེལ་བར་འགྱུར་ཡོང་། ཅི་ལ་ཞེ་ན། མི་དེ་ཐམས་ཅད་ལ་བལྟ་སྟེ། དེ་ནི་མི་ཤེས་བཞིན་དུ་བྱས་པ་ཞིག་ཡིན་པའི་ཕྱིར་རོ༎
༢༧ མི་གཅིག་གིས་མི་ཤེས་བཞིན་དུ་སྡིག་པ་བྱེད་ན། དེས་སྡིག་པའི་ཕྱིར་ལོ་གཅིག་པའི་ར་མ་ཞིག་འབུལ་བར་དགོས། ༢༨ ཡང་བླ་མས་ནོར་བའི་སེམས་ཀྱི་ཕྱིར་སྡིག་བཤགས་བྱེད་དགོས། ཡ་ཧོ་ཝཱའི་དྲུང་དུ་མ་ཤེས་བཞིན་སྡིག་པ་བྱས་པས། སྡིག་བཤགས་བྱེད་པའི་སྒོ་ནས་དེའི་སྡིག་པ་སེལ་བར་འགྱུར་བར་འགྱུར་རོ། ༢༩ ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ནང་ན་གང་ཞིག་མི་ཤེས་བཞིན་དུ་བྱེད་པའི་གཞིས་སྐྱེས་པ་དང་དེ་དག་གི་ཁྲོད་དུ་གནས་པའི་ཕྱི་མི་གཉིས་ཀྱི་ཕྱིར་ཁྱེད་ལ་ཁྲིམས་གཅིག་པ་ཡོད་པར་དགོས། ༣༠ འོན་ཀྱང་གཞིས་སྐྱེས་པའམ་ཕྱི་མི་ཞིག་གིས་ང་རྒྱལ་གྱིས་ཡ་ཧོ་ཝཱའི་དབུ་འཕང་སྨད་ན། དེ་ནི་རང་གི་མི་བརྒྱུད་ནས་གཅོད་པར་བྱ། ༣༡ དེས་ནི་ཡ་ཧོ་ཝཱའི་བཀའ་ལ་རྔན་ཆེན་བྱས་པ་དང་། ཁོང་གི་བཀའ་བཅག་པས། མི་དེ་ནི་ཡོངས་སུ་རྩད་ནས་གཅོད་པར་བྱའོ༎
༣༢ ཡང་ཨིས་ར་ཨེལ་གྱི་བུ་ཚོ་འབྲོག་སྟོང་དུ་གནས་པ་ལས། མིས་ཤབ་བཱད་ཀྱི་ཉི་མ་ལ་ཤིང་བསྡུ་བའི་མི་ཞིག་ཐོབ་བོ། ༣༣ ཡང་ཤིང་བསྡུ་མཁན་དེ་བརྙེད་ནས་དེ་དག་གིས་མོ་ཤེ་དང་ཨ་རོན་དང་ཆོས་ཚོགས་ཐམས་ཅད་ཀྱི་མདུན་དུ་ཁྲིད་དོ། ༣༤ ཡང་དེ་ལ་གང་བྱེད་དགོས་པ་དེ་ད་རུང་ཐག་མ་བཅད་པས་བཙོན་ཁང་དུ་བཅུག་གོ། ༣༥ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ། མི་དེའི་སྲོག་ཅིས་ཀྱང་གཅོད་པར་བྱ། ཆོས་ཚོགས་ཐམས་ཅད་ཀྱིས་ཁོ་ཚོགས་རའི་ཕྱི་རོལ་ཏུ་རྡོ་རུབ་ལ་གསོད་པར་དགོས། ༣༦ ཡང་ཆོས་ཚོགས་ཐམས་ཅད་ཀྱིས་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་ཁོ་སྒར་གྱི་ཕྱི་རོལ་ཏུ་ཁྲིད་ནས། རྡོ་རུབ་ལ་བཏང་ནས་རྡོ་ཡིས་ཤིའོ༎
༣༧ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་གསུངས་པ། ༣༨ ཁྱོད་ཨིས་ར་ཨེལ་གྱི་བུ་རྣམས་ལ་བཀའ་སྒོ་ཞིང་ཁོ་རྣམས་ལ། ཁྱེད་ཐམས་ཅད་ཀྱིས་རང་གི་གོས་རྣམས་ཀྱི་སྣེ་མོ་རྣམས་ལ་ཕོན་ཕོན་སྦྱར་ཏེ། སྣེ་མོ་རེའི་སྟེང་དུ་ཕྲེང་བ་སྔོན་པོ་ཞིག་འཚེམ་དགོས། ༣༩ ཁྱོད་ཚོས་སྣེ་མོ་དེའི་ཕོན་ཕོན་ལ་བལྟ་བའི་སྒོ་ནས་ཡ་ཧོ་ཝཱའི་བཀའ་ཐམས་ཅད་དྲན་ཞིང་དེ་བཞིན་དུ་བྱེད་པ་དང་། སྔར་ལོག་གཡེམ་པ་ལྟར་ཁྱེད་རང་གི་སྙིང་དང་རང་གི་མིག་གི་རྗེས་སུ་མི་འགྲོ་བའི་ཕྱིར་རོ་ཞེས་སྨྲོས་ཤིག ༤༠ ཁྱེད་ཀྱིས་ངའི་བཀའ་ཐམས་ཅད་དྲན་ཏེ་སྲུང་བ་དང་། ཁྱེད་རང་གི་དཀོན་མཆོག་ལ་དམ་པ་ཡོད་པའི་ཕྱིར་རོ། ༤༡ ང་ནི་ཁྱེད་ཀྱི་དཀོན་མཆོག་ཡིན་པའི་ཕྱིར་དུ་ངས་ཁྱེད་མི་སེར་ཡུལ་ནས་ཁྲིད་པའི་ཡ་ཧོ་ཝཱ་དཀོན་མཆོག་ཡིན། ང་ནི་ཡ་ཧོ་ཝཱ་ཁྱོད་རྣམས་ཀྱི་དཀོན་མཆོག་ལགས་སོ༎