སྤུན་རྣམས། མི་ཞིག་གིས་ཉེས་པ་བྱེད་ན། ཐུགས་ཉིད་དང་ལྡན་པ་ཁྱེད་ཀྱིས་འཇམ་པོའི་ངང་ནས་མི་དེ་ལམ་དྲང་པོར་ཁྲིད་ཅིག རང་ཡང་སླུ་བར་མི་འགྱུར་བའི་ཕྱིར་ཟོན་བྱོས་ཤིག  གཅིག་གིས་གཅིག་གི་ཁུར་ཁུར་ཞིག དེ་ལྟར་མཱ་ཤི་ཀའི་བཀའ་ཁྲིམས་སྒྲུབ་བོ།  མི་ཞིག་ཅིའང་མ་ཡིན་པར། རང་ཅི་ཞིག་ཡིན་སེམས་ན། རང་མགོ་སྐོར་རོ། ༤-༥ རེ་རེས་རང་གི་ལས་ལ་ལྟོས་ཤིག རེ་རེས་རང་གི་ཁུར་འཁུར་དགོས་པས་རང་རློམ་ན་མ་གཏོགས་གཞན་གྱི་མདུན་དུ་རློམ་པའི་རྒྱུ་མི་འདུག  བཀའ་ཡི་སློབ་མས་བཟང་པོ་ཐམས་ཅད་སློབ་དཔོན་དང་མཉམ་བགོས་ཀྱིས་ཟོ་ཞིག  རང་མགོ་རང་གིས་མ་སྐོར་ཞིག དཀོན་མཆོག་ནི་འཕྱ་བར་མི་རུང་། མིས་ཇི་བཏབ་པ་དེ་རྔ་བར་འགྱུར།  སུས་བདག་འཛིན་འདེབས་ན། བདག་འཛིན་ནས་སྟོངས་པར་འགྱུར་བ་བརྙེད། སུས་ཐུགས་ཉིད་འདེབས་ན། ཐུགས་ཉིད་ནས་ཚེ་མཐའ་མེད་པ་བརྙེད།  བཟང་པོ་བྱེད་པ་ལ་མ་ངལ་ཞིག ཐང་མི་ཆད་ན་དུས་ཀྱི་ཁར་འབྲས་བུ་བརྙེད་དོ། ༡༠ ད་ལྟ་སྐབས་ཡོད་པས། མི་ཐམས་ཅད་དང་ཁྱད་པར་དུ་དད་པའི་ཁྱིམ་ཚང་ལ་དགེ་བར་བྱོས་ཤིག
༡༡ ང་རང་གི་ལག་པས་ཁྱེད་ཚོར་བྲིས་པའི་ཡི་གེ་སྦོམ་པོ་འདི་ལ་ལྟོས་ཤིག ༡༢ འཇིག་རྟེན་ནང་འདྲ་འཆགས་པོ་སྟོན་པར་འདོད་པ་རྣམས་ཀྱིས་ཁྱེད་ཚོར་ཡ་ཧུ་དཱ་པའི་རྟགས་ལེན་ཕྱིར་ཨུ་ཚུགས་བྱེད་པའི་རྒྱུ། མཱ་ཤི་ཀའི་རྒྱང་ཤིང་གིས་རྐྱེན་ཏེ་འཚེ་བ་མི་མྱོང་བའི་ཕྱིར་དུའོ། ༡༣ རྟགས་དང་ལྡན་པ་ཁོང་རང་གིས་བཀའ་ཁྲིམས་མི་སྲུང་གིས། ཁྱེད་ཚོའང་རྟགས་དང་ལྡན་ཞེས་ངོམ་པའི་དོན་དུ་དེ་ལྟར་བྱེད་པར་འདོད་དོ། ༡༤ ང་རང་ལ་མཱ་ཤི་ཀའི་རྒྱང་ཤིང་མ་གཏོགས་པར་ངོམ་རྒྱུ་ཅིའང་མི་འབྱུང་བར་ཤོག་ཅིག ཁོང་གི་སྒོ་ནས་ངའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་གྱི་ཕྱིར་ང་རྒྱང་ཤིང་ཁར་ཤི་བ་ཡིན། ༡༥ གསར་དུ་སྐྱེས་པ་མ་གཏོགས། རྟགས་དང་ལྡན་པ་དང་མི་ལྡན་པ་ཅིའང་མ་ཡིན་ནོ། ༡༦ ཚུལ་ཁྲིམས་དེ་བཞིན་དུ་སྤྱོད་མཁན་ཐམས་ཅད་དང་། དཀོན་མཆོག་གི་ཨིས་ར་ཨེལ་གྱི་མི་སྡེ་ལ་ཞི་བདེ་དང་ཐུགས་རྗེ་འབབ་པར་ཤོག་ཅིག
༡༧ ངའི་ལུས་ཀྱི་ཁར་ཡེ་ཤུའི་གཟེར་གྱི་རྟགས་ཁྱེར་ཡོད་པས། ཕྱིན་ཆད་སུས་ཀྱང་ང་ལ་མ་འཚེ་ཞིག
༡༨ རང་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་སྤུན་རྣམས་ཀྱི་སེམས་དང་མཉམ་དུ་བཞུགས་པར་ཤོག་ཅིག ཨ་མེན༎ ༎