༡༦
ཀེན་ཁེ་རེའི་ཆོས་ཚོགས་ཀྱི་ཞབས་ཏོག་མ་ང་ཚོའི་སྤུན་ཕེ་བེ་ཁྱེད་ལ་བཅོལ་བས།  མཱ་ཤི་ཀ་པ་ལ་བྱེད་འོས་པ་བཞིན་དུ་གཙོ་བོའི་ནང་ན་དེ་བསུས་ཤིག དེས་སྤུན་མང་པོ་དང་ང་ལའང་རོགས་རམ་བྱས་པས། དེ་ལ་རོགས་ཅི་དགོས་བྱོས་ཤིག
 ཡེ་ཤུ་མཱ་ཤི་ཀའི་དོན་དུ་ངའི་ལས་གྲོགས་པྲིས་ཀིལ་ལཱ་དང་། ཨ་ཀུ་ལཱ་གཉིས་ལ་ངའི་ཕྱོགས་ནས་ཕྱག་ཕུལ་ཞིག  དེ་གཉིས་ཀྱིས་ངའི་སྲོག་གི་ཕྱིར་རང་གི་སྐེ་ལའང་མ་འཇིགས་ཤིང་། ང་མ་ཟད་ཕྱི་པའི་ཡུལ་གྱི་ཆོས་ཚོགས་ཐམས་ཅད་ཀྱིས་ཀྱང་དེའི་དྲིན་དྲན་ནོ།  དེ་དག་གི་ཁྱིམ་ལ་འཛོམ་པའི་ཆོས་ཚོགས་ལའང་ཕྱག་ཕུལ་ཞིག ཨ་སི་ཨའི་མཱ་ཤི་ཀ་པ་དང་པོ་ཡིན་པའི་ངའི་གཅེས་པའི་ཨེ་པེ་ནེ་ཏུ་ལ་ཕྱག་ཕུལ་ཞིག  ཁྱེད་ཀྱི་དོན་དུ་ལས་མང་པོ་བྱེད་པའི་མིར་ཡམ་ལ་ཕྱག་ཕུལ་ཞིག  ངའི་ཡུལ་པ་དང་བཙོན་གྲོགས་དང་སྐུ་ཚབ་ཀྱི་ཁྲོད་དུ་མིང་ཆེ་བ་དང་ང་ལས་སྔོན་དུ་མཱ་ཤི་ཀ་པར་གྱུར་པའི་ཨན་དྲོ་ནི་ཀུ་དང་། ཡུན་ཡཱ་གཉིས་ལ་ཕྱག་ཕུལ་ཞིག  གཙོ་བོའི་ནང་ན་ངའི་གཅེས་པའི་ཨམ་པ་ལི་ཨ་ལ་ཕྱག་ཕུལ་ཞིག  མཱ་ཤི་ཀའི་དོན་དུ་ངའི་ལས་གྲོགས་ཨུར་བཱ་ནུ་དང་། གཅེས་པའི་སྟ་ཁི་ལ་ཕྱག་ཕུལ་ཞིག ༡༠ མཱ་ཤི་ཀའི་ནང་ན་འགྱུར་བ་མེད་པའི་ཨ་པེལ་ལེ་ལ་ཕྱག་ཕུལ་ཞིག ཨ་རིས་ཏོ་བུལ་གྱི་ཁྱིམ་ཚང་ལ་ཕྱག་ཕུལ་ཞིག ༡༡ ངའི་ཡུལ་པ་ཧེ་རོད་ཡོན་ལ་ཕྱག་ཕུལ་ཞིག ནར་ཀིས་ཀྱི་ཁྱིམ་ན་གཙོ་བོར་སྟེན་པ་རྣམས་ལ་ཕྱག་ཕུལ་ཞིག ༡༢ གཙོ་བོའི་ཕྱིར་ལས་བྱེད་པའི་ཏྲི་ཕེ་ནཱ་དང་ཏྲི་ཕོ་སཱ་ལ་ཕྱག་ཕུལ་ཞིག གཙོ་བོའི་ཕྱིར་ལས་མང་དུ་བྱེད་པའི་གཅེས་མ་པེར་སི་ལ་ཕྱག་ཕུལ་ཞིག ༡༣ གཙོ་བོའི་ཕྱིར་འདམས་པའི་རུ་ཕུ་དང་། ངའི་མ་དང་འདྲ་བའི་དེའི་མ་ལ་ཕྱག་ཕུལ་ཞིག ༡༤ ཨ་སིན་ཀྲི་ཏུ་དང་། ཕེ་ལེ་གོན་དང་། ཧེར་མེ་དང་། པ་ཏྲོ་བཱ་དང་། ཧེར་མཱ་དང་། དེ་རྣམས་དང་མཉམ་ཡོད་པའི་སྤུན་རྣམས་ལ་ཕྱག་ཕུལ་ཞིག ༡༥ ཕི་ལོ་ལོ་གུ་དང་། ཡུ་ལི་ཡཱ་དང་། ནེ་རེའུ་དང་། དེའི་སྲིང་མོ་དང་། ཨོ་ལིམ་བཱ་དང་། དེ་རྣམས་དང་མཉམ་ཡོད་པའི་མཱ་ཤི་ཀ་པ་རྣམས་ལ་ཕྱག་ཕུལ་ཞིག ༡༦ ཁྱེད་ཕན་ཚུན་དམ་པའི་འོ་དང་བཅས་ཕྱག་ཕུལ་ཞིག མཱ་ཤི་ཀའི་ཆོས་ཚོགས་ཐམས་ཅད་ཀྱིས་ཁྱེད་ལ་ཕྱག་འབུལ་ལོ༎
༡༧ སྤུན་རྣམས། ཁྱེད་ཀྱིས་བསློབ་པའི་བསྟན་པ་དང་མི་མཐུན་པའི་དབྱེན་པ་དང་ལོག་ལྟ་སྐྱེད་པ་རྣམས་ལས། ཟོན་བྱེད་ཅིང་འབྱོལ་ཞིག་ཅེས་ངས་ཞུའོ། ༡༨ དེ་ཚོས་ང་ཚོའི་གཙོ་བོ་མཱ་ཤི་ཀའི་ཞབས་ཏོག་མི་བྱེད་ཀྱི། རང་གི་གྲོད་པའི་ཞབས་ཏོག་བྱེད་ཅིང་། འཇམ་ཞིང་སྙན་པའི་གཏམ་གྱིས་སྐྱོན་མེད་པ་རྣམས་ཀྱི་སྙིང་སླུ་བར་བྱེད་དོ། ༡༩ ཁྱེད་ཀྱི་འབངས་བྱེད་པ་ནི་ཐམས་ཅད་ལ་ཆ་རྒྱུས་ཡོད་པས། ཁྱེད་ལ་ང་དགའོ། ཁྱེད་བཟང་པོའི་ཕྱིར་མཁས་པ་དང་། ངན་པའི་ཕྱིར་བླུན་པོ་ཡིན་པར་ང་འདོད་དོ། ༢༠ ཞི་བདེ་གནང་བའི་དཀོན་མཆོག་གིས་ཁྱེད་ཀྱི་རྐང་འོག་ཏུ་བདུད་མྱུར་དུ་རྫི་བར་འགྱུར་རོ། ཁྱེད་ང་ཚོའི་གཙོ་བོ་ཡེ་ཤུའི་ཐུགས་རྗེ་དང་ལྡན་པར་གྱུར་ཅིག
༢༡ ངའི་ལས་གྲོགས་ཏི་མོ་ཐེའུ་དང་། ངའི་ཡུལ་པ་ལུ་ཀིའུ་དང་། ཡ་སོན་དང་། སོ་སི་པ་ཏེར་གྱིས་ཁྱེད་ལ་ཕྱག་འབུལ་ལོ། ༢༢ ཡི་གེ་པ་ཏེར་ཏིའུ་ངས་གཙོ་བོའི་ནང་ན་ཁྱེད་ལ་ཕྱག་འབུལ་ལོ། ༢༣ ང་དང་ཆོས་ཚོགས་ཡོངས་རྫོགས་ཀྱི་སྦྱིན་བདག་ག་ཡུས་ཁྱེད་ལ་ཕྱག་འབུལ་ལོ། ༢༤ སྤུན་ཁུ་ཨར་ཏུ་དང་གྲོང་ཁྱེར་གྱི་གཉེར་པ་ཨེ་རས་ཏུ་གཉིས་ཀྱིས་ཕྱག་འབུལ་ལོ༎
༢༥ ངས་བཤད་པའི་ཕྲིན་བཟང་དང་། ཡེ་ཤུ་མཱ་ཤི་ཀའི་བཀའ་ཆོས་བཞིན་དུ། བསྐལ་པ་ནས་བསྐལ་པར་སྦས་པའི་གསང་བ་རྣམས། ༢༦ ད་ལྟ་གསལ་བར་མངོན་ནས། ཐོག་མ་མེད་པའི་དཀོན་མཆོག་གི་བཀའ་བཞིན། དད་པའི་འབངས་སུ་འགུག་ཕྱིར་ལུང་བསྟན་རྣམས་རྒྱུད་ནས་མི་བརྒྱུད་ཐམས་ཅད་ལ་སྟོན་པར་མཛད་ནས། ཁྱེད་དད་པའི་འབངས་སུ་མཛད་ནུས་པའི། ༢༧ དཀོན་མཆོག་ཀུན་མཁྱེན་འབའ་ཞིག་ལ། ཡེ་ཤུ་མཱ་ཤི་ཀའི་ངང་ནས་བསྐལ་པ་ནས་བསྐལ་པར་བསྟོད་བསྔགས་པར་ཤོག་ཅིག ཨ་མེན༎ ༎