༤
ལྟོས་ཞིག མེ་ཐབ་ལྟ་བུར་འབར་བའི་ཉིན་མོ་དེ་འོང་གིན་འདུག དེ་ནས་ང་རྒྱལ་ཅན་ཐམས་ཅད་དང་། མི་ཚངས་པར་སྤྱོད་པ་ཐམས་ཅད་སོག་མ་དང་འདྲ་བར་འགྱུར། འོང་གྱིན་ཡོད་པའི་ཉིན་མོ་དེས་དེ་དག་སྲེག་པར་བྱ་བ་དང་། དེ་དག་གི་རྩ་བ་དང་། ཡལ་ག་གང་ཡང་ལུས་སུ་མི་གཞུག་གོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་། ༢ འོན་ཀྱང་ངའི་མཚན་ལ་བག་བྱེད་པ་ཁྱོད་ཀྱི་དོན་དུ། དྲང་བ་ཉིད་ཀྱི་ཉི་མ་ཤར་ཏེ། དེའི་འདབ་ཤོག་གི་ནང་ན་གསོ་ཐབས་ཡོད་པ་འགྱུར། ཡང་ཁྱོད་ཕྱི་རོལ་དུ་ཐོན་ཏེ། བ་རའི་བེའུ་རྣམས་དང་འདྲ་བ་དཀྱུ་བ་འགྱུར། ༣ ཁྱོད་ཀྱིས་ཆོས་མེད་པའི་མི་རྡོག་རྫིས་སུ་གཏང་། དེ་ཅིའི་ཕྱིར་ཞེ་ན། ངས་བཤམས་པའི་ཉིན་མོ་དེར་དེ་དག་ཁྱོད་ཀྱི་རྐང་མཐིལ་གྱི་འོག་ཏུ་གོག་ཐལ་དུ་འགྱུར་བ་འགྱུར། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་༎༤ ངས་ཨིས་ར་ཨེལ་པ་ཐམས་ཅད་ཀྱི་དོན་དུ་ཧོ་རེབ་ཏུ་གནང་བའི་སྤྱད་མཚམས་དང་། བཀའ་ཁྲིམས་རྣམས། ཞེས་ན་ངའི་བྲན་པོ་མོ་ཤེ་ལ་བསྒོ་བའི་བཀའ་དེ་ཡིད་ལ་འཆང་ཞིག