༡༤
ཀྱེ་ཨིས་ར་ཨེལ། ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་ཕྱོགས་སུ་སྒྱུར་ཞིག དེ་ཅིའི་ཕྱིར་ཞེ་ན། ཁྱོད་རང་གི་མི་ཚངས་པའི་རྐྱེན་གྱིས་ཁྱོད་གྱེལ།  ཞུ་བ་དང་བཅས་སུ་ཡ་ཧོ་ཝཱའི་ཕྱོགས་སུ་སྒྱུར་ཞིག ཁོང་ལ་འདི་སྐད་དུ། མི་ཚངས་པ་ཐམས་ཅད་མེད་པར་མཛད་དེ། ཐུགས་རྗེས་ངེད་ཐུགས་སུ་འབྱོན་པར་མཛོད། དེ་ནས་གླང་ཐུག་ལྟར་ངེད་ཀྱིས་ཁ་ལྤགས་ཀྱི་མཆོད་པ་འབུལ་བར་བྱའོ།  ཨ་སུར་གྱིས་ངེད་མི་བསྒྲལ། རྟ་ལ་ངེད་མི་ཞོན། རང་གི་ལག་པའི་ལས་ལ་ནམ་དུའང་། ཁྱོད་རྣམས་ངེད་ཀྱི་དཀོན་མཆོག་ཡིན་སྨྲ་བར་མི་འགྱུར། ཅི་ལ་ཟེར་ན། ཁྱེད་ཀྱི་ནང་ན་དྭ་ཕྲུག་ལ་བརྩེ་གདུང་རྙེད་དོ། ཞེས་ཞུས་ཤིག
 ངས་དེ་དག་གི་ངོ་ལོག་གི་ནད་གསོས་ཏེ། སེམས་དགའ་བཞིན་བྱམས་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ངའི་ཁོང་ཁྲོ་དེ་ལས་འཐེན་པ་ཡེན།  ང་ནི་ཨིས་ར་ཨེལ་ལ་ཟིལ་པ་བཞིན་དུ་འགྱུར་ཞིང་། དེ་ནི་དྲེས་མ་ལྟར་འབར་ཏེ། ལི་བ་ནོན་ལྟར་རྩ་བ་བརྐྱང་ཞིང་།  དེའི་ཡལ་ག་རྒྱས་ཏེ། ཁ་སྐྱུར་པོའི་ཤིང་ལྟར་མཛེས་ལ། ལི་བ་ནོན་འདྲར་དྲི་བསུང་དང་ལྡན་པར་འགྱུར།  དེའི་བསིལ་གྲིབ་ན་གནས་པ་རྣམས་ཐར་ཏེ། འབྲུ་ལྟར་ཆགས་ཏེ། རྒུན་ཤིང་ལྟར་འབར་ནས། དེའི་དྲི་བསུང་ནི་ལི་བ་ནོན་གྱི་རྒུན་ཆང་ལྟར་ཡོད་པར་འགྱུར་རོ།  ཨེབ་ར་ཨིམ། ད་ངས་སྐུ་འདྲ་རྣམས་དང་ཅི་བྱ། ངས་གསན་ཏེ་གཟིགས་པར་བྱ། ང་ནི་སོམ་ཤིང་སྔོན་པོ་དང་འདྲ་སྟེ། ངའི་རྐྱེན་གྱིས་ཁྱོད་ལ་ཤིང་ཐོག་ཆགས་སོ༎
 བྱ་བ་འདི་དག་རྟོགས་པའི་མི་མཁས་པ་སུ་ཡོད། འདི་དག་ངོ་འཕྲོད་པའི་མི་མཛངས་པ་སུ་ཡོད། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱའི་གཤེགས་ལམ་རྣམས་དྲང་པོ་ལགས་ཏེ། མི་དྲང་པོ་རྣམས་དེའི་ནང་དུ་འགྲུལ་བར་བྱའི། སྡིག་སྤྱོད་རྣམས་དེར་ལྟུང་བར་འགྱུར་རོ༎ ༎