༥
ཀྱེ་ཡཱ་ཝཱེ་ངེད་ཐོག་ཅི་འབྱུང་དྲོན། ལྟ་ཞིང་ངེད་ཀྱི་གཏམ་ངན་ལ་གཟིགས།༢ ངེད་ཀྱི་ནོར་སྐལ་ལ་འཁྱམ་པོས་དབང་། ངེད་ཁྱིམ་རྣམས་རྒྱལ་ཁམས་པས་བདག
༣ ངེད་རྣམས་དྭ་ཕྲུག་དང་ཕ་མེད་སྟེ། ངེད་ཀྱི་མ་མོ་རང་མོར་གྱུར་ཡོད།
༤ ངེད་ཅག་གིས་ཆུའང་རིན་བཅལ་ཏེ་བཏུངས། ངེད་ཀྱི་ཤིང་ཡང་ངེད་རྣམས་ལ་བཙོང་།
༥ བདའ་མཁན་རྣམས་ངེད་ཀྱི་མཇིང་པར་ཞོན། ངེད་ལ་ལས་ལྕི་བས་ངལ་གསོ་མེད།
༦ ཁ་ཟས་ཀྱིས་འགྲང་ཕྱིར་མི་སེར་དང་། ཨ་སུར་བར་ངེད་ཀྱིས་ལག་པ་བཏང་།
༧ ཕ་མེས་པོས་སྡིག་པ་བྱས་ནས་འདས། དེ་དག་གི་ཉེས་ཆད་ངེད་ཚོས་ཐོགས།
༨ བྲན་པོ་ཚོས་ངེད་རྣམས་ལ་སྲིད་བྱས། དེ་དག་ལག་ལ་སྐྱོབ་མཁན་སུའང་མེད།
༩ འབྲོག་སྟོང་གི་རལ་གྲིས་རྐྱེན་བྱས་ཏེ། ངེད་སྲོག་དང་སྡོ་ཞིང་རང་ཟས་རྙེད།
༡༠ མུ་གེའི་མེ་འབར་བའི་དབང་གིས་ནི། ངེད་ཀྱི་པགས་པ་ཐབ་འདྲ་བར་ནག
༡༡ ཙི་ཨོན་ནང་བུད་མེད་དང་ཡུ་དཱའི། གྲོང་རྣམས་ནང་ན་ཆུང་ལ་དབང་བྱས།
༡༢ དེ་དག་གིས་སྐུ་དྲག་འཕྱར་དུ་བཏང་། རྒན་རབས་རྣམས་ཀྱི་ངོ་ལའང་མ་བལྟས།
༡༣ གཞོན་ནུ་དག་ལ་རང་འཐག་སྐོར་བཅུག ཕྲུ་གུ་རྣམས་ཤིང་ཁལ་འོག་ན་འབུབས།
༡༤ རྒན་སུམ་ཚུགས་སར་འཛོམ་པ་མ་ལུས། གཞོན་ནུར་རང་གི་རྩེད་འཇོ་མ་ལུས།
༡༥ ངེད་ཀྱི་སྙིང་དགའ་མགུ་བ་དང་བྲལ། ངེད་ཀྱི་གར་མྱ་ངན་དུ་གྱུར་སོང་།
༡༦ ངེད་ཀྱི་མགོ་ལས་ཅོད་པན་ཡང་བུད། ངེད་ཀྱིས་སྡིག་པ་བྱས་པ་ཧའེ་ངེད།
༡༧ དེའི་ཕྱིར་ངེད་ཅག་གི་སྙིང་ནི་བརྒྱལ། འདིའི་རྐྱེན་གྱིས་ངེད་ཀྱི་མིག་ཀྱང་གྲིབ།
༡༨ རི་ཙི་ཨོན་སྟོངས་པར་གྱུར་ཕྱིར་རོ། དེའི་སྟེང་དུ་ཝ་མོ་རྣམས་འཁོར་རོ༎
༡༩ ཀྱེ་ཡ་ཧོ་ཝཱ་ཁྱེད་གཏན་དུ་གནས། ཁྱེད་ཁྲིའང་མི་རབས་ནས་མི་རབས་གནས།
༢༠ ཁྱེད་ཀྱིས་ངེད་རྟག་ཏུ་ཅི་ལ་རྗེད། ངེད་འདི་ཙམ་ཡུན་རིང་ཅི་ལ་སྐྱུར།
༢༡ ཀྱེ་ཡ་ཧོ་ཝཱ་ངེད་ཁྱེད་ཕྱོགས་སུ། སྒྱུར་བར་མཛོད་དང་ངེད་འགྱུར་བར་འགྱུར།
༢༢ ངེད་ཀྱི་དུས་ཁྱེད་ཀྱིས་སྔར་ལུགས་མཛོད། འོན་ཀྱང་ཁྱེད་ཀྱིས་ངེད་ཡོངས་སུ་བསྐྱུར། ཁྱེད་ངེད་རྣམས་ལ་རབ་ཏུ་ཐུགས་ཁྲོའོ༎ ༎