ཡ་ཧོ་ཝཱའི་ཐུགས་ཁྲོའི་སྤྲིན་གྱིས་བུ་མོ་ཙི་ཨོན་བཏུམ་པས། ཨིས་ར་ཨེལ་གྱི་དཔལ་ནི་གནམ་ནས་སའི་ཐོག་ཏུ་དབྱུགས་ཏེ། ཐུགས་ཁྲོའི་ཉིན་མོར་ཉིད་ཀྱི་ཞབས་སྟེགས་ཐུགས་སུ་མ་དྲན་ནོ༎
 ཡ་ཧོ་ཝཱས་ཡ་ཀོབ་ཀྱི་གནས་ཀུན་བཤིག་སྟེ་སྙིང་མ་བརྗེས། ཉིད་ཀྱི་ཁྲོའི་ངང་ནས་ཡ་ཧུ་དཱའི་བུ་མོའི་རྫོང་རྣམས་བརློགས། དེ་ཐལ་བར་བཟློགས་ཏེ་དེའི་སྲིད་དང་སྐུ་དྲག་བརླགས་པར་མཛད།
 ཐུགས་ཁྲོ་ཆེན་པོའི་ནང་ནས་ཨིས་ར་ཨེལ་གྱི་རྭ་ཀུན་བཅད། ཕ་རོལ་པའི་ཐད་ལས་ཉིད་ཀྱི་ཕྱག་གཡས་པ་ཚུར་འཐེན་ཏེ། ཕྱོགས་བཞི་ཟ་བའི་མེ་ལྕེ་ལྟར་ཡ་ཀོབ་ཐོག་ཁོང་འབར་བྱུང་།
 དགྲ་ལྟར་གཞུ་བསྐྱིལ་ཏེ་དགྲ་བཞིན་ཕྱག་གཡས་གདེང་ནས་བཞེངས་ཏེ། ཙི་ཨོན་གྱི་བུ་མོའི་གུར་ནང་གི་མིག་ཏུ་མཛེས་པ་ཀུན། བཀུམ་ནས་ཁོང་ཉིད་ཐུགས་ཁྲོ་མེ་དང་མཚུངས་པར་བསྲེས་ནས་གནང་།
 ཡ་ཧོ་ཝཱ་དགྲ་ལྟར་གྱུར་ཏེ་ཨིས་ར་ཨེལ་ཁྱུར་མིད་མཛད། ཁོང་གིས་ཁབ་ཐམས་ཅད་ཁྱུར་གྱིས་མིད་ཅིང་དེའི་རྫོང་རྣམས་བཤིག ཡ་ཧུ་དཱའི་བུ་མོར་ཆོ་ངེས་དང་སྨྲེ་སྔགས་སྤེལ་བར་མཛད།
 དེའི་གུར་ཚལ་གྱི་ཚེ་ལེ་ལྟར་བཅོམས་ཁོའི་ཚོགས་ཁང་བཤིག་གོ། ཡ་ཧོ་ཝཱས་ཙི་ཨོན་ནང་དུས་ཆེན་དང་ཤབ་བཱད་གཡེལ་བཅུག ཡང་ཁོང་ཐུགས་ཁྲོའི་ངར་ནང་རྒྱལ་པོ་དང་དགེ་འདུན་རྣམས་བསྐྲད།
 ཡ་ཧོ་ཝཱས་ཉིད་ཀྱི་མཆོད་ཁྲི་དོར་ཏེ་གཙང་ཁང་ལ་ཐུགས་ལོག མོའི་ཕོ་བྲང་གི་ལྕགས་རི་རྣམས་ཕ་རོལ་པའི་ལག་པར་གནང་། དེ་དག་གིས་དུས་ཆེན་ཉིན་འདྲར་ཡ་ཧོ་ཝཱའི་ཁྱིམ་ནང་ཀུ་ཐེགས།
 ཡ་ཧོ་ཝཱས་ཙི་ཨོན་གྱི་བུ་མོའི་ལྕགས་རི་རློག་ཏུ་དམིགས། ཁོང་གིས་ཐིག་སྐུད་བརྐྱངས་ཏེ་འཇོམས་པ་ལས་ཕྱག་མ་འཐེན་པར། དེའི་ལྕགས་རི་དང་རྩིག་པ་སྐྱོ་རུ་བཅུག་པས་ལྷན་ཅིག་ཉམས།
 མོའི་རྒྱ་སྒོ་སར་ནུབ་སྟེ་སྒོ་གཏན་བཤིག་ནས་བཅག་པར་མཛད། མོའི་རྒྱལ་བློན་རྣམས་བཀའ་ཁྲིམས་མེད་པའི་ཕྱི་པའི་ཁྲོད་དུ་གནས། འོ་ན་མོའི་ལུང་སྟོན་པར་ཡ་ཧོ་ཝཱའི་ཞལ་གཟིགས་མི་བྱུང་།
༡༠ ཙི་ཨོན་གྱི་བུ་མོའི་རྒན་པོ་རྣམས་ཐལ་ཁྲོད་ཁ་རོག་སྡོད། དེ་ཚོས་རང་མགོར་ས་གཡོགས། རྩྭ་ཕད་གོན་ཏེ་སྐ་རགས་དཀྲིས། ཡེ་རུ་ཤ་ལེམ་གྱི་ལང་ཚོ་མ་རྣམས་ཀྱིས་མགོ་སར་འདུད།
༡༡ མཆི་མས་ངའི་མིག་ཤེད་འབུད་ཅིང་ངའི་རྒྱུ་མར་འཁྲུག་སློང་རྒྱབ། བུ་ཆུང་དང་འོ་འཐུང་རྣམས་རྒྱལ་སའི་སྲང་ནང་འཁམས་པའི་རྐྱེན། ངའི་མི་སྡེའི་བུ་མོ་བཞིག་པས་ངའི་སྙིང་གས་ནས་འགྲོའོ༎
༡༢ དེ་དག་རྒྱལ་སའི་སྲང་དཀྱིལ་སྣད་པོ་ལྟར་བརྒྱལ་ནས་ཡོད་དུས། ཡང་དེ་དག་གིས་རང་གི་མའི་པང་ནང་རང་སྲོག་སྦྱིན་དུས། རང་གི་མ་ལ་འབྲུ་དང་རྒུན་ཆང་ག་ན་ཡོད་ཅེས་ཟེར།
༡༣ ཀྱེ་ཡེ་རུ་ཤ་ལེམ་གྱི་བུ་མོ་ང་ཡིས་ཁྱོད་ཀྱི། དཔང་པོར་སུ་འཁྱེར་འོང་ཁྱོད་ཀྱི་འདྲ་དཔེར་ཅི་བླང་བར་བྱ། ཀྱེ་ཙི་ཨོན་གྱི་བུ་མོ་དར་ལ་བབ་པ་ཁྱོད་རང་ནི། ཁོ་བོས་ཁྱོད་སེམས་གསོ་རུ་ཁྱོད་ཅི་དང་སྡུར་བར་བྱ། ཅི་ལ་ཁྱོད་ཀྱི་རྨ་ཁ་རྒྱ་མཚོ་འདྲ་བས་སུས་གསོ་ནུས།
༡༤ ཁྱོད་ཀྱི་ལུང་སྟོན་པས་ཁྱོད་དོན་ཀུན་རྫོབ་དང་རྨོངས་པ་རྨིས། ཁྱོད་བཙོན་དུ་ཡལ་བའི་ཕྱིར་ཁྱོད་ཀྱི་སྤྱོད་ངན་མ་བསྟན་པར། ཁྱོད་བསྐྲད་པར་འགྱུར་འཇུག་ཏུ་རྫུན་གྱི་ཞལ་གཟིགས་མཐོང་བ་ཡིན།
༡༥ འགྲུལ་མི་ཀུན་གྱིས་ཁྱོད་ལ་ལག་བརྡབ་བྱེད་ཅིང་ཙོག་ཙོག་ཟེར། ཡེ་རུ་ཤ་ལེམ་བུ་མོ་ལ་མགོའང་དབྱུག་ཅིང་གྲོང་ཁྱེར་འདི། ས་ཡོངས་ཀྱི་བདེ་སྐྱིད་ཀྱི་ཀུན་མཛེས་དེ་ཡིན་ནམ་ཞེས་ཟེར།
༡༦ ཁྱོད་ཀྱི་དགྲ་ཀུན་གྱིས་ཁྱོད་ལ་ཁ་གདང་སྟེ་ཨ་ཙི་ཟེར། སོའང་གཙིག་སྟེ་ངེད་ཀྱིས་དེ་ལ་ཁྱུར་མིད་བྱས་ཟིན་ཏོ་ཟེར། ངེད་བསྒུགས་པའི་ཞག་འདི་རང་སྟེ་ད་ངེད་ལ་བརྙེད་ནས་མཐོང་།
༡༧ ཡ་ཧོ་ཝཱས་དམིགས་པ་བཞིན་བསྒྲུབས་ཏེ་སྔོན་དུས་བསྒོ་བ་བཞིན། མཐར་བསྐྱེལ་ཏེ་བརློགས་པར་མཛད་དེ་ཁོང་གིས་སྙིང་རྗེ་མ་མཛད། ཁྱོད་ཐོག་དགྲ་དགའ་རུ་བཅུག་ཁྱོད་ཀྱི་དགྲ་རྣམས་ཀྱི་རྭ་བཏེགས།
༡༨ དེ་ཚོའི་སྙིང་གིས་ཡ་ཧོ་ཝཱར་བོས་ཙི་ཨོན་བུ་མོའི་ལྕགས་རི། ཉིན་མཚན་མེད་པར་གཙང་པོ་ལྟར་མཆི་མའི་རྒྱུན་མ་ཆོད་ཅིག ཁྱོད་རང་མ་དལ་བར་མིག་གི་འབྲས་བུའང་མ་སུན་མཚན་མོར།
༡༩ མེལ་ཚེའི་ཐུན་སྟོད་ལོངས་ངུས་ཡ་ཧོ་ཝཱའི་དྲུང་ཆུ་ལྟར་སྙིང་བླུག རྒྱུ་སྲང་ཐམས་ཅད་ཀྱི་མགོར་ལྟོགས་རིའི་རྐྱེན་གྱིས་ཉམས་ཐག་པའི། ཁྱོད་ཀྱི་བུ་ཆུང་དག་གི་སྲོག་ཕྱིར་ཁོང་ཕྱོགས་ལག་པ་རྐྱོང་།
༢༠ ཀྱེ་ཡ་ཧོ་ཝཱ་གཟིགས་ཤིག་འདི་སུ་ལ་མཛད་པ་ཡིན་དགོངས་ཤིག བུད་མེད་ཀྱིས་པང་གི་ལུས་འབྲས་ཀྱི་བུ་རྣམས་ཟའམ་གཙོ་བོའི། གཙང་ཁང་ནང་བླ་མ་དང་ལུང་སྟོན་པའི་སྲོག་གཅོད་པར་བྱའམ།
༢༡ ལམ་སྲང་རྣམས་ཀྱི་སའི་ཁར་རྒན་གཞོན་གཉིས་པོ་འགྱེལ་ནས་འདུག ངའི་ན་ཆུང་རྣམས་དང་དར་མ་རྣམས་རལ་གྲིས་ས་ལ་བརྡབས། ཁྱོད་ཁྲོས་ཞག་དེ་དག་བསད་དེ་བཀུམ་ནས་སྙིང་རྗེ་མ་མཛད།
༢༢ ཆོས་སྟོན་ལྟར་ངའི་ཀྱིར་འཁོར་དུ་འཇིགས་སྐྲག་རྣམས་བཀུག་མཛད་པས། ངའི་པང་ནང་བསླུས་ནས་བསྐྱངས་པ་རྣམས་ངའི་དགྲས་ཚར་བཅད་དེ། ཡ་ཧོ་ཝཱའི་ཐུགས་ཁྲོའི་ཞག་སུའང་མ་ཐར་གང་ཡང་མ་ལུས་སོ༎