༣༡
རང་གི་མ་ལས་བསླབས་པའི་རྒྱལ་པོ་ལེ་མུ་ཨེལ་གྱིས་ལུང་དུ་བསྟན་པའི་བཀའ་མཆིད་ནི།༢ ངའི་བུ། ངའི་མངལ་གྱི་བུ་ལ་ཅི་ཟེར། ངའི་དམ་བཅའི་བུ་ལ་ཅི་ཞིག་ཟེར།
༣ རང་གི་སྟོབས་བུད་མེད་ལ་མ་སྟེར། རྒྱལ་པོ་འཇིག་མཁན་ཕྱོགས་སུ་རང་གི་ལམ་མ་བྱེད།
༤ ལེ་མུ་ཨེལ་ལགས། རྒྱལ་པོ་ལ་རྒུན་ཆང་འཐུང་བ་མི་མཛེས། རྒྱལ་སྲས་ལ་ཆང་གར་བའང་མི་འཕྲོད། ༥ ངེས་མེད་དུ་འཐུང་ན། བཀའ་ཁྲིམས་དེ་བརྗེད་ནས། མི་སྡུག་བསྔལ་ཅན་གྱི་ཞལ་ཆེ་ལོག་པར་དུ་གཅོད་ལས་ཆེ་བས།
༦ ཆང་གར་བ་འཆི་ཁར་ཡོད་པ་དང་། རྒུན་ཆང་ནི་སྙིང་བརྡུགས་པ་རྣམས་ལ་སྟེར་བས་ན། ༧ དེ་ཚོས་འཐུངས་ནས། རང་གི་དབུལ་ལུགས་བརྗེད་ཅིང་། དེ་ནས་རང་གི་ཉོན་མོངས་དྲན་པར་མི་འགྱུར།
༨ ལྐུགས་པའི་དོན་དུ་རང་གི་ཁ་ཕྱེས་ཤིག གྲོགས་མེད་ཀུན་གྱི་རྒྱུ་རྐྱེན་ཕྱིར་དུ་འཁྲབ་པར་བྱོས། ༩ རང་གི་ཁ་ཕྱེས་ཏེ། ཞལ་ཆེ་དྲང་པོར་ཆོད། དབུལ་པོ་དང་སྡུག་པོའི་རྒྱུ་རྐྱེན་ཕྱིར་དུ་ཁྲོབ་ཅིག
༡༠ བུད་མེད་བཟང་པོ་མནའ་མར་སུ་ལ་རྙེད། པད་མ་ར་ག་བས་ཀྱང་མོ་དེ་རིན་ཐང་རབ་ཏུ་ཆེ།
༡༡ མོ་ལ་ཁྱོ་བོས་སྙིང་གཏོད་པས། མི་དེ་ཁེ་སྤོགས་ཀྱིས་འཕོངས་པར་མི་འགྱུར།
༡༢ མོས་མ་འཆི་བའི་བར་དུ་དེ་ལ་བཟང་མ་གཏོགས་པར། ངན་པ་ཅིའང་བྱེད་མི་འགྱུར།
༡༣ མོས་བལ་དང་ལེ་ན་བཙལ་ཏེ། སེམས་དགའ་ཞིང་ལག་པས་ལས་བྱེད།
༡༤ ཚོང་པའི་གྲུ་དང་མོ་དེ་མཚུངས་ཏེ། རྒྱང་རིང་པོ་ནས་རང་གི་འཚོ་རྒྱགས་འདྲེན།
༡༥ གནམ་མ་ལངས་པའི་གོང་དུ་ལངས་ཏེ། ནང་ཚང་ལ་ཁ་ཟས་སྟེར། གཡོག་མོ་རྣམས་ལ་ལས་སྐོ་གཏོང་།
༡༦ མོས་ཞིང་ཞིག་ཕྱིར་བསམ་པ་བསྐོར་ནས་ཉོ། རང་གི་ལག་པའི་འབྲས་བུ་ལས་རྒུན་ཚལ་ཞིག་ཀྱང་འཛུགས།
༡༧ རང་གི་སྐ་རག་དམ་དུ་དཀྲི་ཞིང་། རང་ལ་དཔུང་ཤེད་འཇུག
༡༨ མོའི་ཚོང་ཟོང་རྣམས་ཕན་ཅན་ཡིན་པར་རིག མཚན་མོར་མོའི་མར་མེ་ཡང་མི་འཆི།
༡༩ བལ་ལ་ལག་རེག་ཅིང་། ལག་པས་ཕང་ལ་འཐམ།
༢༠ དབུལ་པོའི་ཕྱོགས་སུ་ལག་པ་ནར་གྱི་རྐྱོང་། དགོས་འགྱག་ཅན་གྱི་དྲུང་དུ་མོའི་ལག་པ་སྙོབ།
༢༡ མོའི་ནང་མི་ཀུན་ལ་ཕྲུག་མ་མཚལ་ཁ་གོན་རྒྱུ་ཡོད་པས། ཁ་ངད་ལའང་མི་འཇིགས།
༢༢ མོས་ཚེམ་འདྲུབ་ཀྱི་གཟན་བྱེད། གོས་སུ་གོས་ཆེན་དང་རྒྱ་སྨུག་ཡོད།
༢༣ ཡུལ་གྱི་རྒན་རབས་དག་གི་ཁྲོད་དུ་དེའི་ཁྱོ་བོ་སྡོད་དུས་སུ། ཚུགས་སར་སྙན་གྲགས་ཆེ།
༢༤ མོས་སོ་མ་ར་ཙ་སྲབ་མོ་བྱེད་ཅིང་འཚོང་། ཚོང་པའི་ལག་པར་སྐ་རགས་རྫོང་སྲོང་བྱེད།
༢༥ སྟོབས་དང་བཀུར་སྟི་ནི་མོའི་གོས་ཡིན། ཕྱི་མཇུག་དོན་དུ་མོ་ནི་བཞད།
༢༦ རང་གི་ཁ་འབྱེད་ཅིང་། ཤེས་རབ་ཀྱི་གཏམ་གླེང་། མོའི་ལྕེ་རྩེར་སྙིང་རྗེའི་བཀའ་བཞུགས།
༢༧ རང་གི་ནང་ཚང་གི་སྤྱོད་པ་ལ་ཞིབ་ཏུ་ལྟ་ཞིང་། ལེ་ལོའི་ཟན་མི་ཟ།
༢༨ མིའི་བུ་རྣམས་ལངས་ནས་མ་ལ་ཤིས་པ་བརྗོད། ཁྱོ་བོས་ཀྱང་བསྟོད།
༢༩ བུ་མོ་དུ་མས་བཙུན་པར་སྤྱད་མོད་ཀྱང་། ཁྱེད་ནི་དེ་ཀུན་ལས་ཁྱད་པར་འཕགས།
༣༠ མཚར་སྡུག་ནི་སླུ་རྒྱུ་ཡིན། བྱད་ལེགས་ཀྱི་ནང་ན་སྙིང་པོ་མེད། འོན་ཀྱང་ཡ་ཧོ་ཝཱ་ལ་བག་བྱེད་པའི་བུད་མེད་ལ་སྟོད་སྒྲ་འཁྱིལ་བར་འགྱུར།
༣༡ མོའི་ལག་པའི་འབྲས་བུ་དེ་མོ་རང་ལའང་སྟེར་ཞིག རྒྱ་སྒོའི་སར་མོའི་ལས་ཀྱིས་དེ་རང་ལ་སྟོད་དུ་ཆུག་ཅིག། ༎