༡༣
བུ་མཁས་པས་ཕའི་ཞལ་གདམས་ལ་ཉན་ཡང་། ཐོ་འཚམ་པ་པོས་བཀའ་བཀྱོན་ལའང་མི་ཉན།
 མིས་རང་གི་ཁའི་འབྲས་བུ་ལས་བཟང་པོ་ཟའི། སེམས་ལོག་པར་ཅན་གྱིས་དྲག་པོའི་བྱ་བ་ཟ་བར་འགྱུར།
 རང་གི་ཁ་བསྲུང་མཁན་གྱིས་རང་གི་སྲོག་སྲུང་ཡང་། ཁ་ལྤགས་ཧར་གདང་མཁན་འཕུང་བར་འགྱུར།
 ལས་མི་ལམ་པས་ཧམ་ཡང་ཅིའང་མི་རྙེད། ལས་གདུང་ཅན་གྱི་སྙིང་རྒྱགས་པར་འགྱུར།
 མི་ཆོས་དྲང་པོས་རྫུན་ལ་སྡང་ཡང་། མི་སྡིག་སྤྱོད་སྐྱུག་བྲོ་བོ་ཡིན་པས་སྐྱེངས་པར་འགྱུར།
 ལམ་དྲང་པོའི་ནང་ཡོད་པ་རྣམས་དྲང་བ་ཉིད་ཀྱིས་སྲུང་ཡང་། ཉེས་པས་ནི་སྡིག་ཅན་ལྟུང་དུ་འཇུག
 གཅིག་གིས་ཅི་ཡང་མེད་ཀྱང་ཕྱུག་པོ་ཡིན་ཁུངས་སྟོན། གཅིག་ནི་རབ་ཏུ་ཕྱུག་ཀྱང་ནོར་མེད་ཡིན་ཁུངས་སྟོན།
 མིའི་སྲོག་གི་བླུ་རིན་ནི་དེའི་ནོར་རྫས་ཡིན་གྱིས། མི་དབུལ་པོས་ནི་སྡམ་པའི་ཚིག་མི་ཐོས།
 ཆོས་དྲང་པོའི་འོད་དགའ་མགུ་རང་ཡང་། སྡིག་སྤྱོད་ཀྱི་སྒྲོན་མེ་དེ་གསོད་པར་འགྱུར།
༡༠ འཛིང་ཁྲབ་ནི་ང་རྒྱལ་འབའ་ཡིས་ལང་ཡང་། མན་ངག་འཆང་བ་རྣམས་དང་བཅས་སུ་ཤེས་རབ་མཆིས།
༡༡ གཟིག་པོ་ལ་ཐོབ་པའི་ནོར་དེ་ཟད་པར་འགྱུར། འབད་ཅིང་སྡུ་བའི་ནོར་འཕེལ་བར་འགྱུར།
༡༢ རེ་བ་མང་དུ་འགྱངས་ན་སེམས་ལ་གཟན་གྱིས། བསམ་དོན་འགྲུབ་པ་སྲོག་གི་ལྗོན་ཤིང་ལགས།
༡༣ བཀའ་མཆིད་ཁྱད་དུ་སོད་པ་མེད་པར་འགྱུར། བཀའ་རྒྱར་འཇིགས་པར་བྱ་དགའ་རྙེད་པར་འགྱུར།
༡༤ འཆི་བའི་རྙི་ལས་ཐར་བའི་དོན་དུ། མི་མཁས་པའི་ཚུལ་ཁྲིམས་དེ་ནི་སྲོག་གི་ཆུ་མིག་སྟེ།
༡༥ བློ་མྱུར་བས་བཀའ་དྲིན་སྟེར་རུང་། ལོག་པར་ཅན་གྱི་ལམ་ནི་རྩུབ་པོ་སྟེ།
༡༦ མཛངས་པ་ཀུན་གྱིས་མཁས་པར་སྤྱོད། བླུན་པོས་རང་གི་བློ་རྨོངས་རྒྱས་འཇུག་གོ།
༡༧ མི་སྲུལ་ངན་པ་ཉོན་མོངས་ཀྱི་ནང་དུ་ལྟུང་། འོན་ཀྱང་ཕོ་ཉ་དྲང་པོས་ནད་མེད་བྱེད།
༡༨ ཞལ་གདམས་མི་བླང་བ་རྣམས་ཀྱི་ཆེད་དུ་དབུལ་བ་དང་ངོ་ཚ་འབྱུང་ཡང་། འཇུན་ཚིག་ལ་ཉན་པ་ལ་བཀུར་སྟི་རྙེད།
༡༩ བསམ་དོན་བསྒྲུབ་ན་སེམས་ལ་མངར། བླུན་པོས་ངན་པ་ལས་འབྲལ་བ་སྐྱུག་བྲོ་བོར་འཛིན།
༢༠ མཁས་པ་དང་འགྲོགས་པ་མཁས་པར་འགྱུར། བླུན་པོ་དང་འགྲོགས་པ་འཕུང་བར་འགྱུར།
༢༡ སྡིག་ཅན་གྱི་རྗེས་སུ་སྡུག་བསྔལ་གྱིས་བདའི། ཆོས་དྲང་པོ་ལ་གསོལ་རས་བཟང་པོ་ཐོབ་པར་འགྱུར།
༢༢ མི་བཟང་པོས་རང་གི་བུ་དང་ཚ་བོའི་དོན་དུ་ནོར་སྐལ་འཇོག་གིས། སྡིག་ཅན་གྱིས་མི་དྲང་པོའི་ཆེད་དུ་ནོར་སོག་གོ།
༢༣ དབུལ་པོས་ཁྲུ་སློག་པའི་ས་ནང་ཁ་ཟས་མང་ཙམ་ཡོད་ཀྱང་། དྲང་པོ་མི་བྱེད་མཁན་རྣམས་འཕུང་བར་འགྱུར།
༢༤ དབྱུག་པ་སྲི་བས་རང་ཕྲུག་ལ་འཁོན་དུ་འཛིན་གྱིས། བུ་ལ་བྱམས་པས་དུས་ནང་འཇུན།
༢༥ ཆོས་དྲང་པོས་ཟ་ཞིང་སེམས་ཚིམ་ཡང་། སྡིག་སྤྱོད་ཀྱི་གྲོད་པ་མི་འགྲང་ངོ་༎